Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 463 of 500
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      རྒྱ་གར་སྐད་དུ། ཤྲི་བྷ་ག་ཝཱན་མ་ཧཱ་ཧེ་རུ་ཀ་བྷི་རུ་མཱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ཆེན་པོ་དེ། འོག་མིན་གྱི་…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      གཤེགས་པ་རབ་ཏུ་རྣམ་པར་སྣང་མཛད་པ་དང་། རབ་ཏུ་མི་འཁྲུགས་པ་དང་། རིན་པོ་ཆེའི་འབྱུང་གནས་དང་། འོད་དཔག་ཏུ་མེད་པ་དང་། གདོན་མི་ཟ་བར་གྲུབ་པ་དང་། རྡོ་རྗེ་རོལ་པ་དང་། ས་རྡོ་རྗེ་མ་དང་། ཆུ་རྡོ་རྗེ་མ་དང་། མེ་རྡོ་རྗེ་མ་དང་། རླུང་རྡོ་རྗེ་མ་དང་། ནམ་མཁའི་རྡོ་རྗེ་མ་དང་། གཞན་ཡང་ཕྱོགས་བཅུའི་ནམ་མཁའི་ཁམས་དང་མཉམ་པའི་དེ་བཞིན་གཤ…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      བ་རབ་ཏུ་དགའ་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་སྦྱང་དཀའ་བ་ཞེས་བྱ་བ་ཞིག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། འཇིག་རྟེན་མཁྱེན་པ། ལྷ་དང་མི་རྣམས་ཀྱི་སྟོན་པར་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མར་གྱུར་པ། ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ཡང་དག་པར་ར…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      གི་བར་དུ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་གྱུར་ཏོ། །དེ་ནས་ཡང་ལས་ངན་གྱི་ཤུགས་མི་བཟད་པ་དེ་བག་ཙམ་བསྲབས་པར་གྱུར་ནས། སྔོན་གྱི་ཁྲོ་ཞིང་གཏུམ་པའི་བག་ཆགས་ཀྱི་རྒྱུ་མཐུན་པས་ཉིང་མཚམས་སྦྱར་ནས་འཇིག་རྟེན་གྱི་བདག་པོ་དབང་ཕྱུག་ཆེན་པོ་ཡབ་ཡུམ་གཉིས་ཀྱི་སྲིད་པ་བླངས་ཏེ་ཡུམ་གྱི་ལྷུམས་ན་ཡང་འཇིགས་པའི་སྒྲ་དྲག་པོ་འབྱིན་པ་ལ་འཐོན…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      ཐོད་ཕྲེང་མ་དང་། གཡང་གཞི་མ་དང་། དེ་དག་ལ་སོགས་པ་འབྱིན་པ། དེའི་བྲན་དང་། ཕོ་ཉའི་ཚོགས་དག་ཀྱང་། ཁྱི་དང་། ཝ་དང་། ཕག་དང་། སྟག་དང་། སེང་གེ་དང་། བྱ་རོག་དང་། འུག་པ་དང་། བྱ་རྒོད་དང་། ཁྲ་མ་དང་། པུ་ཤུད་དང་། བྱི་ལ་དང་། བྱི་བ་དང་། སྲེ་མོ་དང་། རྨིག་བུའི་མགོ་ཅན་གྱི་ཚོགས་ཀྱིས་རབ་ཏུ་བསྐོར་བ། གཞན་ཡང་ལོག་སྲེད་ཅན་གྱི་རིགས…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      