Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      192 results — page 1 of 10
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ༄༅། །གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས་གསལ་བར་ཡོད། །
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ༄༅། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། འགྲོ་དྲུག་འདྲེན་མཛད་འཕགས་པ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་མཆོག་མི་འགྱུར་རྡོ་རྗེ་དེ། །དགུང་ལོ་བཅུའམ་བཅུ་གཅིག་ཙམ་གྱི་དུས། །ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་མཛད་པའི་ཚེ། །མདངས་ནི་ང་ལ་མིག་གསུམ་གདའ་བ་རྨིས། །རྟེན་འབྲེལ་གྱིས་ལ་དཔྲལ་བར་མིག་བྲིས་གསུངས…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      གནས་རྗེས་སུ་དྲན་པའི་མངོན་ཤེས་ཐོབ། །བསྐལ་པ་སྟོང་ཕྲག་ཚུན་ཆད་རང་དང་གཞན། །གར་སྐྱེ་ཁར་སང་དེ་རིང་བཞིན་དུ་དྲན། །སྔོན་དུས་བསྐལ་པ་བདུན་བརྒྱ་བརྒྱད་ཀྱི་དུས། །རྗེ་ཉིད་ལུག་ཏུ་སྐྱེ་བ་བཞེས་པའི་ཚེ། །རིགས་མཐུན་ལུག་ཁྱུ་རྣམས་ལ་ཆོས་བཤད་ཤེས། །དེ་དུས་ལུག་ཕོ་ཐུག་རེ་གཅིག་ཡོད་པ། །ད་ལྟ་སློབ་དཔོན་རཱ་ག་ཨ་སྱ་སྟེ། །དེ་དུས་ལུག་རྫ…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      བུང་བར་སྤྲུལ་ནས་དམ་ཆོས་འཆད་པའི་ཚུལ། །ཟ་མ་ཏོག་གི་མདོ་ལས་ཐུབ་པས་གསུངས། །དེ་ཕྱིར་ཆོས་འཕེལ་ལུག་རྫིར་གྱུར་པའི་ཚེ། །ལུག་ཁྱུའི་ནང་ན་བྱང་ཆུབ་སེམས་དཔའ་བཞུགས། །འདི་ལ་བསམ་ན་དུད་འགྲོ་རྣམས་ལ་ཡང་། །བཤའ་བསད་རྡེག་རྩོགས་ཡོད་པར་འདུག་ལགས་སམ། །སྔོན་འདས་བསྐལ་པ་བརྒྱ་དང་བརྒྱད་ཀྱི་དུས། །རྗེ་ཉིད་རྒྱལ་བུ་ཞེས་བྱའི་མི་ལ་སྐྱེས།…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཆོས་འཕེལ་ཡིན་ནོ་གསུངས། །རྒྱུ་དེར་རྒྱབ་ཚད་སེམས་ཅན་མང་པོ་དྲངས། །དེ་བཞིན་དེང་སང་རོང་སྐོར་ལམ་དུ་ཡང་། །ཤི་བ་ཐམས་ཅད་མཐོ་རིས་ཐར་ལམ་ཐོབ། །སྔོན་འདས་བསྐལ་པ་བརྒྱ་དང་གཅིག་གི་དུས།།རྗེ་ཉིད་རྒྱལ་པོའི་དམག་དཔོན་གཅིག་ཏུ་སྐྱེས། །རྒྱལ་པོའི་ཐུགས་ཕོག་བྱུང་ནས་ཀྱང་། །དམག་དཔོན་རྟ་དང་བཅས་པ་བསད། །འཇའ་ཟུག་མེ་ཏོག་ཆར་པ་བབས། །རྒྱ…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཆུབ་སེམས་དཔའ་ཡི། །གདུང་རུས་སྐུ་མཚལ་དབུ་ལོ་སོགས། །དད་གུས་གདུང་པས་མཆོད་བྱས་ན། །ནོར་བུ་བསམ་འཕེལ་ཅི་བཞིན་དུ། །དགོས་འདོད་འབྱུང་བ་ཤེས་པར་བྱ། །སྔོན་འདས་བསྐལ་པ་བཞི་ཡི་དུས། །རྗེ་ཉིད་སྟག་ལི་ཞེས་བྱ་བའི། །ཡིག་བྲིས་ཀུན་ལ་མཁས་པར་གྱུར། །ཆོས་འཕེལ་དེ་ཡི་རྟར་སྐྱེས་པ། །མཚན་ནི་མངྒའི་མཚན་ཅན་གྱིས། །རཱ་ག་ཨ་སྱ་བླ་མར་གྱུར། …
