Author
About 40% of texts have an author recorded — this list will grow as more are attributed.
1650 results
— page 34 of 83
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
བསྐང་བཤགས་དང་གཏོར་འབུལ་སོགས་མཛད་པས་ནམ་མཁའ་དྭངས། བརྟག་པ་ཡང་། ཨ་ས་ལང་ཕར་མཚོ་ཁར་ལོག་ན་ཕ་དང་ཨེ་འཕྲད་ཞུས་པས་མི་འཕྲད་ཅིང་བར་ཆད་ཆེ་བ་འདུག་གསུངས། ཕའི་བློན་པོ་ཐའི་ཅིང་གིས་ང་འདི་ནས་མགྱོགས་པར་མཚོ་ཁར་ཕྱིན་ན་དཔོན་པོ་དང་ཨེ་མཇལ། སྡེ་རྣམས་འཚམ་པོར་ཨེ་ཡོད། དཔོན་སྐུ་ཁམས་ཨེ་བཟང་ཞུས་པས། ད་ལྟ་སྡེ་ཡང་འཚམ་པོར་ཡོད། དཔོན་ཡང་…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
པའི་ཚེས་བརྒྱད་ནས་སྐུ་ཅུང་ཟད་བསྙུང་བའི་ཚུལ་བསྟན། ཉི་ཐང་དྲུང་འཚོ་བ་སོགས་ཀྱིས་འཕྲོད་བསྟེན་མང་དུ་བྱས་ཀྱང་གདངས་བསྐྱེད་ཆེར་མ་བྱུང་། སྔ་མོ་ནས་དགུང་ལོ་དོན་བདུན་ལས་མི་བཞུགས་པ་དང་། རིག་འཛིན་རཏྣ་གླིང་པའི་རྣམ་ཐར་དུ་ཁམས་ལྕགས་ཡིན་པས་བཞུར་ཡང་མི་བཏུབ་གསུང་བའི་ལུང་འདྲེན་ཡང་ཡང་གནང་སྟེ། ཁྱེད་ཉེ་འཁོར་རྣམས་ཀྱིས་འཁུར་དང་…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
ཀྱི་རྣམ་གཡེང་གིས་རང་དབང་མ་ཐོབ། དེ་ཡང་སེམས་ངོ་ཇི་བཞིན་མ་འཕྲོད་པའི་སྐྱོན་དུ་འདུག་གོ །འགྱུར་མེད་ཆོས་དབྱིངས་ངང་གཅིག་ཀྱང་། །གཉིས་མེད་གཉིས་སུ་ཤར་བ་ཡི། །སྣ་ཚོགས་སྤྲུལ་སྐུའི་ཟློས་གར་དེ། །མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། །འདི་སྣང་ལ་ཞེན་འཛིན་པ་ཅན། །ཆུ་ཤིང་འབྲས་ལྟར་གྲུབ་པའི་གཟུགས། །རྡོ་རྗེའི་སྐུ་ཡང་འཇིག་ཚུལ་གྱིས། །ར…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
རི་ཁྲོད་པ་རྣམས་ཀྱིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཟད་མི་ཤེས་པ་འབུལ་བ་དང་། རྒྱུད་སྟོད་སྨད་ཚོར་འདུས་པའི་སྟོང་རྩ། སེར་འབྲས་དགེ་གསུམ་ལ་མང་འགྱེད། དཔོན་སློབ་པཎ་ཆེན་རིན་པོ་ཆེ་སོགས་བླ་མ་རྣམས་ལ་ཐུགས་དམ་འདོགས་ཆས་ཀྱིས་མཚོན་དགོངས་པ་རྫོགས་ཐབས་རྒྱ་ཆེན་པོ་དཀའ་བཅུ་པ་…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