ཅད་ཀྱི་ཐུགས་རྩེ་གཅིག་པའི་སྙིང་རྗེ་ཆེན་པོ་དང་། ཡོན་ཏན་གྱི་ཚོགས་དང་ཕྲིན་ལས་ཀྱི་མཛད་པ་ཆེན་པོས་ང་ལ་ཡོངས་སུ་བསྐུལ་ཏེ། སྤྱན་རྣམ་པར་དག་པས་གཟིགས་ཤིང་སེ་གོལ་གྱིས་སྒྲས་མངོན་པར་མཛད་དེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱང་ཆོས་ཀྱི་སྐུ་ཞི་བ་ཆེན་པོའི་ངང་ལས་གཟུགས་ཀྱི་སྐུ་རོལ་པ་ཆེན་པོའི་སྣང་བར་བཞེངས་ནས། འོད་ཟེར…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      བཅུའི་དེ་བཞིན་གཤེགས་པ་ཁྱོད་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་ཚོགས་འདི་དག་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་དུ་མ་གྱུར་ཅིང་། ཁམས་གསུམ་པའི་ས་ལ་སྣང་བར་གྱུར་ནས། ཚུལ་འདི་ལྟ་བུ་དང་མཐུན་པའི་ལོག་སྲེད་ཅན་དག་ལས་རྣམ་པར་མ་དག་པ་འབྱུང་སྟེ། བླ་ན་མེད་པའི་ས་ཐོབ་པར་འདོད་པ་དག་ལ་ཡང་རབ་ཏུ་རྣམ་པར་འཚེ་བར་འགྱུར་ན། ཁ…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ས་མ་ཡ་དེ་བྱི་ཤོ་དྷ་ཡ་སྟ་ན་ཧཱུཾ་ཕཊ། ཧཱུཾ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །སངས་རྒྱས་ཐམས་ཅད་བསྡུས་བྱས་ནས། །ཁམས་གསུམ་འཁྲུགས་པའི་བདུད་ཆེན་པོ། །ཞི་བར་བསྟན་པས་འདུལ་མ་ཡིན། །ཁྲོ་བོའི་ཚོགས་ཀྱིས་གདུལ་བར་བྱ། །ཁ་…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      རོལ། །མདོར་ན་འདོད་ཁམས་དབང་ཕྱུག་གིས། །དྲེགས་པ་ཁྱོ་ཤུག་གཡོག་འཁོར་བཅས། །མ་ལུས་བསྒྲལ་ཞིང་ཚར་བཅད་དེ། །ཁ་ཅིག་འཁོར་དང་ཕོ་ཉར་མངག །ལ་ལ་གནས་དང་གདན་དུ་བྱས། །མ་འོངས་དུས་ན་སྐྱེས་བུ་དག །དུས་གསུམ་སངས་རྒྱས་ཀུན་ངོ་བོ། །སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག །ཀུན་ཏུ་བཟང་པོ་ཀུན་གྱི་བདག །ཧེ་རུ་ཀ་ཡི་ཚུལ་འཆང་བ། །བརྟུལ་ཞུགས་བཟང་པོ་…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      ང་ཉིད་འགྲུབ། །བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། ཕྱི་མ་མངོན་པར་འབྱུང་བ་དམ་ཚིག་གི་ཕྱག་རྒྱའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཀུན་བཟང་ཧེ་རུ་ཀས། །ཉིད་ཀྱི་དཀྱིལ་འཁོར་མངོན་སྤྲུལ་པ། །ཆོས་ཀུན་གུད་ན་ཡང་མེད་དེ། །ནམ་མཁའ་ཡངས་པའི་དབྱིངས་ཉིད་ལས། །མི་རྟོག་རང་བྱུང་ཐུགས་རྗེའི་ཤུགས། །རང་བཞིན་མ་འགགས་ཅིར་ཡང་ག…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      