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      སེམས་པའི་རྟགས། །ལུས་ནི་ལོག་པར་ལྟུང་ན་ཡང་། །སེམས་ནི་ལོག་པར་མི་ལྟུང་ངོ། །དེ་སྐད་གསུངས་པས་དོན་ལགས་སོ། །བསྐལ་པ་བཟང་པོ་འདི་ཆགས་ནས། །རྗེ་ཉིད་མཛོ་རུ་སྐྱེ་བ་བཞེས། །སྟོང་ཉིད་སྙིང་རྗེའི་དོན་སྒོམ་ཤེས། །དེ་དུས་རཱ་ག་ཨ་སྱ་ནི། །རྟ་ཡི་ལུས་སུ་གྱུར་པ་སྟེ། །བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས། །དམན་པའི་ལུས་སུ་གྱུར་ན་ཡང་། །…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཚོམ་མི་བྱ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་གཅིག །རྗེས་སུ་དྲན་པ་ནས་བཟུང་བོསྐལ་པ་ནི། །བརྒྱ་སྟོང་མང་པོ་རྗེས་སུ་དྲན་འགྱུར་ཞིང་། །ཐུབ་པས་མདོ་ལས་གསུངས་པར་ཡིད་ཆེས་བྱ། ༈ །དེ་ནས་གཉེར་པ་ཆོས་འཕེལ་ནི། །ངོམ་དུ་རུང་བའི་ས་ཡི་སྨད། །ལྕགས་ཕོ་སྤྲེའུ་ལོ་ལ་སྐྱེས། །བཅུ་དགུའི་བར་དུ་སྐྱེ་བོ་སྟེ། །སྤུ་ནག་བྱ་དང་རི་བོང་…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      གཡོག་སོགས། །བླ་མའི་ཆགས་ཕྱིར་གོ་ཆོད་བྱུང་། །ཀུན་རིག་རྒྱལ་བ་རྒྱ་མཚོ་སོགས། །ཉེར་མཁོའི་ཆོ་ག་ཆོས་སྤྱོད་ཟིན། །མདོས་བཟློག་བསྐང་བ་ཞི་ཁྲོ་སོགས། །ལག་ལེན་འདོན་བསྒྲིགས་ཐམས་ཅད་ཤེས། །ཇོ་མཇལ་དབུས་གནས་འཁོར་བྱུང་བས། །ཆུང་དུས་མཆོད་འབྲུ་བསགས་པ་ཡིས། །ཤམ་ཐབས་ལེགས་པོ་ཁུག་འདུག་པས། །བླ་མ་མཆེད་ལ་ཞུ་རྟེན་ཕུལ། །དེ་སྔ་གྲྭ་པ་ལོ…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      འདེབས་བྱས། །དགེ་ཚུལ་ཞུས་ནས་མཐའ་རུ་ཕྱིན་པ་དང་། །བཞི་བཅུའི་ལོ་ལ་རྫོགས་ཆེན་ཁྲིད་ཞུས་ནས། །ཛམ་གཏོར་གཏོར་མ་བརྒྱ་རྩ་ཆག་མེད་དང་། །ནངས་ནུབ་རྒྱུན་དུ་རྫོགས་ཆེན་ཉམས་ལེན་བསྐྱོངས། །ཆོས་ཉིད་མངོན་སུམ་མཐོང་ཞིང་ཉམས་སྣང་འཕེལ། །འཇའ་འོད་ཐིག་ལེ་ཐིག་ཕྲན་ལུག་གུ་རྒྱུད། །ཉིན་མཚན་མེད་པར་འོད་གསལ་ཐིག་ལེ་མཆེད། །ཀུན་བཟང་རྡོ་རྗེ་ས…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      