Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 61 of 500
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཡིན། །ཆགས་མེད་ཞེན་མེད་མཁའ་གསལ་ཆེན་པོ་ཡིན། །བསམ་བརྗོད་བློ་ལས་འདས་པའི་མཁའ་གསལ་ཆེན་པོ་ཡིན། །མིང་མེད་རྟོག་མེད་ཡུལ་མེད་མཚོན་ལས་འདས་པས་མཁའ་གསལ་ཆེན་པོ་ཡིན། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་ཉིད་མཁའ་གསལ་གྱི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཞེས་གསོལ་པ་དང་། སེམས་ཉིད་སྟོན་པ་ཀུན་བཟང་དེ། རིན་པོ་ཆེ་འོད་སྣ་ཚོགས་ཀུན་ཏུ་གསལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །ཏིང་ངེ་འཛིན་དེ་ལས་བཞེངས་ནས། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡི་སྤྱི་ཏི་ཡོ་ག་འདིར། །ཐེག་པ་མཐའ་དག་འདི་ལ་རྫོགས། །སྙིང་པོ་ཆོས་སྐུའི་རང་བཞིན་ནི། །དུས་གསུམ་འཕོ་འགྱུར་མེད་པར་གནས། །མུ་སྟེགས་རྟག་ལ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      དུ་མེད། །བསྐྱེད་རིམ་མ་ལུས་འདི་ལ་རྫོགས། །སྙིང་པོ་དོན་གྱི་ལྷ་ཚོགས་ཉིད། །ལྷ་ཚོགས་མ་ལུས་འདི་ལ་རྫོགས། །བསྐྱེད་མེད་འགྱུར་མེད་ཡི་དམ་ལྷ། །ཡི་དམ་ལྷ་ཚོགས་འདི་ལ་རྫོགས། །མི་འགྱུར་གདལ་ཁྱབ་མ་འདྲེས་གསལ། །དཀྱིལ་འཁོར་མ་ལུས་འདི་ལ་རྫོགས། །ཕྱི་ནང་དབྱེ་བསལ་མེད་གཏོང་ལ། །གཏོར་མ་མ་ལུས་འདི་ལ་རྫོགས། །རང་གི་ལྷར་ནི་རང་མཆོད་པས།…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ལམ་ཕ་རོལ་ཕྱིན་པ་རྫོགས། །འདི་ལ་འཁོར་ཞིང་ཆགས་སུ་མེད། །ཐབས་ཀྱི་ཕ་རོལ་ཕྱིན་པ་རྫོགས། །འདི་ལ་ཡེ་ནས་འཁྲུལ་པ་མེད། །ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས། །སྤྱི་ཏིའི་ནང་དུ་ཀུན་རྫོགས་པས། །འབྱུང་བ་ནམ་མཁའི་མཁའ་ཀློང་དུ། །ཉི་ཟླ་གཟའ་སྐར་ཡོངས་སུ་རྫོགས། །འབྱུང་བ་ཆེན་པོ་ནམ་མཁའ་རུ། །འབྱུང་ཆེན་བཞི་པོ་ཡོངས་སུ་རྫོགས། །ཕྱི་ཡི་རྒྱ་མཚོ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ང་ཡི་སྤྱི་ཏི་ཡོ་ག་འདིར། །བརྗོད་ཚད་མནོས་ཚད་ང་ལ་རྫོགས། །སྐྱེས་ཚད་འཁོར་ཚད་ང་ལ་རྫོགས། །རྟོགས་ཚད་འཁྲུལ་ཚད་ང་ལ་རྫོགས། །འགྱུས་ཚད་དྲན་ཚད་ང་ལ་རྫོགས། །ཕྱེད་ཚད་གཉིས་སྣང་ང་ལ་རྫོགས། །སྣང་ཚད་བརྟགས་ཚད་ང་ལ་རྫོགས། །བརྟགས་བཟུང་ཞེན་ཆགས་ང་ལ་རྫོགས། །སངས་རྒྱས་སྐུ་དང་ཡེ་ཤེས་རྫོགས། །སེམས་དང་ལུས་དང་བག་ཆགས་རྫོགས། །བལྟ་བྱ་བསྒ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མཚོན། །དེ་བཞིན་ཆོས་ཉིད་ནམ་མཁའ་ལ། །བསྟོད་ར་བཏང་བས་བཟང་མི་འགྱུར། །སྨད་ར་བཏང་བས་ངན་མི་འགྱུར། །བསྟོད་ར་སྨད་ར་གཉིས་ལས་གྲོལ། །མཐའ་དབུས་མི་མངའ་ཁ་དོག་མེད། །དགག་བསྒྲུབ་མི་མངའ་སྤང་ལེན་མེད། །བཟང་ངན་མི་མངའ་བླང་དོར་མེད། །ཡུལ་སེམས་མི་མངའ་རྩིས་གདབ་མེད། །འཁོར་འདས་མི་མངའ་དབྱེ་བསལ་མེད། །དེ་བཞིན་སེམས་ཉིད་ནམ་མཁའ་ཡང་། །…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ལས་འདས་པ་ཡིན། །སེམས་ཀྱིས་བསམ་དུ་མེད་པས་བསམ་པའི་ཡུལ་ལས་འདས་པ་ཡིན། བླ་དྭགས་ཀྱི་ཚིག་གིས་གདགས་སུ་མེད་པས་མིང་འདོགས་བརྟགས་ཞེན་ལས་འདས་པ་ཡིན། ཇི་ལྟ་བུས་ཀྱང་གཏན་ལ་དབབ་དུ་མེད། དབབ་པ་དང་ཕེབས་པ་ལས་འདས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། འགྱུ་ཚད། སྤྲོས་ཚད། ཕྱེ་ཚད། བརྟགས་ཚད། བཟུང་ཚད། བརྗོད་ཚད། བསམ་ཚད། དྲན་ཚད། རིག་ཚད། ཚོར་ཚ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ལ་འདི་སྐད་ཞུས། །མེད་པ་རྣམ་གསུམ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས། །ལྟ་བའི་ཕུགས་སུ་གཞུང་མེད་ཞེ་འདོད་མེད། །ཡིད་ལ་འགྱུར་མེད་བསྒོམ་བྱ་མེད། །ཉམས་ལས་སྐྱེ་མེད་འགག་པ་མེད། །ཅེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མེད་པ་རྣམ་གསུམ་བསྟན་པ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཐོག་མཐའ་གཅོད་པའི་རྒྱུད་ལས། མེད་པ་རྣམ་དགུ་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །འགྱུར་མེད་རྣམ་དྲུག་ཇི་ལྟར་ལགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཕོ་འགྱུར་མེད་པས་ཆོས་ཉིད་འགྱུར་བ་མེད། །སྐྱེ་ཤི་མེད་པས་ཆོས་ཉིད་འགྱུར་བ་མེད། །སྐྱེ་འགག་མེད་པས་ཆོ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      རྟོགས་པའི་དོན་ལས་མི་འདའ་དམ་ཚིག་གདེང་གིས་ཟིན། །བཙལ་དུ་ཡེ་མེད་ཕྲིན་ལས་གདེང་གིས་ཟིན། །སྤྱད་དུ་ཡེ་མེད་པ་ཡི་གདེང་གིས་ཟིན། །བགྲོད་དུ་ཡེ་མེད་ལམ་གྱི་གདེང་གིས་ཟིན། །བསྒྲུབ་ཏུ་ཡེ་མེད་བསྒྲུབ་མེད་གདེང་གིས་ཟིན། །བཟུང་དུ་ཡེ་མེད་མན་ངག་གདེང་གིས་ཟིན། །དབྱེ་བ་མེད་པས་ཤེས་རབ་གདེང་གིས་ཟིན། །ཐོབ་ཏུ་མེད་པས་འབྲས་