Author
About 40% of texts have an author recorded — this list will grow as more are attributed.
505 results
— page 23 of 26
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
དུ་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་དཀྱིལ་འཁོར་བཞེངས་པར་གསོལ་བ་གདབ་པར་བྱ་བ་ནི་རྒྱས་པར་གཞན་ལས་གསུངས་པའམ། བསྡུ་ན་འཇམ་དཔལ་རྩ་རྒྱུད་ལས། སློབ་དཔོན་དང་ལྷན་ཅིག་འཇམ་དཔལ་གཞོན་ནུར་གྱུར་པའི་དམ་ཚིག་ལ་རྗེས་སུ་འཇུག་པར་འཚལ་ན། སློབ་དཔོན་གྱིས་བདག་ཅག་རྣམས་ལ་ཐུགས་བརྩེ་བའི་སླད་དུ་ཕན་པའི་ཐུགས་དང་བརྩེ་བའི་ཐུགས་ཀྱིས་དཀྱིལ་འཁོ…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
གཟུངས་ཐག་བཏགས་པ་བཞག །རང་ལྷའི་ང་རྒྱལ་དང་ལྡན་པས་ལས་སྔགས་བཟླ་ཞིང་། ལས་ཀྱི་རྡོ་རྗེས་ཀུ་ཤའི་ཆུན་བོས་བསང་ཆུ་འཐོར་བས་བུམ་པའི་བགེགས་བསལ། སྭ་བྷཱ་བས་སྟོང་པར་སྦྱངས། སྟོང་བའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ལྷའི་དཀྱིལ་འཁོར་ཡོངས་རྫོགས་བས…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
སོ་ཤིང་སོགས་འདུ་བྱས་ལ། བདག་གི་རྣལ་འབྱོར་བཟླས་པ་བཅས་རྫོགས་ནས། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་སྲུང་སྐུད་གདགས་པ་སོགས་དབང་ཆོག་རྣམས་ནས་འབྱུང་བ་ལྟར་བྱ་སྟེ། དཀྱིལ་འཁོར་བཞེངས་ཟིན་ནས་དེར་སློབ་མས་དབང་བསྐུར་བའི་དུས་སུ་དགོས་ཀྱི་སྐབས་འདིར་དགོས་པ་མ་ཡིན་ནོ། །སློབ་མ་ཡོངས་སུ་བཟུང་བ་གང་སྟ་གོན་གྱི་ཚེ་མེད་ན་དེའི་གཟུགས་བ…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
འདིར་བྱ་བ་ཐམས་ཅད་གཡས་བསྐོར་འབའ་ཞིག་གི་ཚུལ་དུ་བྱ། ཚོན་དང་པོ་ནང་ནས་ཚོན་ལ་སངས་རྒྱས་བྱང་སེམས་བསྐྱེད་བསྟིམ་བྱས་ལ། བཀྱེ་སྟེ། ཐོག་མར་རྩིག་པའི་ཚོན་དཀར་པོ་བཀྱེ། དེ་ཡང་དང་པོར་བྱང་ཤར་ནས་བརྩམ་སྟེ། རྡོ་རྗེ་ཁུ་ཚུར་རམ་ལྕགས་ཀྱུའི་ཕྱག་རྒྱའམ། སྣོད་ཀྱི་ཕྱག་རྒྱའམ། རིག་བྱེད་འདོན་པའི་ལག་པས་རིམ་པས་གཡས་བསྐོར་བར་མ་ཆད་པས་སྦོ…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
བཤམས་པ་གྲུབ་ནས། བདག་ཉིད་དཀྱིལ་འཁོར་དེའི་མདུན་དུ་འདུག་སྟེ། སྐྱབས་སེམས་དང་། ཚོགས་བསགས། ཕྱོགས་བཅིངས་པ་ལྟ་བ་སྒོམ་པ་རྣམས་སོ་སོའི་ཆོ་ག་ཇི་ལྟར་གཞུང་བསྲིངས་ལ་བཟླས་པ་ཅི་འགྲུབ་བྱ། སྐབས་སུ་བྱ་སྤྱོད་དང་མཐུན་པའི་བསང་ཆུ་བསྒྲུབ་པ་ནི། དུང་ཕོར་དུ་དྲི་བཟང་དང་སྦྱར་བའི་ཆུ་བཞག་ལ། སྭ་བྷཱ་བའི་སྤྱང་། སྟོང་པའི་ངང་ལས་ཤཾ་ལས་བ…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
