Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 58 of 500
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      རྒྱ། །དེ་དང་བྲལ་བའི་ཆོས་ཤིག་དགོས། །སེམས་དང་ཡེ་ཤེས་བག་ཆགས་གསུམ། །དེ་གསུམ་བསྒྲུབ་པས་སངས་མི་རྒྱ། །དེ་དང་བྲལ་བའི་ཆོས་ཤིག་དགོས། །རིག་པ་སྟོང་པ་གཉིས་མེད་གསུམ། །དེ་གསུམ་བསྒྲུབ་པས་སངས་མི་རྒྱ། །དེ་དང་བྲལ་བའི་ཆོས་ཤིག་དགོས། །ཚིག་དང་མཚོན་པ་བཏགས་པ་གསུམ། །དེ་གསུམ་བསྒྲུབ་པས་སངས་མི་རྒྱ། །དེ་དང་བྲལ་བའི་ཆོས་ཤིག་དགོས། …
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བླ་དགས་གསུམ། །དེ་གསུམ་བསྒྲུབ་པས་སངས་མི་རྒྱ། །དེ་དང་བྲལ་བའི་ཆོས་ཤིག་དགོས། །སྣང་བ་ཕྱོགས་རིས་ཁ་དོག་གསུམ། །དེ་གསུམ་བསྒྲུབ་པས་སངས་མི་རྒྱ། །དེ་དང་བྲལ་བའི་ཆོས་ཤིག་དགོས། །གཉིས་སྣང་བརྟགས་ཞེན་ཕྱོགས་འཛིན་གསུམ། །དེ་གསུམ་བསྒྲུབ་པས་སངས་མི་རྒྱ། །དེ་དང་བྲལ་བའི་ཆོས་ཤིག་དགོས། །མིང་ཚིག་དབྱེ་བ་རྟག་ཆད་གསུམ། །བསམ་ལས་འདས་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མེད། །དྲན་པ་མེད་པས་ཡིད་ལ་གཞག་ཏུ་མེད། །བསམ་དུ་མེད་པས་བློ་ཡི་ཡུལ་ལས་འདས། །ཡེ་ནས་སངས་རྒྱས་མེད་པས་འདོད་པའི་བསྒྲུབ་བྱ་མེད། །སྐྱེ་མེད་འགྱུར་མེད་ཆོས་སྐུ་དེ། །ཡེ་ནས་ཡིན་པས་བསྒྲུབ་མི་དགོས། །ཆོས་སྐུ་ཡེ་ནས་འགྱུར་མེད་ལ། །སྐྱེ་མེད་སྙད་ཀྱི་སྒྲོས་མི་གདགས། །ནམ་མཁའ་འདི་ནི་མེད་དོ་ཞེས། །བླུན་པོ་གང་ཞིག་རྟོག་དཔྱོད་འཇུག …
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཚིག་བསྲུངས་པས་ཆོས་ཉིད་སྤངས། །ཕྲིན་ལས་བཙལ་བས་ཆོས་ཉིད་སྤངས། །ས་ལམ་བགྲོད་པས་ཆོས་ཉིད་སྤངས། །འབྲས་བུ་བསྒྲུབ་པས་ཆོས་ཉིད་སྤངས། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་དགག་བསྒྲུབ་གཉིས་ཀྱི་ཆོས། །དེ་དག་སྤང་ལེན་གཉིས་ཀྱི་ཆོས། །དེ་དག་བལྟ་བྱ་ལྟ་བྱེད་གཉིས་ཀྱི་ཆོས། །དེ་དག་བསྒོམ་བྱ་སྒོམ་བྱེད་གཉིས་ཀྱི་ཆོས། །དེ་དག་སྤྱད་བྱ་སྤ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      གྲུབ་པ་མེད། །གྲུབ་པ་མེད་པའི་ངང་ལ་ཞོག །ང་ཡིས་ཐམས་ཅད་ཕྱེ་བ་སྟེ། །ཕྱེ་མཁན་རྟོག་པ་གཅིག་ཀྱང་མེད། །མ་ཕྱེ་བ་ཡི་ངང་ལ་ཞོག །ང་ནི་ཀུན་ལ་སྣང་བ་སྟེ། །ཀུན་གྱིས་ང་ནི་སྣང་མི་འགྱུར། །མི་སྣང་བ་ཡི་ངང་ལ་ཞོག །ང་ཡིས་ཐམས་ཅད་བྱས་པ་སྟེ། །ང་ནི་སུས་ཀྱང་མ་བྱས་སོ། །མ་བྱས་པ་ཡི་ངང་ལ་ཞོག །ང་ཡིས་ཐམས་ཅད་བཙལ་བ་སྟེ། །ང་ནི་སུས་ཀྱང་མ་བཙ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སྣང་རང་བཞིན་མེད་པར་ཞོག །བར་གྱི་གཉིས་སྣང་རང་བཞིན་ཀུན། །སྤྲོས་པ་ཐག་ཆོད་ངང་ལ་ཞོག །སྐྱེ་བ་མེད་པའི་ངང་དུ་ཞོག །སྨྲ་བསམ་བརྗོད་མེད་ངང་དུ་ཞོག །འགག་མེད་ཆོས་སྐུའི་ངང་དུ་ཞོག །བརྟགས་སྣང་རྣམ་རྟོག་ཐམས་ཅད་ཀྱང་། །གཉིས་མེད་ངང་དུ་ཐམས་ཅད་ཞོག །ཞོག་པའི་ཚིགས་ཀྱང་མཚོན་མེད་ངང་དུ་ཞོག །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      འདོད་པ་རྣམས། །ཐོབ་རྒྱུ་མེད་ཀྱིས་རང་སར་རང་ཉིད་ཞོག །བཞག་ཏུ་མེད་པས་འབྲས་བུ་ཆེན་པོ་ཐོབ། །ཐོབ་ཏུ་མེད་པས་ཐོབ་པའི་དོན་རང་མཇལ། །མཇལ་དུ་མེད་པས་འགྱུར་མེད་ངང་ལ་ཞོག །སྣང་བ་ཐམས་ཅད་སོར་བཞག་ངང་ལ་ཞོག །གནས་ལུགས་ཐམས་ཅད་འགྱུར་མེད་ངང་ལ་ཞོག །སྤྲོས་པ་ཐམས་ཅད་ཐག་ཆོད་ངང་ལ་ཞོག །སྙིང་པོ་ཆོས་སྐུའི་རང་བཞིན་ནི། །མི་སྣང་རང་བཞིན་མ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མེད། །མེད་པར་འདོད་པས་སངས་རྒྱས་གོལ། །ཆོས་སྐུ་མེད་པས་ཆོས་སྐུའི་མིང་ཡང་མེད། །མེད་པར་འདོད་པས་ཆོས་སྐུ་གོལ། །ལོངས་སྐུ་མེད་པས་ལོངས་སྐུའི་མིང་ཡང་མེད། །མེད་པར་འདོད་པས་ལོངས་སྐུ་གོལ། །སྤྲུལ་སྐུ་མེད་པས་སྤྲུལ་སྐུའི་མིང་ཡང་མེད། །མེད་པར་འདོད་པས་སྤྲུལ་སྐུ་གོལ། །འཁོར་བ་མེད་པས་འཁོར་བའི་མིང་ཡང་མེད། །མེད་པར་འདོད་པ་རང་ག…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      པོ་དེ་རུ་འདུས། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གོལ་སྒྲིབ་འཁྲུལ་གསུམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྟོན་པ་ཀུན་བཟང་ལ། །རྡོ་རྗེ་སེམས་དཔས་འདི་སྐད་ཞུས། །གོལ་སྒྲིབ་ལ་བཟླ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེའི་འོད་ཐིག་ལེར་བསྡུས་པ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཐག་ཆོད་དོན་རྟོགས་ཡུལ་སེམས་མེད། །རྟོགས་པ་ཀློང་ནས་ཤར་བས་མ་རྟོགས་མེད། །ཅེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གོལ་སྒྲིབ་ལ་བཟླ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སྟོན་པ་ཀུན་བཟང་ལ། །རྡོ་རྗེ་སེམས་དཔས་འདི་སྐད་ཞུས། །རང་ལ་ཡེ་ནས་ཡོད་པ་ལ། །བྱ་བཙལ་རྩོལ་བསྒྲུབ་མི་འ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བཟང་ལ། །རྡོ་རྗེ་སེམས་དཔས་འདི་སྐད་ཞུས། །རང་མདངས་ཆེན་པོ་ཅི་ལྟར་ལགས། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་གསོལ་པ་དང་། སྟོན་པ་རིན་པོ་ཆེ་འོད་བཀོལ་བ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །བཞེངས་ནས་འཁོར་ལ་འདི་སྐད་གསུངས། །བདུད་རྩི་ཡང་ཞུན་རང་མདངས་བཤད། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །ཨཱ་པ་ར་ཙིཏྟ་ཨཱ་སིམ། སྐུ་གསུམ་འགྱུར་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      གོ་བར་ཟུང་། །སྙིང་པོ་འགྱུར་མེད་ཆོས་སྐུའི་ཀློང་ཡངས་དེར། །ཤེས་པ་མ་འགགས་སྣ་ཚོགས་ཀུན་ཏུ་རྒྱུ། །གར་ཡང་འགྲོ་ས་མ་རྙེད་སྙིང་པོའི་ཀློང་དུ་ཐིམ། །ཆོས་ཉིད་མ་ལམ་འགགས་རྩལ་སྣང་དུ་ཐིམ་པས། །མ་བུ་ངོ་འཕྲད་ཐོག་མར་ཡེ་སངས་རྒྱས། །དབྱེར་མེད་ངང་ཐིམ་ཡེ་ཤེས་རང་ས་ཟིན། །འཁྲུལ་པ་རང་སངས་རྣམ་རྟོག་རང་སར་གྲོལ། །སྐྱེ་མེད་དོན་རྟོགས་སྙ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཐོགས། གཡོན་དུ་ཟླ་བ་ཐོགས། སྤྲིན་གྱི་མ་གྱིས། འབྱུང་བ་ལྔ་གོས་ཀྱིས། སྣང་བ་ཟས་སུ་ཟོ། སྲིད་པ་ལྟོ་རུ་ཆུག །འཇའ་ཚོན་གྱི་རྒྱལ་མཚན་གྱིས། གཅིག་སོད། གཉིས་སྤོངས། གསུམ་རྟེན། གཅིག་ཡུལ་ཕྱུང་། གསུམ་སྙིང་ནས་དྲོངས། གཉིས་ཀྱི་སྐེ་ཆོད། གཅིག་ཡུལ་འཛིན་ཏུ་ཆུག །གསུམ་གྱི་དགྲ་དཔུང་ཆོམས། གཉིས་རོག་བྱེད་དུ་ཆུག །ལོང་བའི་མིག་ལ་ཉི་མ་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཤུལ་བཏོད་ལ། །འཇའ་ཚོན་ལྔ་ཡི་ལམ་དུ་ཞུགས། །རྒྱ་མཚོ་ཆེན་པོའི་གཏིང་དུ་ཕྱིན། །འགྲོ་ས་མ་རྙེད་ལྕེབས་ནས་བཏང་། །མུན་སྣང་གཉིས་སུ་གསལ་བའི་སྒོ་ཕྱེ་ལ། །དགྲ་ཟིན་གཉིས་ཀྱི་ས་མཚམས་སུ། །མི་འཇིགས་པ་ཡི་སྐྱེལ་མ་ཚོལ། །རྣོ་བའི་མཚོན་ཐོགས་སྲ་བའི་གོ་གོན་ལ། །མགྱོགས་པའི་རྟ་ཞོན་མི་བསླུའི་གྲོགས་པོ་ཚོལ། །འཕྲང་གསུམ་ནང་དུ་སྒུག་བཅུག་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      