Author
About 40% of texts have an author recorded — this list will grow as more are attributed.
192 results
— page 6 of 10
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
སྐུ་རིམ་བསྙེན་བཀུར་མཛད། མཚན་ནི་རིན་ཆེན་འོད་ཟེར་ཡང་ཟེར། ནམ་མཁའ་འོད་ཟེར་དང་གཅིག་ཡིན་ནོ། །རིན་ཆེན་འོད་ཟེར་ལ་སྲས་གསུམ་བྱུང་སྟེ། དྲག་བསོད་པ་དང་། རྭ་ལོད་དང་། གཅོད་རྒྱལ་པ་དང་སྐུ་མཆེད་གསུམ་བྱུང་སྟེ། སྐྱོ་ངོམ་གཉིས་ཀར་ཁྱད་མེད་མཛད་པ་ཡིན་ཟེར། དྲག་བསོད་རྭ་ལོ་གཉིས་ལ་སྲས་མེད། གཅོད་རྒྱལ་བའི་སྲས་མི་དཔོན་ཁྱི་སྤྱང་མ་ཡ…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
ཡང་ཞལ་གཟིགས་པ་སོགས་རྟེན་འབྲེལ་བཟང་པོ་བྱུང་ཞིང་། ལྷ་ཁང་འཚམས་རྣམས་ཕྱག་ནས་མཛད། ཁྱི་སྤྲང་མ་ཡང་སྐྱོ་ངོམ་གཉིས་ཀའི་བདག་པོ་མཛད་ཟེར། ཁྱི་སྤང་མ་ལ་སྲས་གཉིས་ཏེ། སྲས་དྲུང་ནི་དོན་འགྲུབ་རྣམ་རྒྱལ། ཐོན་བུ་སྡེ་པ་གཟུང་སྐྱབས་དང་གཉིས་ཏེ། དེ་ཡང་མཁའ་སྤྱོད་པས་ས་ཕུ་ནག་གིས་འབུལ་ཞིབ་ལ་གྲིའུ་ལོ་དུས་ངའི་སྤྲུལ་པ་གཅིག་འོང་གསུངས་པ…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
འགྲམ་ལྕག་རྒྱབ་པས་གཞུ་ཕྱིར་བསྐྱལ། གཞན་ནང་རྟགས་ཆོ་འཕྲུལ་མང་དུ་བྱུང་ཟེར་བ་དང་། ས་ཕུའི་ནགས་ལ་མེ་མཆེད་ཚེ་རྟ་མགྲིན་གྱི་ཏིང་ངེ་འཛིན་གྱིས་མེ་བསད། བཀའ་ཐང་མཁའ་སྤྱོད་པའི་རྣམ་པར་ཁྲོ་ཆུ་སོགས་ཆོས་སྐྱོང་གྲྭ་ཚར་སོགས་ཞལ་ཐང་མང་པོ་དང་། བཀའ་གདམས་བུ་ཆོས། བཀའ་འབུམ་སོགས་པོད་ཡན་མང་པོ་བཞེངས། སྡེ་པ་འདི་དང་གནས་མདོའི་ཨ་ནུའི་མག…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
མཁར་དྲུང་ལ་རྙིང་མ་ཞུས་ནས་འདུས་པ་སྐོརདྲུག་ཕལ་ཆེར་གྱི་པོ་ཏི་བྲིས་ཤོག་ཚད་མེད་པ་བཞེངས། ཕུར་སྒྲུབ་བཙུགས་དགོངས་ནས་ཕུར་པ་མང་པོ་བཞེངས། དེར་སྐྱོ་ཕ་དང་སྐུ་མཆེད་མཐུ་འདྲེན་བྱེད་པ་ཡང་བྱུང་བས་གཅོད་པ་ལྷུན་གྲུབ་གཞོན་ནུ་ནས་འདས་དེ་ནས་སྡེ་ཕ་ཁྱི་སྤྱང་མས་མོ་དྲངས་ནས་ངོ་དམར་མ་ཟེར་བ་གཅིག་ལ་སྲས་ཐོན་པ། ཨ་ནུ་གཟུང་སྐྱབས་ཡིན་ཡི…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