སྣ་ཚོགས་པའི་རོ་གཞན་དྲག་པོ་ལ་བསྔགས། གང་འབྲས་བུ་དང་རྩ་བ་སོགས་མོ་ཡི་མིང་ཅན་ཐམས་ཅད་ལ་རིག་སྔགས་ཀྱི་ལྷ་ལྷག་པར་དགྱེས་པར་གསུངས་པས་དེ་འདྲའི་རིགས་དང་། གྲོ་ལས་བྱས་པའི་ཟས་ཐམས་ཅད་རྒྱས་པའི་ཟས་སུ་འབུལ་བར་གསུངས། སྭ་སྟི་ཨུ་ལོ་སུ་པ་རྣམས། རིགས་གསུམ་ལ་ནི་རིམ་བཞིན་འབུལ། །འཇིག་རྟེན་དག་ན་གང་བཟང་དང་། །རང་ཉིད་གང་ལ་དགའ་བ་སྟེ…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
རིགས་ལ་འབུལ། ཤུན་པ་དང་སྙིང་པོའི་སྤོས་རྣམས་པདྨའི་རིགས། རྩ་བ་དང་སྡོང་བུའི་སྤོས་ཀྱི་རིགས་རྣམས་རྡོ་རྗེའི་རིགས་ལའོ། །ཡང་བདེ་གཤེགས་རིགས་ལ་ཨ་ག་རུ་གཅིག་པུ། པདྨར་ཙན་དན་དཀར་པོ་ཁོ་ན།རྡོ་རྗེའི་རིགས་ལ་གུར་གུམ་ཁོ་ན་བཟང་། འདི་དག་ག་པུར་གྱིས་བགོ་བར་བྱའོ། །ཁ་དོག་ཞི་བ་དཀར་པོ་སོགས་རིགས་མཐུན་པའོ། །བདུག་སྤོས་ནི་ཙན་དན་གུར…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
གྲངས། རྒྱལ་མཚན་ནི་རྨ་བྱའི་མདོངས་ཀྱི་ཏོག་ཅན་དར་གྱི་འཕྱང་འཕྲུལ་ཅན་ཁ་དོག་སོ་སོ་བ་ཕྱོགས་སོ་སོར་གཟུག་པར་གསུངས་པས་མཚོན་ནས། བ་དན་དང་། བླ་རེ། ལྡ་ལྡི། རྒྱན་ཕྲེང་རོལ་མོ་སོགས་ཇི་ལྟར་འོས་ཤིང་རྙེད་པའི་མཆོད་པ་ཅི་འབྱོར་བར་བྱའོ། །དེ་ཡང་མཆོད་པ་རྣམས། ལས་སྔགས་ཀྱིས་བསང་ཆུས་བྲན་ཏེ་བསངས། སྭ་བྷཱ་བས་སྦྱང་ལ། སྟོང་པའི་ངང་ལས་…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
བ་ནི། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་ཀྱི་ནི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་པུཥྤེ་པུཥྤེ་སརྦ་སོགས་གོང་བཞིན། བདུག་སྤོས་ནི། དྲི་ཡིས་རྒྱས་པ་ལྷ་ཡི་ཟས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གིས་སོགས། དྷཱུ་པཾ་དྷཱུྃ་པཾ་སྦྱར་བ་མ་གཏོགས་གཞན་གོང་བཞིན། ལ…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
ནས། རིགས་སྔགས་རྒྱལ་པོ་དྲན་བཞིན། སྔགས་ཀྱི་ནོར་བུ་ཕྲེང་བ་དེ་ལག་གཉིས་ཀྱི་སྙིམ་པར་བཅུག་ནས། ཕྲེང་བ་བྱིན་རླབས་སྔགས་ན་སྔགས་འགྲུབ་པའི་ཐབས་སུ་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་སིདྡྷི་སཱ་དྷ་ཡ་སཱ་དྷཱ་ཡ་སིདྡྷ་རྠ་སྭཱ་ཧཱ། པདྨའི་རིགས་ལ། ཨོཾ་བ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། རྡོ་རྗེའི་རིགས་ལ། ཨོཾ་བཛྲ་ཨ་ཛ…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