ཡིན་ན། གདུལ་བྱ་རྣམས་ཀྱི་དད་རྟེན་དུ་རང་བྱོན་གྱི་སྐུ་དང་གདུང་ཤ་རྭི་རཾ་སོགས་ཇི་སྙེད་ཅིག་འོང་ཚོད་དུ་འདུག་ཀྱང་། རབ་འབྱམས་པ་བྱམས་པ་སྨོན་ལམ་བྱེས་ཀྱི་དགེ་སྐོས་སྐབས་རྗེ་འདི་པའི་ཐུགས་དཀྲུགས་པའི་དམ་ཚིག་གི་སེལ་རེ་ཆེ་ཡོད་འདུག་པས་ཉམས་གྲིབ་ཀྱི་སྐྱོན་དུ་ངེས་ཏེ། གླིང་རས་པདྨ་རྡོ་རྗེར་ཡང་དམ་སེལ་ཅན་ཞིག་ལ་བརྟེན་ནས་གཤེགས…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
དཀའ་བཅུ་པ་སོགས་དགེ་སློང་བརྒྱད་གྲྭར་མཐའ་བསྟེན་པ་ཕ་བོང་ཁར་རྒྱུན་ཆད་མེད་པར་གནས་པ་ནི་རྗེ་དེ་ཉིད་ཀྱིས་དགོངས་པ་གཏད་པའི་བདེན་ཚིག་གི་མཐུའོ། །སླད་ནས་ཀྱང་བོད་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་བསྟན་འགྲོའི་ཕན་བདེ་སྙིང་ལ་གཅགས་པ་ཡིན་ན། གནས་འདི་ཉིད་དུ་དགེ་འདུན་གྱི་སྡེ་ཚུགས་པ་དང་སྲི་ཞུ་བགྱིད་པ་ལ་བརྩོན་པར་རིགས་སོ། །རབ་…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
ཀུན་ཏུ་མགོན་ཁྱོད་ཀྱིས། །དགྱེས་བཞིན་བརྩེ་བས་གཟུང་སྟེ་ངེས་གསང་ལམ། །ཐེག་ཆེན་ཆོས་ཀྱི་དཔལ་ལ་དབང་བསྒྱུར་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །རིགས་ཐམས་ཅད་ཀྱི་བདག་པོ་ཁྱབ་བདག་འཁོར་ལོའི་མགོན་པོ་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་སྐལ་བཟང་དད་པའི་ཤིང་རྟ་ཞེས་པ་འདི་ཡང་། རིང་…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ།
ཧོར་གྱི་ཟླ་བ་དྲུག་པའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།ཤུ་བྷམ་སུ་སརྦ་ཛ་ག་ཏཾ།། །།མངྒ་ལཾ།། །།
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ་བཞུགས་སོ།།
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
ནམཿཔྲབྷུཙཀྲེཤྭརབིདྱཱདྷརཝཱགིནྡྲཱཡ། ཕུན་ཚོགས་ངོ་མཚར་བཀོད་པའི་རང་བཞིན་དཀྱིལ་འཁོར་རྒྱ་མཚོའི་གླིང་བཞི་ལ། །རྨད་བྱུང་མཁྱེན་བརྩེ་ནུས་པར་ལྡན་པའི་གསེར་སྦྱངས་འཁོར་ལོ་རྩིབས་སྟོང་གིས། །མངའ་སྒྱུར་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་ཞེས། །སྔགས་འཆང་ཡོངས་ཀྱི་གཙུག་ན་མངོན་མཐོ་པདྨའི་གདུང་ཚབ་དམ་པ་རྒྱལ། །ཀ…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
པུར་ངེས། །ཚངས་པས་བསྐལ་པར་ངལ་བའི་ཁུར་བསྟེན་ནས། །སྨྲས་ཀྱང་མཛད་པའི་ཕ་མཐའ་རྫོགས་མིན་ཕྱིར། །ཐུན་མོང་གདུལ་བྱར་འཚམ་པའི་རྟོགས་རྗོད་ཀྱི། །ཚིག་དོན་ངོ་མཚར་བཀོད་པའི་རྒྱ་མཚོ་སྤེལ། །རྨད་བྱུང་ལེགས་པར་བཤད་པའི་ཟིལ་དངར་ཅན། །སྐལ་བཟང་འཆི་མེད་དབང་པོའི་སྤྱད་བྱའི་བཅུད། །གཟུར་གནས་ལེགས་བྲིས་ཚོགས་ཀྱི་དགའ་སྟོན་དུ། །གླེགས་བམ་ར…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