སྐར་མདའ་ལྟ་བུ་གློག་འོད་ལྟ་བུ་དང་། །འོད་ཟེར་འཕྲོ་འདུ་རྣམ་པ་སྣ་ཚོགས་པ། །བརྗོད་ཀྱིས་མི་ལོངས་སྒྱུ་མ་ལྟ་བུར་མཐོང་། །བདག་གིས་དེ་སྔོན་རྫོགས་ཆེན་མང་བཙུགས་ཀྱང་། །རྟོགས་པ་ཁོ་ལས་མཐོ་བ་མ་བྱུང་སྟེ། །རྫོགས་ཆེན་ཁྲིད་ཡིག་རྣམས་དང་གོ་བསྟུན་ན། །རིག་པ་ཚད་ལ་ཕེབས་པ་ཡིན་པར་སྣང་། །འདི་ནས་མ་བསྒོམ་ན་ཡང་ཆོག་པ་སྟེ། །བར་དོ་མེད་…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཕྱག་རྫོགས་ཟུང་འཇུག་རྟོགས་པ་དེ་ཙམ་སྐྱེས། །རྩ་བའི་བླ་མ་མཆེད་གྲོགས་དགེ་འདུན་སྡེ། །དེ་ལ་ཁ་ཙམ་མིན་པའི་དད་གུས་ཀྱིས། །ཇ་མ་ཐབ་གཡོག་ཤིང་ཐུ་ཆུ་ལེན་དང་། །བརྔོ་བརྟག་ཚོང་དང་འགྲོ་འདུག་ལ་སོགས་པ། །བྱས་ཚད་རང་གི་སྒྲིབ་སྦྱོང་མཆོག་ཏུ་གྱུར། །ཕན་ཡོན་རྒྱ་གར་རྒྱ་ནག་བསྐོར་དང་མཉམ། །དེ་ཡང་འོས་ཚོད་མ་ཡིན་མྱོང་བས་འགྲུབ། །རྒྱ་གར་…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      པའི་རྨི་ལམ་ཡང་ཡང་གསལ། །གཉེར་པ་ཡིན་ཕྱིར་ཅི་བྱེད་དབང་ཆེ་ཡང་། །རང་གི་ཁ་ཟས་རྒྱབ་གོས་མ་གཏོགས་པར། །ན་དུས་བདུད་བཟློག་བྱ་བའི་རྟེན་གཅིག་གམ། །ཤི་དུས་རོ་གོས་པྲ་ཙམ་མི་སྣང་སྟེ། །ཞེན་པ་ནང་ནས་ལོག་པའི་ཞེན་ལོག་དང་། །བྱ་བ་ནང་ནས་ཐེང་པའི་བྱ་བཏང་སྟེ། །རང་དོན་མེད་པར་དགེ་འདུན་སྤྱི་དོན་དུ། །སེར་སྣ་གསོག་འཇོགས་ཆེ་ཡང་བྱ་བཏང་མ…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      དེ་ཟོས་པར་སོང་། །དམ་ཚིག་ལྡན་པ་དགེ་བསྙེན་ཆེན་པོ་རྣམས། །མནའ་ཟོས་མི་དེའི་སྲོག་དབུགས་མ་བདག་ན། །ཁོང་རང་རྣམས་ཀྱང་དམ་ཚིག་ཉམས་པའི་ཕྱིར། །ཅི་ལ་བབས་ཀྱང་གནོད་པ་བསྐྱེལ་དགོས་པས། །སྔོན་ཚེ་གཉེན་ཆེན་ཐང་ལྷའི་ལོ་རྒྱུས་ལྟར། །དེ་ཕྱིར་གཉེར་པར་ཀླུ་ཡི་གནོད་པ་ཆེ། །རྟ་ལོའི་མཇུག་ཏུ་གཉེར་པའི་པང་དུ་ནི། །སྦྲུལ་ནག་འདོམ་གང་ཙམ་ཞིག…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      བླ་མའི་རྒྱུ་ཡིས་ང་ཡི་རིམ་གྲོ་ནི། །བྱས་ཀྱང་ང་ཡི་རིམ་གྲོ་འོང་རྒྱུ་མེད། །དེ་བས་ཐུགས་ནི་སྐབས་དུས་དབང་གནོང་ཟེར། །དེ་ནས་དབང་སྣ་སུམ་བརྒྱ་ལྔ་བཅུ་བསྐུར། །རང་གི་སྐུ་ནི་ཐོར་ཅོག་འདུག་པ་དེ། །སྒར་སེ་གོག་ནས་ཁོ་ལ་གཏད་པ་རྨིས། །ཁོ་ཤི་གཤེགས་རྫོངས་རྒྱུ་གཏོར་དགོས་པའི་རྟགས། །ཡང་གཅིག་འཁྲུལ་པའི་རྨི་ལམ་རྫུན་པོ་ཆེ། །བསམ་ཡས་ལ…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      