Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      823 results — page 42 of 42
      MJN006 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྟ་མགྲིན་ནག་པོའི་ལས་འགྲིགས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།
      ལས་ཡིན༔ ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་དམ་སྲི་གདོན་གྱི་ཚོགས༔ ཞབས་ཀྱི་འོག་ཏུ་བསྡུས་ནས་ནི༔ རྟ་མགྲིན་ཁྲོས་པའི་ཆོགས་ཀྱིས་བརྡུངས༔ ཡེ་ཤེས་རི་རབ་བརྗིད་ཀྱིས་མནན༔ དྲག་སྔགས་རྡོ་རྗེའི་མཚོན་གྱིས་གཏུབས༔ གཟི་བརྗིད་མེ་དཔུང་འབར་བས་བསྲེགས༔ སྲིད་པ་ལས་ཀྱི་རླུང་གིས་གཏོར༔ ཇི་སྲིད་བསྐལ་པ་མ་རྫོགས་པར༔ དགྲ་བགེགས་…
      MJN006 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྟ་མགྲིན་ནག་པོའི་ལས་འགྲིགས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།
      སྐུ་ལ་མཐོལ་ལོ་བཤགས༔ ཞེས་ཡིག་བརྒྱ་བཟླས༔ འདོད་གསོལ་ནི༔ ཁྲོ་རྒྱལ་རྟ་མགྲིན་དགོངས་སུ་གསོལ༔ ཁྱེད་ལ་མཆོད་བསྟོད་བགྱིས་པའི་བྱིན་རླབས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང་༔ དབང་དྲག་འགུགས་བསྐྲད་མནན་གཟིར་ལ་སོགས་པའི༔ ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་བོ༔ དངོས་གྲུབ་ཀྱང་སྔགས་ཙམ་གྱིས་བླང་༔ …
      MJN006 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      རྟ་མགྲིན་ནག་པོའི་ལས་འགྲིགས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།
      གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ། །ཞེས་པ་འདི་ནི་སྔགས་པ་རྟ་མགྲིན་དབང་རྒྱལ་ནས་བསྐུལ་ངོར་རྟ་ནག་རང་གི་གཏེར་གཞུང་ལས། ཉང་གཏེར་གུར་དྲག་བདེ་གཤེགས་འདུས་པས་ཁ་བསྐངས་ཏེ་ལས་འགྲིགས་སུ་མི་ཕམ་རྣམ་པར་རྒྱལ་བ་པདྨ་བཞད་པས་བསྡེབས་པ་དངོས་གྲུབ་གཉིས་ཀྱི་དཔལ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག་མངྒ་ལཾ། །དགེའོ།། །།