གཏེར་སྟོན་གསུམ་པ་རིག་འཛིན་ཆེན་པོ་ཡོལ་མོ་བ་བསྟན་འཛིན་ནོར་བུའམ་སྔགས་འཆང་ཆེན་པོ་སྟོབས་ལྡན་དཔའ་བོས་མཛད་པ་ལས། འོག་མིན་དག་པའི་ཞིང་དུ་ཐོག་མའི་མགོན་པོ་དཔལ་ཀུན་དུ་བཟང་པོ། མཁའ་ལས་འཇའ་ཚོན་བྱུང་བ་ལྟར་འཁོར་གྱི་རྣམ་པར་ཤར་བ་དཔལ་རྡོ་རྗེ་སེམས་དཔའ། དེ་ནས་རིམ་པ་བཞིན་རྒྱལ་སྲས་རྡོ་རྗེ་སྙིང་པོ། ཁྱིའུ་ཆུང་ཤེ་ལ་རོག་པོ། རྒྱ…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
གསལ། ཨུ་རྒྱན་གྱི་ཡུལ་གྲུ་ཆེན་པོ་བཅུ་དྲུག་སྐྱོང་བའི་ཚེ་བཀའི་སྡུ་བ་པོ་བདེ་བའི་འབྱུང་གནས། སེང་གེ་སྒྲ་སྒྲོག་གིས་རྡོ་རྗེ་གདན་དུ་མུ་སྟེགས་ཚར་གཅོད་པའི་ཚེ་གཏེར་གྱི་སྒྲོམ་བུ་འབུལ་བ་པོ་མཁའ་འགྲོ་མ་གར་གྱི་དབང་ཕྱུག་ཀླུའི་རྒྱལ་པོ་ཁྱབ་འཇུག་འདུལ་བའི་ཚེ་བདེ་མཆོག་དུས་སྙིིང་གི་ཡུམ་ལྷ་མོ་བདེ་འབྱུང་གཉིས་པ། དབུས་འགྱུར་རྡ…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
ཞེས་བསྔགས་པ་བརྗོད་པའི་ཡུལ་དུ་གྱུར་པ་དེ་དག་དང་གདུང་རུས་གཅིག་པ་སྔགས་འཆང་ནག་པོ་རོ་ཟན་གྱི་སྲས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ཞེས་གསང་སྔགས་གསར་མའི་ལོ་ཙཱ་བ་ཆེན་པོ་དེ་ཉིད་དུ་གྱུར་པའི་ཚེ་པཎ་གྲུབ་རྣམ་པ་གསུམ་ལ་བརྟེན་ནས་དམ་པའི་ཆོས་མང་དུ་བསྒྱུར་ཅིང་། རྗེ་བཙུན་བྱམས་པའི་སྐུ་མཐོང་ཐོས་དྲན་རེག་དོན་ལྡན་འདི་ཉིད་བཞེང་བར་མཛད…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
པོའི་རྣམ་པ་ལ་རྩེ་མོར་རྒོད་ཀྱི་སྒྲོ་ཇི་ལྟ་བ་གསུམ་དང་། དགུང་ལོ་ཉེར་བཞི་པའི་དུས་རྒོད་ཀྱི་སྒྲོ་ལྔ་སྐྱེས་པས་འཁྲུངས་ཡུལ་དང་མཚན་རྟགས་སོགས་ཀྱི་ངེས་པ་ནི་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལུང་བྱང་ལས། ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ རི་བོ་བཀྲ་བཟང་ཤར་འདབ་ཏུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ༔ རྒོད་ཀྱི་ལྡེམ་ཕྲུ་ཅན་ཞིག་འབྱུང༔ དེ་ཕྱིར་ང་ཡ…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