བབ་སྟེ། སྒོམ་ངོམ་འཁྲུག་པས་ངོམ་པ་ཕམ་ནས་སྡེ་པ་བཟུང་། གནས་མདོའི་ཨ་ནུ་དགེ་འདུན་བསད། དེ་ནས་དབོན་མོ་བྱིན་ནས་ཁ་མཆུ་དཀར་འཇགས་བྱས་ཏེ། དེ་དུས་ཡང་སྡེ་པ་གཟུང་སྐྱབས་ཡིག་དྲུག་སོགས་ཐམས་ཅད་ལ་བརྩོན་འགྲུས་ཆེ་བ་ནས། ནང་ཆེན་པ་དཔོན་རྣམས་ཀྱང་འདི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཟེར་བ་བདེན་ནོ་གསུངས་ནས་ཕྱག་ཕྲེང་ལ་བྱིན་རླབས་ཞུ་…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
ཅན་གཅིག་ཡོད་པ་ལ། འདི་བཀའ་སྲུང་ཡིན་པ་ལ་ཕྱིར་གྱུ་ཐོབ་མེད་གསུངས་ནས། སྐུ་དེ་བསྣོག་ནས་ཡར་གྱུ་ལ་བྲིས་པས། གཉེར་པ་དེ་ལ་ཆོ་འཕྲུལ་ཆེན་པོ་བྱུང་། །ཁྱད་པར་དུ་སྲན་མའི་ཕུང་པོ་གཅིག་ཡོད་པ་ཀྱི་ལི་ལི་འཁོར་ཞིང་ཁ་དྲག་ནས། ང་འདུག་མི་བཅུག་སྟེ་ལྟོས་ཨེ་ཁོ་ཟེར་བ་བྱུང་ཟེར། དེ་ནས་ཆོས་རྗེའི་ཐུགས་ལ་གདོན་ཞུགས་ནས། ཆང་མི་གཙང་སྤྱོད་ས…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
གཉེར་ཅུང་ཟད་མཛད། སངས་རྒྱས་སྟོང་སྐུ་གསེར་འབྱམས་དང་གནས་བཅུ་སོགས་ཀྱང་བཞེངས། ཆབ་མདོ་བ་ནང་འཁྲུག་དུས་གླིང་སྟོད་པའི་རྒྱལ་ཚབ་མཛད་ནས། སྐྱོང་ཡུལ་བ་དང་གཡུལ་འཁྲུག་དུས་ཀྱང་དམག་སྣ་འདྲེན་སྔོན་པོ་རྒྱུག་པ་དང་དངོས་སུ་མཐོང་བ་བྱུང་ནས་ཆུས་རྒྱལ་བ་དང་། གཡོ་མདའི་གདན་ས་ཡང་མཛད་པས་དམ་ཅན་འཁོར་བ་སོགས་བྱུང་ཟེར། ཆོས་ལུགས་དོགས་པའི…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
བ་ཆོས་ཀྱི་དབང་ཕྱུག་ལ་བསྙེན་པར་རྫོགས། དབང་ལུང་གསན་བཀོན་འཇའ་གནང་། ཅོག་འདྲི་གྲྭ་སར་ཟླ་ཤས་ཙམ་ཞིག་བཞུགས་ནས། རྒྱུན་དུ་བཞུགས་འདོད་ཀྱང་བཞུགས་དབང་མ་བྱུང་བས་སྤྱན་ཆབ་བསིལ་བར་མཛད་པ་ཙམ་གྱི་ངེས་འབྱུང་དང་དད་གུས་ཡོད། ཆོས་སྤྱོད་རབ་གསལ་ཕལ་བ་རྒྱུན་དུ་ཞལ་འདོད་མཛད་པ་དང་། གཏོར་མ་བརྒྱ་རྩ་དང་སྒྲོན་དཀར་ཡི་དམ་དུ་མཛད་ནས་བསྙེན…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