དཔའ་བོ་ཆེན་པོ་ལམ་ལ་མཁས། །དཔའ་བོ་ཆེན་པོ་མངོན་ཤེས་ཅན། །དཔའ་བོ་ཆེན་པོ་མཐུ་བོ་ཆེ། །དཔའ་བོ་བཞི་དང་དམག་དཔོན་བཞི། །དེ་ཡིས་སྣ་གྲངས་བསམ་ལས་འདས། །འཁོར་འདས་གཉིས་ཀྱི་འཁྲུག་པ་བྱེད། །མ་རིག་ཡེ་ཤེས་འཁྲུག་པ་བྱེད། །སེམས་ཅན་སངས་རྒྱས་འཁྲུག་པ་བྱེད། །ཀུན་གཞིའི་སྟོང་ར་ཆེན་པོ་ན། །སེམས་ཀྱི་ནོར་བུ་རིན་ཆེན་འབར། །མ་འཆམས་འཁྲུག་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཆོས་རྣམས་བརྡའ་ཡིས་ཇི་ལྟར་བཤད། །ཅེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་འགྱེད་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས། །ཡུལ་ཁམས་གཅིག་ན་མི་ཅིག་བདོག །ནོར་ཅིག་པོ་ལ་མི་ཟད་གཏེར་ཆེན་ཡ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      གཉིས་འཁྲུག་པ་ཆེན་པོ་བྱེད། ཁྱེའུ་ཆུང་ངང་དྭངས་སྣང་གསལ་ཀུན་རིག་འཕྲུལ་གྱི་མེ་ལོང་ཅན་ཁྱོད་དགྲ་ཟིན་གཉིས་ཀྱི་སོ་མཚམས་སྤྱི་བར་སོང་ལ་སྒྱེད་པུ་གསུམ་གསུམ་དྲུག་ཚུགས་ལ་ཟངས་པོ་ཆེ་ནི་གཉིས་བཙུགས་ཏེ། གཅིག་ཏུ་དུག་ཆུ་ཟངས་གང་སྐོལ། །གཅིག་ཏུ་བདུད་རྩི་ཟངས་གང་སྐོལ། །རྒན་པོ་རྒན་མོ་བུ་ཚ་མིང་སྲིང་གསུམ། །དམག་དཔོན་གསུམ་གྱིས་སྣ་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བཞེངས་ནས་འདི་སྐད་གསུངས། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །སྙིང་པོ་དོན་གྱི་གནས་ལུགས་དེ། །མཚོན་པའི་ཡུལ་དུ་མ་གྱུར་ཀྱང་། །རེ་ཞིག་དཔེ་ཡི་སྒོ་ནས་མཚོན། །དར་ཆགས་བང་མཛོད་ས་གཞི་གསུམ། །ཀུན་གཞིའི་མཚོན་དཔེར་ཤེས་པར་བྱ། །ཆུ་དང་འཁྱགས་པ་ཏིལ་འབྲུ་གསུམ། །གནས་ལུགས་མཚོན་པའི་དཔེ་རུ་གསུངས། །ཕུག་རོན་སྐྱེ་དང་ཤེལ་སྒོང་ག་པུར་གསུ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སྟག་ལྤགས་གཟིག་ལྤགས་རྨ་བྱའི་མདོངས། །སེམས་ཉིད་མི་གསལ་དཔེ་རུ་བསྟན། །ཤེལ་སྒོང་གཟི་རྙིང་ཆུ་དང་གསུམ། །ཕྱི་ནང་གཉིས་མེད་དཔེ་རུ་བསྟན། །སོལ་ནག་བལ་ནག་དར་ནག་གསུམ། །འགྱུར་བ་མེད་པའི་དཔེ་རུ་བསྟན། །རླུང་དང་སྤྲིན་དང་སྨུག་པ་གསུམ། །མ་ཆགས་མ་ཞེན་བྱར་མེད་དང་། །གཟུང་འཛིན་མེད་པའི་དཔེ་རུ་བསྟན། །མེ་ཏོག་ལོ་ཏོག་རྩྭ་ཡི་ཟིལ། །མི…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བཀའ་སྩལ་ཏོ། །བྷོ་ན་བྷེ་ཏྲ་དྷ་ན་མཎྜ་ལ། །ང་ཡིས་མ་བྲིས་རྫོགས་པའི་དཀྱིལ་འཁོར་བཤད། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །སྙིང་པོའི་རང་བཞིན་འགྱུར་བ་མེད་པ་ཡང་། །ཀུན་གཞི་ཀློང་ཡངས་གདལ་ཁྱབ་ཆེན་པོ་ལ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བྲིས། །དཀྱིལ་འཁོར་ཆེན་པོ་བཞེངས་ལུགས་ཀྱང་། །ཆོས་ཉིད་གདལ་ཁྱབ་ས་གཞི་ལ། །ལུང་རིགས་གཉི…