རེ། །གལ་ཏེ་ཤི་ཡང་ངོས་རིས་དགེ་རྩ་རྣམས། །རྒྱལ་མཚན་ཧ་ཁོག་གོ་བས་བྱེད་འོང་ཕྱིར། །མ་ཆགས་མ་ཞན་བདེ་བ་ཅན་དུ་སོང་། །དེ་སོགས་ཁ་ད་ངོ་སྤྲོད་བྱས་པའི་ཚེ། །མ་ཤི་ན་ཡང་ཁྱེད་ཀྱི་ཆགས་ཕྱི་བསྒྲུབ། །ཤི་ཡང་ཆགས་ཞེན་སྐག་འཇིགས་ང་ལ་མེད། །རྫོགས་ཆེན་རྒྱུད་སྡེ་འདི་དག་བཀའ་བདེན་ན། །ང་ནི་འཁོར་བར་མི་འཁྱམས་ཐག་ཆོད་འདུག །ང་ཡིས་ཟོས་པའི་ད…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཆ་བླ་མའི་གཡོག །ཆ་གཅིག་རང་གི་བྱ་བ་བསྒྲུབ་དགོས་པར། །རྒྱུད་སྡེ་རྣམས་ལས་གསུངས་པའི་དོན་རྟོགས་རྟགས། །ཁོ་འདྲའི་གྲྭ་པ་འཇིག་རྟེན་འདི་ན་དཀོན། །ཁོ་ལ་དཀོར་སྒྲིབ་ཅུང་ཟད་མེད་བསམ་སྟེ། །ཡུན་རིང་ན་གཉུགས་རིང་བས་ཀེང་རུས་འདྲ། །ཧ་ཅང་ཟུག་གཟེར་ཆེ་བས་སྙིང་རྗེ་ནས། །འདི་ལ་འདི་ཙམ་འོང་བ་ཅི་ཡིན་ཨང་། །བསམས་ཤིང་ཉལ་ཚེ་ཉམས་དང་རྨི་ལ…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཉིད་ཡིན་མིན་ཕུང་པོ་བསྲེགས་ན་གསལ། །འོན་ཀྱང་སྤར་ཁས་མ་ཚུད་མཆོད་རྟེན་བྱས། །ལ་ལས་དེ་ལ་འཇའ་ཚོན་ཟུག་པར་མཐོང་། །དེ་ཡང་རྟགས་མཚན་གཞུང་དང་མཐུན་པ་ཡིན། །གཉེར་པ་ཆོས་འཕེལ་ཚེ་འདིའི་ལོ་རྒྱུས་སོ། །ཕྱི་རབས་བླ་ཕྲན་གྲྭ་པ་བྱེད་པ་ཀུན། །སྡོམ་པ་གཙང་ཞིང་ཉམས་རྟོགས་བཟང་བ་དང་། །ཆགས་ཕྱི་འགྲུབ་ཅིང་མི་ཁ་བྱམས་པ་དང་། །འཆི་ཁ་ཆགས་ཞེན་…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཆོས་དབང་ང་ཡིས་རོགས་བྱས་ནས། །གཉིས་ཀས་འཐེན་པས་གཡང་ལ་མ་ཤོར་རྨིས། །དེ་ནས་བདུན་གཉིས་སྐབས་སུ་བརྟགས་པ་བྱས། །ཁོ་ཉིད་འཁོར་བར་གནས་ཀྱང་མྱ་ངན་འདས། །ཞེས་པའི་སྒྲ་ཞིག་མཁའ་ལས་གསལ་བར་ཐོས། །བར་དོ་གང་དུ་བསྡད་ནས་ཡོད་བསམས་པས། །དབྱིས་དོའི་མཚོ་ཁ་དེ་ན་ཡོད་དོ་ཟེར། །བླ་དེ་ཀླུ་བདུད་ཀྱིས་བཟུང་མ་བཏང་འདུག །དེ་ལ་དམིགས་པ་དྲག་ཏུ་གཏ…
      CMR002 · ཀརྨ་ཆགས་མེད།
      གཉེར་པ་ཆོས་འཕེལ་དུས་གསུམ་གྱི་ལོ་རྒྱུས།
      ཕྲ་ཞིབ་ཉེས་བྱས་ལྟུང་བའི་ཆར་རྒྱུན་བབས། །ཚེ་སྔོན་སྡིག་ལྟུང་ཅི་ཡོད་ཆ་མི་ཆོད། །བླ་མ་ཨོ་རྒྱན་ཡི་དམ་སྤྱན་རས་གཟིགས། །མཁའ་འགྲོ་རྡོ་རྗེ་ཕག་མོ་ཁྱེད་གསུམ་པོ། །ཡེ་ཤེས་སྤྱན་ལྡན་སྣང་སྲིད་ས་ལེར་གཟིགས། །ང་ཡི་གཉེར་པ་ཆོས་འཕེལ་གར་སྐྱེས་པའི། །ལུང་བསྟན་བསླུ་མེད་གསལ་པོར་བསྟན་དུ་གསོལ། །དེ་སྐད་གསོལ་བ་བཏབ་ནས་ཉལ་བའི་ཚེ། །རྨི…