བཅས་པའི་བཀོད་པ་ཕྱག་བྲིས་མཛད་པ་སོགས་ཞལ་ཐང་དུ་བཞེངས་པ་དང་། རྒྱལ་བ་ཡབ་སྲས་ལ་འབུལ་ཞབས་མངའ་འོག་གི་གྲྭ་རིགས་རྣམས་ལ་བདག་རྐྱེན། ཕ་སྡེ་དང་བློན་རིགས་རྣམས་ལ་སྐྱོན་དར་དམ་ཚིག་དང་སྡོམ་པའི་གཅེས་སྤྲས་སོགས་ལུགས་གཉིས་ཀ་ལ་རང་ཚོད་ཟིན་པ་བྱུང་ངོ་། །སྡེ་ཕ་ཚེ་རིང་འབུམ་ནི་ཨ་ནུ་ལྷ་བཟོ་དང་ཀརྨ་རིན་ཆེན་སོགས་ལ་དབང་ལུང་མན་ངག་མང་ད…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
མོ་མགོན་པོ་མཚལ་མ་དམ་ཅན་གསོལ་ཁ་སོགས་དུས་སུ་མཛད། ཕྱིས་མགོན་ཁང་ཞིག་གསོས་ཡང་མཛད། རྒྱལ་བ་ཡབ་སྲས་ལ་འགྱུར་མེད་ཀྱི་དད་པ་ཐོབ་ཅིང་། མངའ་འོག་གི་གྲྭ་རིས་རྣམས་ལ་ཡང་མགོ་འདོན་བདག་རྐྱེན་མཛད། དུས་ཀྱི་འཕོ་འཆུགས་གནམ་ས་ཡོ་ལོག་སྣ་ཚོགས་བྱུང་དུས་ཀྱང་བཞུགས་མཁས་པས་མངའ་འོག་རྣམས་བདེ་བར་བྱུང་། དགུང་ལོ་རེ་གསུམ་ལ་གནམ་ལུག་དང་གནམ་…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
རབ་བསྟན་གཉིས་བྱུང་སྟེ། སྔར་གྱི་ནང་ཆེན་པའི་རྒྱལ་རབས་གོང་མ་རྣམས་ལས་ཀྱང་ལྷག་པའི་སྟོབས་དང་མངའ་ཐང་བར་སྐབས་སུ་བྱུང་བས་ངོམ་པ་གདོང་ཚང་བཟང་བར་གྲགས་ཤིང་སྐབས་སུ་སྐྱེ་ངོམ་རྣམས་ལ་ཡང་དྲིན་ཆེན་བར་བྱུང་། དེ་ནས་ནང་ཆེན་པའི་ཚ་མོ་གསེར་ཡིག་བཟའ་འདི་བླངས་བས། སྲས་བསོད་ནམས་རྣམ་རྒྱལ་དང་། གྲ་རྔ་རྒྱལ་པོ་གཉིས་འཁྲུངས་པ་ཡིན་ནོ། །…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
བཅུའོ། །སྐྱོ་ཕ་ནི་གོང་ལྟར་ལས། ཀླུ་སྐྱབས་ནས། ཚེ་རིང་འབུམ་དང་བརྒྱད། གཅོད་པ་རྣམས་དང་དགུ་ཡིན་ནོ། །དེ་ནི་གདུང་རབས་ཡིན་ལ། ཁྲི་རབས་ནི། མཁའ་སྤྱད་པ་ནམ་མཁའ་རྒྱལ་མཚན། གདན་ས་བ་ཤཱཀྱ་རྒྱལ་མཚན། དྲག་བསོད་ནམས་སྐུ་མཆེད་གསུམ། ཁྱི་སྤྲང་མ། དོན་འགྲུབ་རྣམ་རྒྱལ། གཅོད་པ་ལྷུན་གྲུབ། གཟུང་སྐྱབས། ཀླུ་སྐྱབས། དབང་ཕྱུག་རྒྱས། ཀརྨ་བ…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