གཞན་གྱིས་ཐོས་པར་བཟླ་བར་ལེགས་གྲུབ་ལས་གསུང་། སྔགས་བཟླ་ཚེ་ལྷ་དང་སྔགས་ལ་སེམས་པ་འབའ་ཞིག་མ་གཏོགས་ཆགས་སྡང་ཞུམ་འཇིགས་ང་རྒྱལ་སོགས་རྟོག་པ་གཞན་ཐམས་ཅད་སྤང་། སྒྲུབ་པའི་དུས་དག་ཏུ་ཁྲུས་གསུམ་བྱེད་པ་སོགས་གཙང་སྦྲ་མ་ཉམས་པར་བྱ་ཞིང་། གཉིད་རྨུག་ལེ་ལོས་བར་བཅད་པ་དང་ཉམས་པ་དང་། གྲིབ་ཅན་གྱི་གྲོགས་དང་འགྲོགས་པ་དང་། ཟས་ངན་པ་མི་ག…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
མཐོང་བ་དང་ནི་ཐོས་པ་དང་། རེག་པ་དང་ནི་དྲན་པའང་རུང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཏདྱ་ཐཱ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཊ་བི་ཀ་ཊ། ཀ་ཊཾ་ཀ་ཊེ་བྷཱ་ག་ཝ་ཏི་བི་ཛ་ཡ་སྭཱ་ཧཱ། ཞེས་གོས་ཀར་མོའི་སྔགས་བཟླས་པས་ནད་སོགས་བར་ཆད་ཞི་ཚེ་འཕེལ་ལོ། །དེས་ན་རིགས་ཀྱི་རྒྱལ་མོ་འདི་གསུམ་ཀ་ཅི་རིགས་སུ་དྲན་ཅིང་ག…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
རྡོ་རྗེའི་རིགས་ཀྱི། ཨོཾ་བནྡྷུ་ནི་རི་དྷི་བ་ཏེ་སྭཱ་ཧཱ། ཡང་ན་སྟང་ཟིལ་སྦྲང་རྩི་པི་ལིང་རྣམས་སྤྱན་མའི་སྔགས་སམ་གོང་གི་སྔགས་ཀྱིས་བཏབ་པས་མིག་ལ་བསྐུས་ན་བགེགས་ལས་བྱུང་བའི་གཉིད་སེལ་ཞེས་གསུངས་སོ། །གཞན་ཡང་སྔགས་བསྒྲུབ་པ་ལ་བགེགས་སྣ་ཚོགས་འབྱུང་ཞིང་། དེས་སེམས་གཡེངས་པ་དང་ཆགས་སོགས་རྟོག་པ་ངན་པ་བསྐྱེད་ནས་སྔགས་མི་འགྲུབ་ཅི…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
གང་ཡང་རུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་ནི་སྔགས་ལེགས་པར་གྲུབ་བྱེད་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་རྨད་དུ་བྱུང་བའི་ལས་བྱེད་པས། སྒྲུབ་པོ་རྣམས་ཀྱིས་གཅིག་ཏུ་གཅེས་སྤྲས་བྱ་སྟེ་ཙན་དན་དམར་པོས་བསྐུས་ནས་བཞག་ཅིང་སྔགས་ཀྱིས་བརླབས།སྔགས་དེས་མཆོད་པར་བྱ་གསུངས། ཡང་དཔུང་བཟང་གི་རྒྱུད་ལས། སོར་བཅུ་ནས་བཅོ་བརྒྱད་པའི་བར་གྱི་རྡོ་རྗེ་དང་…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
མཆོག་གི་རྒྱུ་ལས་གསུངས་པའོ། །རྟ་མགྲིན་གྱི་སྔགས། ཨོཾ་ཨ་མྲྀ་ཏོཏྦྷ་བ་ཧཱུྃ་ཕཊ། ཞེས་པ་དང་། གཙུག་གཏོར་འཁོར་ལོས་བསྒྱུར་བའི་སྙིང་པོ། བྷྲུྃ་གཅིག་མ་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་བའི་སྔགས་འདི་རྣམས་གང་ཡང་བགེགས་གཞོམ་པའི་གཙོ་བོ་ཡིན་ཏེ་བསྙེན་སྒྲུབ་གང་གི་དུས་སུའང་འདི་རྣམས་གལ་ཆེ་ཞིང་འདིས་ཆོག་པ་ཡིན་ནོ། །…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