ལས་མ་གཏོགས་དངོས་གཞན་མེད། །རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །ཐོབ་བྱེད་ས་བཅུ་འདི་ལ་གནས། །ཐམས་ཅད་རྫོགས་པས་གནས་ཤེས་བརྗོད། །ཁྱད་པར་དུ་ནི་འདུལ་བའི་ས། །འཕགས་ལམ་དང་ནི་རྣམ་ཐར་བརྒྱད། །དམན་པའི་ཐེག་པ་བརྒྱད་ཉིད་དང་། །ས་བརྒྱད་མ་བཅོས་རྫོགས་པ་ནི། །ཀ་བ་རིན་ཆེན་པདྨ་དང་། །འཁོར་ལོ་དག་གིས་ངེས་པར་བྱས། །བྱོལ་སོང་གཙོ་བོ་ཆེན་པོ་དང…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      ཆགས་མེད་སྐྱོན་དང་བྲལ། །རལ་གྲིས་ཉོན་མོངས་དྲྭ་བ་གཅོད། །དགྲ་སྟྭས་བདུད་ཀྱི་དཔུང་རྣམས་འཇོམས། །ཞགས་པས་ཁམས་གསུམ་རྒྱུད་དྲུག་འདྲེན། །གཡོན་གྱི་དང་པོ་ཐོད་ཁྲག་ནི། །ཐུགས་རྗེས་འགྲོ་དོན་ཁྱབ་པར་མཛད། །ཞིང་དབྱུག་རྡོས་པའི་ཕུང་པོ་འཇོམས། །ཉོན་མོངས་ཐ་བ་རློག་པའི་གཤོལ། །ཉི་མ་དང་ནི་ཟླ་བ་ཡིས། །མ་རིག་མུན་པའི་ཚོགས་རྣམས་སེལ། །ར…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      སྨིན་མཚམས་སྣ་ཕྲག་གློག་སྟོང་འགྱུ། །འབར་བའི་སྤྱན་ནི་དྲུག་ཅུ་གསུམ། །སྡང་མིག་ཞེ་ལ་གདོན་ཅིང་གཟིགས། །ཤངས་ནས་འཐོར་རླུང་སྤོར་ཞིང་འཚུབ། །སྙན་ནས་དྲག་པོའི་འབྲུག་སྟོང་སྒྲོག །རྔམས་པའི་ཞལ་གྱིས་ཁམས་གསུམ་རྔུབ། །གནམ་ལྕགས་མཆེ་བ་ཟངས་ཡག་གཙིགས། །ལེ་བརྒན་ལྗགས་འགྲིལ་གློག་སྟོང་འགྱུ། །བ་སྤུ་ཐུ་ལུམ་མེ་སྟག་འཕྲོ། །རྡོ་རྗེའི་གཤ…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      པདྨ་སརྦ་ཡོ་གི་ཏ་པྲ་ཝེ་ཤ་ཕཊ། མཁའ་ཀློང་པདྨའི་གཞལ་ཡས་སུ། །བདེ་ཆེན་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །རབ་དགེས་མཉམ་པའི་སྦྱིན་པས་བསྡིམ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་པཱུ་ཛ་པྲ་བར་ཏ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་དང་ལྡན་པའི་ཐིག་ལེ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྐྱོད། །ཧཱུཾ་གིས་མཁའ་ལ་ཕབ་བ…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      སྟོབ་ཅིང་སྦྱོར། །ཁྲོ་མོའི་ཚོགས་འདི་ཐམས་ཅད་ཀྱང་། །ཞལ་གཅིག་ཕྱག་གཉིས་གཙོ་བོའི་མདོག །ཡབ་ཡུམ་ཁྲོ་ཚོགས་རྣམས་ཀྱི་སྐུ། །གཙོ་བོ་དང་མཐུན་ཆས་ཀྱིས་བརྒྱན། །རང་གི་ཕྱོགས་ནས་མཉམ་པར་བཞུགས། །གནས་མཆོག་དེ་ཡི་ཕྱི་རིམ་ལ། །ཕྱོགས་བཅུའི་དྲེགས་པ་འདུལ་བྱེད་པ། །ཞལ་གཅིག་ཕྱག་གཉིས་ལྡན་པ་བཅུ། །མདོག་དཀར་འཁོར་ལོ་ཏྲི་ཤཱུལ་འཛིན། །མེ་ད…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      