བུའི་གདེང་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཆོས་ཉིད་དོན་གྱི་དགོངས་འདུས་པ། །འགྱུར་བ་མེད་པར་འུབ་ཀྱིས་འདུས། །དམ་ཆོས་རྣམས་ཀྱི་དགོངས་འདུས་པ། །ཆགས་འཛིན་མེད་པར་འུབ་ཀྱིས་འདུས། །མན་ངག་རྣམས་ཀྱི་དགོངས་འདུས་པ། །ཞེན་འཛིན་མེད་པར་འུབ་ཀྱིས་འདུས། །རྣལ་འབྱོར་རྣམས་ཀྱི་དགོངས་འདུས་པ། །གཟུང་འཛིན་མེད་པར་འུབ་ཀྱིས་འདུས། །བཀའ་རྒྱུད་རྣམས་ཀྱི་དགོངས་འདུས་པ། །རྒྱུད་སེམས་ག…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      དེ་ལ་རྩིས་གདབ་མེད། །ཇི་ལྟར་སྣང་ཡང་མ་འགགས་པ། །འཛིན་པ་མེད་པས་མི་དམིགས་སོ། །ཡོད་པ་རྒྱ་ཆད་མེད་པ་ཡིན། །མེད་པ་ཕྱོགས་ལྷུང་མེད་པ་ཡིན། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། དགོངས་པ་ཐམས་ཅད་གཅིག་ཏུ་འུབ་ཀྱིས་བསྡུས་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་ད…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སེམས་ཀྱི་འབད་རྩོལ་བློ་ཡིས་བཅོས་ཐབས་སངས། །གཞི་གནས་མ་བཅོས་བྱར་མེད་སྤྲོས་བྲལ་རྒྱས། །སྣང་སྲིད་སེམས་ལ་འདུས་པས་སངས་རྒྱས་མཛུབ་བཙུགས་ཡིན། །དཔེ་ནི་ནམ་མཁར་གནས་པའི་བྱ། །ནམ་མཁའ་མཐའ་དབུས་ཕྱོགས་མཚམས་མེད། །ཐ་སྙད་ཀུན་ལ་གྲོལ་བར་གནས། །རྟགས་ནི་སེམས་ཉིད་འགག་པ་མེད། །སྣ་ཚོགས་ཅིར་སྣང་རྫོགས་པ་ལ། །མ་སྤངས་མ་བསྒྲུབས་ཆེན་པོ་ལ།…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བཤད། །རིམ་པ་དགུ་ཡི་ཡང་རྩེ་ཡིན་པར་བཤད། །ལྟ་མཁན་རྣམས་ཀྱི་གཤེད་དུ་བཤད། །སྒོམ་མཁན་ཀུན་གྱི་གཉེན་པོར་བཤད། །སྤྱོད་མཁན་ཀུན་གྱི་བདུད་དུ་བཤད། །སྒྲུབ་མཁན་ཀུན་གྱི་ཕྱགས་མར་བཤད། །ཐེག་པའི་རྒྱལ་པོ་སྤྱི་ཏི་འདི། །བདེན་པ་གཉིས་སུ་བལྟ་བས་འདི་མི་མཐོང་། །ཡུལ་སེམས་གཉིས་ཀྱིས་བཅིངས་པས་འདི་མི་མཐོང་། །གཟུང་འཛིན་གཉིས་སུ་བལྟ་བས་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      རུ་ངས་མ་བསྟན། །དམིགས་དམིགས་པོ་རུ་ངས་མ་བསྟན། །བལྟ་བལྟ་པོ་རུ་མ་སེམས་ཤིག །བསྒོམ་བསྒོམ་པོ་རུ་མ་སེམས་ཤིག །སྤྱོད་སྤྱོད་པོ་རུ་མ་སེམས་ཤིག །བསྒྲུབ་བསྒྲུབ་པོ་རུ་མ་བྱེད་ཅིག །བསྲུང་བསྲུང་པོ་རུ་མ་བྱེད་ཅིག །སྤྱོད་བྱ་སྤྱོད་བྱེད་མ་སེམས་ཤིག །བགྲོད་བགྲོད་པོ་རུ་མ་སེམས་ཤིག །བདེ་བདེ་པོ་རུ་མ་སེམས་ཤིག །ཡིན་ཡིན་པོ་རུ་མ་སེམ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འགྱུར་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས་སོ། །སྙིང་པོའི་རང་བཞིན་སྐྱེ་མེད་འགྱུར་མེད་ཀྱང་། །ཡན་ལག་རིག་པའི་རྩལ་གྱིས་བླ་མར་བཤད། །རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་། །རང་སེམས་བླ་མར་བཤད་པ་ལ། །དེ་ལ་བླ་མ་རྣམ་པ་དགུ་ཡོད་དེ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བརྡའ་དོན་སྤྲོད་པའི་བླ་མ་དང་། །དེ་ནི་བླ་མ་རྣམ་དྲུག་གོ། །ཡིད་རིག་འགྱུར་མེད་བླ་མ་དེས། །སྐྱེ་མེད་ཆོས་སྐུའི་ངོ་བོ་བསྟན། །མ་བཅོས་སེམས་ཉིད་བླ་མ་དེས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བསྟན། །སྐྱེ་མེད་དོན་གྱི་བླ་མ་དེས། །སྨྲ་བསམ་བརྗོད་ལས་འདས་པ་ཡི། །སྣ་ཚོགས་གཉིས་མེད་སྤྲུལ་སྐུར་བསྟན། །གདལ་ཁྱབ་ཆེན་པོའི་བླ་མ་དེས། །སྣང…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      གི་ངེས་ཚིག་བཤད། །བླ་མ་བྱ་བའི་ངེས་ཚིག་ནི། །བླ་ནི་ཡང་དག་སངས་རྒྱས་ཡིན། །མ་ནི་སྐྱེ་མེད་རྒྱུ་རུ་གསུངས། །བླ་ནི་རྩལ་སྣང་བུ་ཡིན་ཏེ། །མ་ནི་ཆོས་ཉིད་ཡུལ་དུ་གསུངས། །བླ་ནི་སྙིང་པོ་ཆོས་སྐུ་ཡིན། །མ་ནི་འགྱུར་མེད་སྐྱེ་བ་མེད། །བླ་ནི་རིག་པའི་སྣང་ཚུལ་ཏེ། །མ་ནི་ཀུན་གཞི་སྤྱི་ཁྱབ་བོ། །བླ་ནི་སྤྱི་ཡི་མཚན་ཉིད་སྟེ། །མ་ནི་འཆར་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      པ་བརྒྱད་ཁྲི་བཞི་སྟོང་ཡང་། །སྤྱི་ཏི་ཡོ་གའི་ངང་དུ་འདུས། །དམ་ཆོས་བརྒྱད་ཁྲི་བཞི་སྟོང་ཡང་། །ཆགས་འཛིན་མེད་པའི་ངང་ལ་འདུས། །བསོད་ནམས་ཚོགས་ཀྱི་ཡན་ལག་བརྒྱད་ཁྲི་བཞི་སྟོང་ཡང་། །ཕྱོགས་མཚམས་མེད་པའི་སྙིང་རྗེ་ཆེན་པོར་འདུས། །ཨེ་མ་ཧོ། འདུས་པ་གསུམ་གྱི་མན་ངག་འདིས། །དུག་གསུམ་རྩད་ནས་གཅོད་པར་ངེས། །སྲིད་གསུམ་ཟིལ་གྱིས་གནོན་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ལ་བཞུགས་སོ། །དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས། །ཡུལ་ཁམས་གཅིག་ན་མི་གཅིག་བདོག་པར་གདའ། །དེ་ལ་ནོར་གཅིག་ཡོད་པར་གདའ། །ནོར་གཅིག་པོ་དེ་མི་ཟད་གཏེར་ཡིན་སྐད། །ནོར་དེ་ཐོབ་པར་བདོག་ལགས་སམ། །ཐོབ་དུ་མི་སྟེར་འདྲེ་གཅིག་ཡོད། །འདྲེ་དེ་ངོ་ཤེས་སྐད་ལགས་སམ། །ནོར་ལ་སྦས་པའི་ས་གཅིག་བདོག །སྦས་ས་གང་ཡིན་ཤེས་ལགས་སམ། །ནོར་ལ་ཕྱོ…