འབྲུ་བཅོ་ལྔ་པ་མན་ཆད་ལ། འབྲུ་དུ་ཡོད་ཀྱི་གྲངས་ཀྱི་འབུམ་དང་། ཡི་གེ་སོ་གཉིས་པ་མན་ཆད་ལ་བཟླས་བརྗོད་སུམ་འབུམ་གྱིས་ཆོག་པར་གསུངས། སྔགས་དེ་ལས་མང་བ་བྱུང་ན་ཁྲི་ཙམ་བཟླས་པས་བསྙེན་པ་བྱ་བར་གསུངས། གཞུང་གཞན་ལས་གོང་དུ་སྤྱིར་བསྟན་པ་འདི་དག་རྫོགས་ལྡན་གྱི་དུས་སུ་ཡིན་གྱི། རྩོད་ལྡན་བསོད་ནམས་ཆུང་བའི་དུས་སུ་བཞི་འགྱུར་བཟླ་གསུང…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
མ་རྫོགས་པར། དུས་དང་གནས་གཞན་གྱིས་བར་ཆོད་པས་བསྙེན་པས་མཚན་ཉིད་པའི་གོ་མི་ཆོད་པས་བར་མ་ཆོད་པར་བཟླས་གྲངས་རྫོགས་པར་བྱ་དགོས་སོ། །དེ་ལྟར་ཅིས་ཀྱང་མ་གྲུབ་ན་དེའི་ལྡབ་ཐེབས་སུ་འབུམ་གཅིག་ལྷག་པོར་བཟླ་བར་གསུངས། གཞན་ཡང་སྔགས་བསྒྲུབ་པའི་དུས་སུ་སྤང་བླང་གི་རིམ་པ་མཐའ་དག་ལེགས་གྲུབ་དང་དཔུང་བཟང་གི་རྒྱུད་སོགས་ལས་གསུངས་པ་བཞིན་ད…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
མགོ་བསྟན་ནས་ཉལ་བའི་སྔགས་ལྷག་ཆད་མཉམ་ཏེ་བྲིས་པ་འོང་། མ་ཉམས་ན་སྔགས་སྔར་བཞིན་དུ་འཇོག་གི་གསར་དུ་བྲིས་པ་མི་འབྱུང་། ཡང་ན་རྨི་ལམ་དུ་སྟོན་པར་འགྱུར་རོ། །ཡང་ཞག་གཅིག་གམ་གསུམ་དུ་སྨྱུང་བ་བྱས་ལ་ཡར་ངོའི་དུས་བཟང་པོར་སྐྱུ་རུ་ར་དང་སྤོས་ཆུས་རང་ལུས་ཁྲུས་བྱས་ཏེ། སྲོད་ཀྱི་དུས་སུ་རང་གི་ལྷ་དང་སངས་རྒྱས་རྣམས་སྤྱན་དྲངས་ནས། མེ་…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
བཤོས་ཕུལ་བ་དང་། མར་ཏིལ་ཞོ་དང་སྦྲང་རྩི་དང་། སཱ་ལུའི་འབྲས་ཆན། བ་འོའི་ཟས་མཆོག་མར་བཅས་སྔགས་ཀྱིས་ལན་བརྒྱར་བཟླས་ཏེ་སྲེག་བླུག་ཕུལ་བའི་འཇུག་ཏུ་མཆོད་ཡོན་ཀྱང་ཕུལ་ན་རིག་སྔགས་ཀྱི་ལྷ་ཚིམ་པར་འགྱུར་རོ། །ཡང་སྤོས་ལ་ལྷའི་གཟུགས་བརྙན་བྱས་པར། མེ་ཏོག་མ་ཏ་ལིས་མཆོད་དེ་དུས་གསུམ་དུ་བཟླས་བརྗོད་བྱ། མཇུག་དུ་གཟུགས་དེར་ཤིང་གི་ཐང་…
MJN012
· འཇམ་མགོན་མི་ཕམ་རིན་པོ་ཆེ།
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
པོའམ་གྲུབ་པའི་སྤྱོད་པའི་དངོས་རྒྱུ་བརྩམ་པར་བྱ་ལ། དེ་ལྟར་མིན་ཡང་དུས་དང་གྲངས་ཀྱི་བསྙེན་པ་ལེགས་པར་རྫོགས་པའི་ཚེ་དངོས་གྲུབ་བསྒྲུབ་པ་ལ། སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ། དཀྱིལ་འཁོར་བྲིས་ནས་དེར་རིགས་བདག་དང་ཡུམ་སོགས་བཀའ་ཉན་གྱི་བར་གང་འདོད་པའི་ལྷ་རྣམས་བཀོད་ཅིང་མཆོད་པ་སོགས་རྒྱ་ཆེར་བྱ་དགོས་ཤིང་། སྨྱུང་བ་སོགས་བཤ…