གརྫ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་ཀྲོ་ཏ་བེ་སྣ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨཱོཾ་པྲཛྙཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨཱོཾ་ཡ་མཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨཱོཾ་བིགྷནཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲྀཏ་ཧཱུཾ་ཕཊ། རུ་རུ་ཤྲི་ཏ་མ་རུ་སོད། སྲོག་ཐུན་མུག་སོད། མ་རག་དུ་རྦད་ཡ་སོད། ཁ་རུ་ག་ཤ་ཤ་མ་སོད། སྲོག་ཐུན་ནྲི་རྦད་སོད། ནྲྀ་ཡ་ནྲྀ་ཡ་ཙ་ཐུན་སོད། ཤ་རྒྱུད་སྙིང་ཕྱུང་…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      འགྱུར་རམ་ཅི། །འཇིག་རྟེན་ལོག་རྟོག་ཅན་རྣམས་ལ། །གསང་ཞིང་སྤྱད་པ་ཇི་ལྟ་བུ། །ཐབས་དང་ཡོན་ཏན་གྲུབ་པའི་ཚད། །མཁྱེན་པའི་ཐུགས་རྗེ་དཔག་མེད་པས། །མྱུར་དུ་སྟོན་ཅིག་ཆེ་བའི་མཆོག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཀུན་ཏུ་བཟང་པོ་ཧེ་རུ་ཀས། །མ་ལུས་བཤད་ཅིང་བཀྲོལ་བའི་དུས། །སྟོང་གསུམ་འཇིག་རྟེན་ཁམས་འདི་ན། །ཚངས་དང་དྲང་སྲོང་གཙང་མ་ཟ།…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      ཨ་ན་ས་ལ་སོགས་པ། ས་ལ་གཙང་སྦྲར་སྤྱོད་པའི་སྒོ་ནས། བཅུད་ལེན་ཅིང་དཀའ་ཐུབ་དང་ཚངས་པར་སྤྱོད་པས་འཚོ་བར་བྱེད་པ་རྣམས་འཁོར་གྱི་དཀྱིལ་དུ་བསྡུས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་སའི་སྙིང་པོ་ལ་སོགས་པ་རྣམས་ནི་ཀུན་ཏུ་བཟང་པོ་ཧེ་རུ་ཀ་བལྟ་བར་མི་བཟོད་པ་རྣམས་ཀྱི་སྟོན་པར་བཞུགས་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      འགྲོ་མཉེས། །ཐར་པ་ཆེན་པོའི་དངོས་གྲུབ་ཐོབ། །སངས་རྒྱས་བྱང་ཆུབ་སེམས་དཔའི་གདུང་། །དཀར་ལ་གསལ་ལ་མཐེབ་ལོང་ཙམ། །ཉན་ཐོས་རང་རྒྱལ་རྣམས་ཀྱི་གདུང་། །སྲན་མ་མ་ཤའི་འབྲས་བུ་ཙམ། །གང་ཟག་སེམས་ཅན་ཕལ་པའི་གདུང་། །ཏུང་འབྲུ་ཏིལ་འབྲུ་ཙམ་དེ་ཉིད། །སྤྱད་ཅིང་བསྟེན་པའི་ཡོན་ཏན་གྱིས། །རུས་པ་སྲ་མཁྲེགས་རྡོ་རྗེར་འགྱུར། །ཐུགས་ཀྱི་དངོས་ག…
      DNG014 · རྩོམ་མཁན།
      བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།
      པས། །ཁྲག་ཐིགས་བདུད་རྩི་ས་ལ་ལྷུང་། །བསྐྱེད་ཅིང་སྨིན་པ་ལྷ་ཡི་རྫས། །དུས་མིན་འཆི་ལས་ཐར་བར་བྱེད། །མངོན་ཤེས་ལྔ་ཡི་དངོས་གྲུབ་ཐོབ། །གསེར་དངུལ་ཟངས་ལྕགས་དེ་བཞིན་གཡུ། །རིན་ཆེན་བདུད་རྩིའི་ཟགས་ཆུ་ནི། །ཤཻ་ལ་ཛཱ་ཏུ་ཡོ་ག་སི། །མཆིན་པའི་ནད་རྣམས་སེལ་བར་བྱེད། །གྲུབ་པའི་རིག་འཛིན་འཐོབ་པར་འགྱུར། །སྲེད་མེད་བུ་དང་ཁྱབ་འཇུག་གི…