Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      6140 results — page 252 of 307
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ཨོཾ་སྭཱ་སྟ། ན་མོ་གུ་རུ་ཝེ། བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་རྡོ་རྗེ་འཆང་གི་ལམ། །གསལ་མཛད་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གུས་པའི་ཡིད་ཀྱིས་ཡང་ཡང་ཕྱག་འཚལ་ནས། །མཛད་པའི་ཚུལ་རྣམས་མདོ་ཙམ་བརྗོད་པར་བྱ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      པར་མཛད་པའི་འཕྲིན་ལས་ཅན་ཡིན་པའི་ཕྱིར། དམ་པའི་ཆོས་ཀྱི་བཀའ་ཇི་ཙམ་མངའ་བའི་ཚད་གཟུང་བར་ནི་ག་ལ་སྤྱོད། འོན་ཀྱང་རྗེ་ཉིད་ཀྱི་རྩ་བའི་བླ་མ་གྲུབ་ཆེན་ཞི་བའི་ཞལ་སྔ་ནས། བྱིན་རླབས་ཀྱི་བཀའ་བབས་བདུན་དང་ལྡན་པར་གྲགས་ཤིང༌། དེ་ཉིད་ཀྱི་གདམས་པ་མ་ལུས་པ་ཡང་རྗེ་ཉིད་ཀྱིས་ལེགས་པར་གསན་པ་ཡིན་ནོ། །དེ་ལ་བཀའ་བབས་དང་པོ་ན། ཕྱག་རྒྱ་ཆེན་…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ལ་དོན་དམ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་མྱོས་བྱེད་དུ་སྣང་བ་དག་ཡང་དང་ཡང་དུ་སྩལ་བས། རྣམ་པར་རྟོག་པ་མེད་པར་གསོལ་བ་ན། ནང་དུ་ཏིང་ངེ་འཛིན་མཆོག་བརྙེས་ཀྱང༌། བྲམ་ཟེའི་རིགས་ཉམས་པར་བྱས་ཞེས་གྲགས་པ་ངན་པ་བྱུང༌། དེར་བྲམ་ཟེ་རྣམས་ཀྱིས་དམའ་དབབ་པར་འདོད་པ་ལ། སློབ་དཔོན་ནི་ནང་གི་རྣལ་འབྱོར་གྱི་མཐུས་ནུས་པ་རྙེད་པ་ཡིན་པས། བྲམ་ཟེ་ར…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ཕྱོགས་མ་ར་ཧ་ཊ་ཞེས་བྱ་བར་བདག་ཉིད་ཀྱི་རྒྱུད་གྲོལ་བར་བྱེད་པ་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་ཅན་ཞིག་གཟིགས་ཏེ། དེའི་མདའ་སྲོང་བ་ལ་སོགས་པས་ཀྱང༌། གནས་ལུགས་ཀྱི་དོན་བརྡ་ཐབས་ཀྱིས་མཚོན། ངོ་སྤྲད་པ་བཞིན་དུ་གྱུར་ཏེ། ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང༌། མདའ་མཁན་གྱི་བུ་མོ་དེ་ཉིད་ཕྱག་རྒྱར་ཁྲིད་ནས། ཡུལ་སྣ་ཚོགས་ས…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      འདི་ནི་བོད་རྣམས་དང་མཐུན་པར་བྱས་པ་ཡིན། ཕྱིས་སངས་རྒྱས་ཐོད་པའི་ཟིན་བྲིས་རྒྱ་དཔེ་འཐོར་བ་གཅིག་ན། བར་དུ་རབ་ཏུ་བྱུང་བའི་སྐོར་དེ་མེད་ཅིང༌། བྲམ་ཟེ་སྒྲ་གཅན་འཛིན་དང༌། གནས་བརྟན་སྒྲ་གཅན་འཛིན་ཐ་དད་པར་འདོད་པའང་སྣང༌། མི་ཉག་ལོ་ཙཱ་བའང་དེ་བཞིན་འདོད་པར་མངོན་ཏེ་དེ་ངོས་མི་འཐད་རྒྱུའང་མེད་དོ། །དེའི་སློབ་མ་ནི་སློབ་དཔོན་ཀླུ་…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      པོ་ཆེན་པོའི་རིག་སྔགས་གྲུབ་ནས། དྷ་ནྱ་ཀ་ཊ་ཀའི་གླིང་ན། ནག་པོ་ཆེན་པོའི་རྒྱུད་བཞུགས་པ་སྤྱན་འདྲེན་པར་དགོངས། གླིང་དེར་མི་གཡོ་བ་ལ་བརྟེན་ཏེ་སྒྱུ་མ་བསྒྲུབས་ནས། སྒྱུ་མས་མཁའ་འགྲོ་མ་རྣམས་མགོ་འཁོར་བའི་བར་ལ། ལྷ་མོ་ནག་མོ་དང༌། ནག་པོ་ཆེན་པོའི་རྒྱུད་བརྒྱད་དེ་ཕྱག་གཉིས་གཉིས་པ་ནས་ཕྱག་བཅོ་བརྒྱད་ཀྱི་བར་གྱི་རྒྱུད་དང༌། ཀུ་རུ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ཞུས་པས། སློབ་དཔོན་ན་རེ། མ་ལེགས་ཟས་ཀྱི་ཆར་འབེབས་པའི་ནུས་པའང་ང་ལ་ཡོད་པ་ལ། ཁྱོད་སེམས་ཅན་ལ་སྙིང་རྗེ་ཆུང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ། ད་ནི་དེའི་སྡིག་སྦྱོང་ལ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང༌། མཆོད་རྟེན་ཁྲི་ཕྲག་བཞེངས་དགོས་གསུང༌། དེ་དགེ་སློང་གཅིག་ཁོ་ནས་འགྲུབ་དཀའ་བར་གཟིགས་ནས། ཡོ་བྱད་གནོད་སྦྱིན་ཛམ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ཆེན་པོ་གཟིགས་ནས། རེ་ཤིག་ཀླུའི་ཡུལ་དུ་བྱོན་ནོ། །ལོ་རྒྱུས་ཁ་ཅིག་ལས། འདས་པའི་སངས་རྒྱས་འོད་སྲུང་དང་གསེར་ཐུབ་ལ་སོགས་པའི་ཞལ་མཐོང་བའི་དགེ་སློང་ཡིན་ཟེར་བ། ལུས་གཞན་པས་ཆེ་བ་མང་པོས་གཟིགས་ཟེར་ཏེ་ཆེ་བ་ཙམ་ཡིན་ནོ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདིའི་དགྲ་བཅོམ་པ་མང་པོ་ཀླུ་རྣམས་ཀྱི་མཆོད་གནས་སུ་འདུག་པ་རྣམས་ན་རེ། ངེ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ལེའུ་གསུམ་ནི་ཉི་ཁྲི་ནས་དྲངས་པའོ། །དེ་ནས་ས་སྟེང་དུ་བྱོན། རིག་ཚོགས་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས། དགེ་སློང་བདེ་བྱེད་ལ་སོགས་པ་ཐེག་པ་ཆེན་པོ་ལ་སྡང་བ་ཐམས་ཅད་རྩོད་པས་སུན་ཕྱུང༌། ལར་ཉན་ཐོས་སེན་དྷ་པས་བརྩམས་པའི་རྟོག་གེ་ཐེག་ཆེན་ལ་རྩོད་པའི་གཞུང་མང་པོ་བྱུང་བ་དེ་དག་གི་དཔེ་ཐམས་ཅད་བསྡུས་ནས་ས་འོག་ཏུ་སྦས་སོ། །ཡ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ལ་བརྟེན་ནས་བཅུད་ལེན་དང་གནོད་སྦྱིན་གྱི་མངག་གཞུག་གྲུབ། དགེ་འདུན་བཞུགས་པའི་གཙུག་ལག་ཁང་ལྔ་བརྒྱ་བཞེངས་སོ། །ཕྱིས་དཔལ་གྱི་རིར་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ཏེ། སྔགས་ཀྱི་སྤྱོད་པས་བཞུགས། མཚན་བཟང་པོ་སོ་གཉིས་ཀྱང་སྐུ་ལ་འགྲུབ། ཕྱིས་དབུ་སྦྱིན་པར་བཏང་བའི་རྐྱེན་གྱིས་ལོ་ཕྱེད་ལོའི་ལོ་དྲུག་བརྒྱར་བད…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      རྒྱལ་བུས་སློབ་དཔོན་བཅུད་ལེན་གྲུབ་པས། སླར་འགྲིག་གི་དོགས་ནས་དབུ་དཔག་ཚད་མང་པོས་ཆོད་པའི་སར་ཁྱེར། དེར་གནོད་སྦྱིན་མོས་ཕྲོགས། དབུ་ཕ་བོང་གི་ཁར་བཞག་པས་ཕ་བོང་གས་པའི་ས་དེར་འཕགས་པ་སྤྱན་རས་གཟིགས་ལྷ་ལྔའི་རྡོ་སྐུ་རང་བྱོན་དུ་བྱོན། དབུ་དང་སྐུ་ལུས་གཉིས་ལ་ཡོན་བདག་གནོད་སྦྱིན་མོས་སོ་སོར་ལྷ་ཁང་བརྩིགས། དེ་གཉིས་ཀྱི་བར་དུ་ས…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      བ་ལྟར་གྱིས་ལ་སེམས་ཅན་གྱི་དོན་གྱིས་གསུང༌། ལྕམ་གཉིས་ལ། ལོ་གི་དང༌། གུ་ནི་ཟེར་བ། ཕྱིས་མཁའ་འགྲོ་མ་པདྨ་ཝརྟི་དང༌། ཛྙཱ་ན་ཝརྟི་ཡིན་ཅེས་ཕྱག་ཆེན་བརྡ་སྐོར་བ་དང༌། དོ་ཧ་འཆད་མཁན་བོད་རྣམས་ཟེར་ཏེ། ལྕམ་གཉིས་དང་ལྷན་ཅིག་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས། རྔོན་པའི་བྱ་བ་བྱེད་པ་ལྟར་མཛད་དོ། །རྡོ་རྗེ་འཆང་གི་གོ་འཕང་བརྙེས་པས། གྲུབ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      མོས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང༌། རྐང་པ་བརྐྱང་པ་སྤངས་ནས་སུ། །འཁོར་བའི་མངག་གཞུག་དོར་ནས་ཀྱང༌། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །ཞེས་གདམས་པས། གཡེང་བ་མེད་པར་བསྒོམ་དགོས་པར་ཤེས་ཏེ། སྔར་གྱི་ལས་བྱས་ན་གཡེང་བས་འཁྱེར། ཤིང་ཏོག་སོགས་ལའང་འབད་རྩོལ་དགོས། བསོད་སྙོམས་ཀྱང་ཆགས་སྡང་སྐྱེ།…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      བློ་བཟང་དེ་ཡང་གཞན་གྱི་དམ་པའི་སྤྱོད་ལ་བཞད་གད་བྱེད་པ་ན། ཨེ་མ་འཁོར་བ་ངོ་མཚར་རེ་ཆེ་འདི་ལ་སྨྲ་མང་ཅི་ཞིག་དགོས་གསུང༌། དེ་རྒྱལ་པོ་ལ་བརྗོད་པས། དེ་ཆོམས་ཤིག་ཟེར། དམག་རྣམས་འོངས་པས་སློབ་དཔོན་གྱིས་ཧ་ཧ་ཧི་ཧི་ཞེས་བཞད་པས། དམག་མི་ཐམས་ཅད་རེངས། དེར་གཅིག་གིས་གྲུབ་ཐོབ་ཏུ་ཤེས་ནས་གུས་པ་བྱས་པས་རེངས་པ་ལས་གྲོལ། དེས་བསྟན་ཏེ་གཞ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      དངོས་གྲུབ་ཐོབ་གསུང༌། དེ་གཉིས་ཀྱིས་ཀྱང་སྲིད་སྤངས་ནས་དེ་བཞིན་བྱས། རྒྱལ་པོས་སྨད་འཚོང་མའི་གཡོག་བྱས་ཏེ། དེར་འོངས་པའི་སྐྱེས་པ་རྣམས་ཀྱི་རྐང་པ་བཀྲུ་བ་སོགས་བྱེད་ཅིང་ཏིང་ངེ་འཛིན་བསྒོམས་པས། ལན་གཅིག་ནམ་ཕྱེད་ན་སྐྱེས་པ་གཅིག་གིས་ལྡོག་ཕྱིན་པས། ཁོལ་པོའི་སྤྱིལ་པོ་ན་མེ་འབར་བར་མཐོང༌། བལྟས་པས། དེའི་ལུས་ཀྱི་འོད་དུ་འདུགགྲ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      མང་དུ་བཤད་པས། སྐྱེ་བོ་དཔག་ཏུ་མེད་པ་ཡང་གྲོལ་ལོ། །འབྲས་བརྡུང་བའི་ཌེངྒི་ལ་སེམས་ཟིན་པས་ཌེངྒི་བར་གྲགས་སོ། །ཡང་ཤཱ་བཱ་རིའི་སློབ་མ་དུས་ཕྱིས་བྱུང་བ་ན། མངའ་བདག་ཆེན་པོ་མཻ་ཏྲི་པ་སྟེ། མཚན་ནི་མཻ་ཏྲི་གུཔྟའོ། །དེ་ཡང་བྲམ་ཟེ་མུ་སྟེགས་ཀྱི་པཎྜི་ཏ། ཕྱིས་ནཱ་རོ་པ་དང་མཇལ་ནས་ནང་པར་གྱུར་ཏེ། དབང་དང་གདམས་ངག་ཞུས། ནཱ་ལནྡྲར་རབ་ཏུ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      སྦྱོང་ལ་མངའ་བདག་རང་ལ་ཆོས་གསན་པ་དང༌། བོད་དུ་བྱོན་ཡང་ཟེར། སཱ་ཚ་འཆག་མེད་མཛད་ཀྱང་ཟེར། དེར་ནུས་པ་ནི་དཔག་ཏུ་མེད་པ་བརྙེས་ཀྱང༌། དེ་ཁོ་ན་ཉིད་ཅུང་ཟད་མ་རྟོགས་པ་ལ། ཡི་དམ་གྱི་ལུང་བསྟན་བྱུང་ནས། དཔལ་གྱི་རི་ལ་ཤཱ་བཱ་རི་པ་འཚོལ་དུ་བཞུད་པ། ལྷོ་ཕྱོགས་ཀྱི་ལམ་དུ་རྒྱལ་བུ་ས་ཀ་ར་དང་འཕྲད། དེ་དང་ལྷན་ཅིག་དཔལ་གྱི་རིར་ཕྱིན་པས། དེ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      སླར་ཡུལ་དབུས་སུ་བྱོན་ནོ། །བོད་རྣམས་དེ་རྗེས་ཤཱནྟི་པ་དང་རྩོད་པ་བྱས་པ་སོགས་ཀྱི་ལོ་རྒྱུས་འཆད་པ་ནི་དོན་ལ་ཡང་མི་རིགས་པར་སྣང་ཞིང༌། འཕགས་པའི་ཡུལ་ན་ཁ་སྐད་ཙམ་ཡང་མེད་གསུང༌། བོད་ན་དེ་ལྟར་གྲགས་ཞུས་པས། བྷོཊྚ་སྭ་ན་བཱཀྟྱསཱ་མ་ཡ་ཚོ་ཌེ་ཀ་སིདྡྷི་སཱ་དྷ་ཀ་ཀྱཱ། ཞེས་གསུངས་ཏེ་བོད་པ་ཁྱིའི་ལབ་དམ་ཚིག་སྤངས་པའི་གྲུབ་ཐོབ་དང་སྒྲུབ…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      པ་མངའ། སྔོན་ཤཱ་བཱ་རི་པ་ལ་མ་དད་པ་གཉིས་པོ་དེས་སྐུ་ལུས་གནས་མ་གྱུར། དགུང་ལོ་བདུན་ཅུ་ཙམ་ན་སྐུ་འདས་ཏེ། བར་དོར་ཕྱག་རྒྱ་ཆེན་པོ་མཆོག་འགྲུབ་བོ། །ཇོ་བོ་ནཱ་རོ་པ་སྐུ་འདས་པ་ཙམ་ན། སློབ་དཔོན་འདིའི་འགྲོ་དོན་འགོ་ཚུགས་པ་ཡིན། ནཱ་རོ་པ་ཙམ་རང་གི་སྙན་གྲགས་དང་སློབ་མ་འདུ་འཚོགས་ནི་བག་ཙམ་མ་བྱུང་མོད། ཐོག་མཉམ་ལ་གཞན་ཕན་ཆེ་ཤོས་ཡིན…
      JTN017 · ཏཱ་ར་ནཱ་ཐ།
      བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར།
      ཅན་ཡིན་པར་གྲགས་སོ། །དེ་ནི་རིགས་རྒྱལ་རིགས་ལྷོ་ཕྱོགས་ཀརྞ་ཊ་ཀར་འཁྲུངས། ཆུང་ངུ་ནས་རིག་པའི་གནས་མང་པོ་མཁྱེན། མངའ་བདག་མཻ་ཏྲི་པ་ལོ་བཅུ་གཉིས་སུ་བསྟེན། མཻ་ཏྲི་པ་སྐུ་གཤེགས་ནས། མཆོད་རྟེན་དཔལ་ཡོན་ཅན་དུ་ལོ་གསུམ་བླ་མའི་མྱ་ངན་བྱེད་ཅིང་གཏམ་ཡང་མི་གསུང༌། རྩེ་གཅིག་ཏུ་སྒྲུབ་པ་མཛད་ཅིང་བཞུགས། དེ་ནས་སྙིང་པོའི་དོན་ཐམས་ཅད་མང…