སྙིང་བྱང་འབྲིང་པོ་ཐུགས་རྗེའི་འོད་ཟེར། སྙིང་བྱང་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་རྣམས་ལས་གསལ་བ་ལྟར་ཡིན་ལ། དེ་ཡང་གཏེར་སྟོན་བཟང་པོ་གྲགས་པ་དེ་ཉིད་ཐོག་མར་ཕྱག་རྒྱ་ཆེན་པོའི་སྒོམ་ཆེན་ཞིག་ཡིན་པ་ལ་གནོད་སྦྱིན་བུ་ལེས་གཏེར་འདོན་པར་བསྐུལ་བ་དང་། རེ་ཞིག་ན་དིང་རིར་ལྡོམ་བུ་ལ་བྱོན་པའི་ཚེ་སློབ་དཔོན་ཆེན་པོའི་སྤྲུལ་པ་སྙེ་ནམ་ལ…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
རེངས་དང་པོའི་ཚེ་གཏེར་གནས་ཀྱི་ཐང་དུ་འོད་ཟེར་སྐར་ཆེན་ཤར་བ་ལྟ་བུ་དང་། ཉི་མའི་རྩེ་ལ་དཔག་བསམ་གྱི་སྡོང་པོ་ལྟ་བུའི་འོད་ཟེར་དཀར་པོ་རི་བོ་བཀྲ་བཟང་གི་ཐད་ལ་ཟུག །བྲག་ལ་ཟིལ་པ་ཁ་བ་བབས་པ་ཙམ་འདུག་པའི་འོག་ནས་འཛེང་རྡོ་དཀར་པོ་སོགས་སྤྱན་དྲངས་པ་ཡིན་ཏེ། སྙིང་བྱང་རྒྱས་པ་ལས། རྟ་ལོ་སྦྲུལ་གྱི་ཟླ་བ་ཡི༔ ཚེས་བརྒྱད་སྟག་གི་ཁ་རླུང…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
གྲུབ་བླང་བ་མཛད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པའི་བྲག་ཕུག་ནས་རྡོ་རྗེའི་རྒྱ་གྲམ་གྱི་མཚན་རྟགས་ཀྱི་འོག་ཏུ་ལྡེ་མིག་བསྣུན་པས་བྲག་གི་སྒོ་གསལ་བའི་ནང་དུ་རྡོ་སྔོན་པོ་གྲུ་བཞི་སྒོ་དགུ་ཡོད་པ། སྒོ་རྒྱན་དངུལ་གྱི་མདོག་འདྲ་བའི་གཟེར་བཏབ་པ། སྟེང་ན་སྦྲུལ་ཁ་དོག་སྔོ་སྐྱ། ལྟོ་བ་སེར་པ…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ནུབ་ན་ཟངས་མཛོད་དམར་པོ་རྟེན་འབྲེལ་གྱི༔ ཟབ་ལམ་ཐབས་ཀྱི་དངོས་གྲུབ་གནང་ཏིག་ཡོད༔ རྩ་བ་གཅིག་ལ་མན་ངག་བརྒྱ་རྩ་གཅིག༔ བྱང་ན་ལྕགས་མཛོད་ནག་པོ་ངན་སྔགས་ཀྱི༔ རེག་གཅོད་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ལ༔ མ་བུ་ལྔ་ལྔར་ཕྱེ་བས་བརྒྱ་རྩ་གཅིག༔ དབུས་ན་ཤོག་དྲིལ་རྒྱ་ཅན་གསུམ་ཡོད་པས༔ ལས་ཅན་སྣོད་བརྟག་དམ་…
GLG008
· ངག་དབང་བློ་བཟང་རྒྱ་མཚོ།
བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ།
ང་ཡི་རྗེས་འཇུག་སྦས་པའི་རྣལ་འབྱོར་པ༔ འགྲོ་དོན་ཆེར་སྤྱོད་ལྷག་པར་ང་ལ་མོས༔ ཐེ་ཚོམ་ཆུང་ཞིང་ཆོས་རྒྱལ་གདུང་རྒྱུད་སྐྱོབ༔དེ་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང༔ ཞེས་དང་། ནང་གཏེར་ལྷ་སྲས་ཞུ་ལན་གྱི་མཇུག་ཏུ། དུས་ངན་ཐ་མ་མཐར་ཕུག་སླེ་ཀ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔ ང་…