Author
About 40% of texts have an author recorded — this list will grow as more are attributed.
912 results
— page 46 of 46
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
དང་པོར་བྱས་ནས་ཉིན་དགུ་མཚན་དགུར་འཆར་བའོ། །སྨེ་བའི་ཤ་རྩིས་ལ་དུས་ཚོད་དུམ་གསུམ་གསིལ་ཞེས་པ་ཉིན་གྱི་དུས་དྲུག་པོ་གསུམ་དུ་གསིལ་བས་དུས་ཀྱི་སུམ་ཆ་གཉིས་རེ་སྨེ་བ་རེའི་ཡུན་ཡིན་ཞེས་སོ། །དོན་ལ་ཉིན་ཚད་མཚན་ཚད་དགུས་བགོས་ཐོབ་སྨེ་བ་རེའི་རྒྱུ་ཡུན་ཡིན་ནོ། །དེ་ལ་དུས་སྨེ་གང་ཤར་ལས་མི་རིགས་དང་ཟས་སོགས་གང་ཡིན་ངོས་བཟུང་། དུས་སྨ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
ནད་པའི་སྐབས་སུ་ནད་པ་དེ་ཕ་ཁུའམ་མ་སྲུ་བུ་ཚ་སོགས་གང་ཡིན་པ་དེའི་ས་དེར་བརྟག །ཞིབ་ཚགས་ཞེས་པ་རང་བཞིན་སྨེ་འབྲས་ཙམ་དང་། རྦད་ཆོད་འཐབ་པ་ལ་བྱའོ། །སྨེ་བ་གསུམ་སྡེབས་ནི། སྨེ་ཕྲེང་ལོའི་རྗེས་སུ་འབྲང་བའི་བརྩི་ཉིན་ཉི་མའི་དབང་ཐང་གི་སྨེ་བ་དེ་དབུས་སུ་བཞག་ནས་གནམ་ལྕགས་སོགས་ཀྱི་འགྲོས་སུ་བཀོད། །དེ་ལ་དུས་ཀྱི་དབང་སྨེས་སོ་སོར་འ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
དུས་ཀླུང་ཆུ་སྟེ་རྗེ་དཔོན་བྱང་དུ་དང་། དུས་དབང་གི་དགྲ་མེ་ཡིན་པས་དགྲ་ལྷོ་རུ་ཡོད་པ་ལྟ་བུའོ། །གཉེན་དགྲ་ཡོད་མེད་ཀྱང་དུས་དབང་ལྕགས་ཀྱི་དར་གུད་དུས་སྦྲུལ་སྟེང་ཁྱེར་བས་བཙས་པ་བབ་པས་བརྩི་བྱ་རང་སར་གྲོགས་ལས་དགྲ་མེད་ལ། དེས་མཚོན་བཟང་དྲུག་ལ་གྲོགས་ལས་དགྲ་མེད། ངན་དྲུག་ལ་དགྲ་ལས་གྲོགས་མེད་ཅེས་པ་ལྟ་བུའོ། །ཤིང་མེ་ས་ལྕགས་ཆུ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
དཔྱིད་ར་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན། དེ་བཞིན་རྒྱལ་ཟླའི་ཉེར་ལྔ། ཆོ་འཕྲུལ་གྱི་ཉེར་གསུམ་རྣམས་ལ་ཟླ་སྐར་ལྷ་མཚམས་འཆར་བ་རགས་པ་དང་། ཞིབ་པར་ཟླ་བ་དེ་གསུམ་གྱི་ཚེས་གྲངས་དེ་སྐོར་བྱེད་རྩིས་ལྟར་གྱི་ལྷ་མཚམས་ཕོག་དབང་གཙོར་བཏོན་དགོས་ལ། དེ་ཡང་ཐོ་རངས་སྐབས་སུ་སྐར་ཁང་གསུམ་ཀ་བརྟག་ལུགས་ཚུལ་མཐུན་པར། དང་པོ་སོགས་གར་བབ་དཔེ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
གཉིས་གཅིག་པ་ས་ཁྱི་ཡིན་པས། ས་ཁྱི་ནས་ལོ་གྲངས་བར་སྦུབ་པས་ལྕགས་ཕག་ལ་བབས་པར། བརྩི་བྱའི་སྲོག་གིས་འཐབ་པས་ཆུ་ནང་ཕྲད་དང་། བརྩི་བྱ་ལུས་ཤིང་ཡིན་པས་རང་གི་དེ་ཉིད་ཅེས་པས་ལུས་དེའི་ཁམས་མཐུན་སྟག་ཡོས་ཡིན་ལ་དེ་ཡང་ཕོ་ལོ་སྟག་གི་ལོ་བཟུང་དེ་ཡང་སྲོག་དབང་མཐུན་པ་ཤིང་སྟག་ནས་སྦུབ་པས་མེ་ཡོས་ཀྱི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པས་བ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
ཞབས་འདེགས་ཚུལ་དུ་འདི་བྲིས་པའི། །དགེ་བས་འགྲོ་བ་ཀུན་ལ་ཕན་པར་ཤོག །དེ་ཡན་ཆད་ཀྱིས་བཻ་དཀར་གྱི་ནག་རྩིས་ཀུན་གྱི་བརྗེད་བྱང་རྫོགས་སོ།། །། ༈ དེ་དག་ནི་སྔ་ཕྱིར་བཻ་དཀར་བུ་ཡིག་པོད་ཆེན་བརྒྱད་ཙམ་མིག་ལམ་དུ་སོན་པ་དང་དྲུང་མཁས་པ་རཏྣའི་ཟིན་བྲིས་སོགས་ཚད་ཐུབ་ཀྱི་ཡིག་ཆ་ལ་བརྟེན་ནས་དེང་སང་གི་རྩིས་པ་རྣམས་ཀྱིས་བཻ་དཀར་ནག་རྩིས་སྐ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
མོ་ཀླུ་ཞལ་ནས་རྩི། ཕོ་སྦུབ་མོ་བཀེན་ནས་རང་རང་གི་ལོ་གྲངས་དུ་ལོན་བར་བརྩིས་ལ་གང་བབ་འབྲས་བུ་གཞུང་ལྟར་བཤད་དོ། །བྱེ་བྲག་རྣོ་ཐིག་དུས་རྩིས་སྐོར་ནི་ལོགས་སུ་བྲིས་པ་བཞིན་ཤེས་པར་བྱའོ། །གསར་འགྱུར་གསེར་རྩིས་ལུགས་ལ་ནི། ཞག་གི་ལོ་འབྱུང་རྣམས་གྱོ་ཁང་རེའུ་མིག་བཞིན་ལ། ལོ་དང་ཉི་མ་བསྟུན་པའི་ལས་རྩིས་སོགས་དང་། ས་དཔྱད་ར་བ་དང་འ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
པ་དེ་རྟ་དང་འཕྲད་པས་མུང་ཡིན་པ་བཞིན་ཤེས་པར་བྱའོ། །ལཱུ་བཞིན་རྩིས་འདི་ནི་སོག་པོ་དགེ་བཤེས་བསམ་གཏན་ལས་ལག་ཁྲིད་བྱས་པ་བཞིན་བྲིས་པའོ། །འདི་རྣམས་ཞར་ལ་བརྗོད་པ་ཡིན་ནོ། །དེ་ལྟར་གཙུག་ལག་སྤོར་ཐང་གི། དཀའ་གནད་བརྗེད་བྱང་འདི་བྲིས་པས། །རྩིས་པ་རྣམས་ལ་ཕན་ཐོགས་ཤིང་། །དེས་ཀྱང་འགྲོ་ལ་ཕན་གྱུར་ཅིག །ཅེས་པ་འདི་ནི་མི་ཕམ་པས་བྲིས་…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
པ་དེ་དག་གིས་ཀྱང་སླ་ཆོས་དང་རང་བཟོས་མགོ་སྐོར་སྤུ་ཙམ་མ་འདྲེས་པར་རྩིས་རྒྱས་པ་ལྟར་རྩི་དགོས་པའི་འོས་རྣམས་ལ་གཞུང་ཆེན་པོ་རྣམས་ལས་བྱུང་བའི་རྡེལ་གྲངས་ཆད་ལྷག་མེད་པར་རྩི་ཞིང་། ཁྲ་མ་དང་འབྲས་བུ་བཟང་ངན་རིམ་གྲོ་བཅས་ལུས་པ་མེད་པར་སླར་མཁས་པས་བལྟས་ཀྱང་སྙད་འདོགས་མེད་པའི་ཚུལ་དུ་ཤོག་ཁྲར་བཀོད་ནས་དེར་བབས་ཀྱི་རིམ་གྲོ་གཞན་ཐེམ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
ཡིན་ཕྱིར་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཅིས་ཀྱང་གལ་པོ་ཆེར་བཟུང་དགོས་ཏེ། ནག་རྩིས་ཀྱི་རྒྱུད་རིན་ཆེན་སྤུང་པ་ལས། བརྩིས་པའི་ཡོན་ཏན་མ་བརྩིས་སྐྱོན། །ཁང་ས་བཟང་པོ་བཙལ་བས་ན། །དབུལ་ལས་མི་དར་ནོར་འཕེལ་འགྱུར། །བག་མའི་གཉེན་སྤྱོར་བརྩིས་པ་ཡིས། །སྲིད་འཕེལ་ཉེ་བ་དགྲར་མི་ལྡང་། །གཤིན་པོ་འདུར་ལེགས་ཤི་སྒབ་ཆད། །གཟའ་སྐར་བརྩིས་…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
པའི་བླུན་པོ་ནི། །ནོར་བུ་ཕྱུགས་ལ་ཇི་ལྟ་བུ། །ཁྭ་ཡིས་ནོར་བུ་དཔལ་མིན་བཞིན། །སྐྱེ་བོ་བླུན་པོས་མཆོག་འདི་སྨོད། །ཐེ་ཚོམ་མེད་ཅིང་འཇིགས་མེད་པ། །གཡུལ་ལས་རྒྱལ་བ་སེང་གེ་འདྲ། །ཞེས་སོགས་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ད་ལྟར་བྱུང་བ་ཤེས་པ་མིན་པར་དགེ་དང་མི་དགེའི་འབྲས་བུ་འཇིག་རྟེན་འདིར་ནི་གང་བརྗོད་པ། །དེ་ནི་ལོང་བ…
MJN026
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
གཡང་སར་རྒྱུག་པ་ལྟ་བུའི་སྐྱེ་བོ་ཕལ་ལ་བཤད་ཀྱང་དུས་དབང་གིས་གོ་དཀའ་ན་ཡང་། བདག་དོན་ལ་ལྷག་བསམ་གྱིས་བགོ་བ་ཁྱད་དུ་མི་གསོད་ཅིང་ཤེས་རབ་དང་སྐལ་བ་མི་ཞན་པའི་སྐྱེ་བོ་འགའ་དང་མི་ཆེན་པོ་ཡ་རབས་རྣམས་ཀྱིས་རང་དོན་གལ་ཆེ་བའི་གནད་འགགས་སུ་ཤེས་ནས་བླང་དོར་གྱི་གནས་རྣམས་གཙུག་ལག་བཟང་པོ་རྣམས་ཀྱི་ལུང་བཞིན་བྱས་ན་འཕྲལ་ཕུག་གི་བདེ་ལེག…