ཡིན་ནོ། །ཡང་དབང་ཕྱུག་རྒྱལ་ནས། མགོན་པོ་དབང་ཕྱུག །ཨ་ནུ་ལྷ་བཟོ། ཀརྨ་མི་མཆོག་སྐུ་རྣམས། ངོམ་སྟོད་ཀྱི་མི་ཚུགས་ནི། མཁའ་སྤྱོད་པ། སྒམ་པོ་པ། བྱ་བྲལ་བ། གདོང་མགོན་པོ་རྒྱལ། མི་དཔོན་ཀརྨ་བ། ཨ་ནུ་ཨ་རྒྱས། བསོད་ནམས་རྒྱས། འགུ་རུ་རྒྱས། ཚེ་དབང་རྡོ་རྗེ། ཡང་བསོད་ནམས་རྒྱས་ནས། རྟ་མགྲིན་རྒྱས། ཨ་མགོན་སྐུ་མཆེད་དེ། ཡང་མི་དཔོན་ཀ…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
ནོར་བུ། དཀར་ཚེ་སྤྱན་ནོ། །དེ་ལྟར་མཁའ་སྤྱོད་པ་མན་ཆད་ལ། ད་ལྟ་མི་རབས་དགུའམ་བཅུ་རེ་ཙམ་སོང་གདའ་ཞིང་། མགོན་པོ་ཕྱག་བཞི་པ་དང་། དམ་ཅན་རྡོ་རྗེ་ལགས་པས་མི་རབས་བཅུ་གསུམ་དུ་བསྟན་པ་བསྲུང་བར་ཁས་བླང་བ་ཡིན་ནོ། །དེ་ལྟར་གདུང་རྒྱུད་མང་སྟེ། སྐྱོ་པ་ངོམ་སྟོད་གཉིས་ཀྱང་གདུང་རྒྱུད་ཡིན་ཀྱང་གདན་ས་མིན། གནས་ས་ནི་ས་སྒང་སྡེ་པ་ཡིན་པས…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
ན་བཞུགས་པ་ལ་ཁྲིད་ཞུས་དྭགས་ལ་སྒམ་པོ་ན་གཟིམས་ཁང་གཅིག་མཛད་ནས་ལོ་དྲུག་མཚམས་ལ་བཞུགས་རབ་རྣམ་ཐར་ནང་ན་གསལ་ཕྱིར་རོ། །ཡང་སྨད་མི་ཤེས་པའི་སྨད་པ་བྱེད་པ་འགའ་རེའི་ངོམ་པ་ལྷ་གདོང་དཀར་པོ་མིན། ཡས་སྡོང་ཁ་ནག་ཡིན་ཏེ། དབུས་ཀྱི་རྒྱལ་པོ་སྣེའུ་གདོང་གོང་མ་ཆེན་པོ་ལ་མོ་ངན་པ་ཞིག་བྱུང་ནས། རྒྱལ་པོའི་སྲས་པོ་གཅིག་གླད་ལ་འཕང་ན་ཕན། དེ་…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
ནས་དམ་ལ་བཏགས་ནས། སྲིན་པོའི་བུ་མོ་གཅིག་ཆུང་མར་བླང་བ་ལས་སྲས་གླིང་སྲིན་ཚ་འདྲེ་ཁོལ་བྱ་བ་འཁྲུངས་ཏེ། སྲིན་པོའི་ཚ་བོ་ཡིན་ལྷ་འདྲེ་ཐམས་ཅད་བྲན་དུ་ཁོལ་བ་བྱུང་། དེ་ནས་བཟུང་སྟེ་བླ་བརྒྱུད་དང་སྔགས་བརྒྱུད་མ་ཆད་པར་བྱུང་བ་ལ། དེའི་གདུང་རིགས་འབྲི་ཁུང་འཇིག་རྟེན་གསུམ་མཾགོན་གྱི་གདན་ས་མཛད་པའི་སྤྱན་སྔ་སྟག་འབྱུང་བ་ཟེར་བ་བྱུང…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
རྒྱུས་རྣམ་ཐར་ན་གསལ་བས། སྣེའུ་གདོང་གོང་མ་ཆེན་པོ་ལ་བླ་མས་ཐབས་མི་ཆགས་པ་ལ་གླད་ལ་འཕང་བ་ཡིན་ན་བླ་མར་ཁུར་མི་སྲིད་པའི་ཕྱིར། ཡང་དྲག་ནག་གིས་འགྲོ་མགོན་ཆོས་འཕགས་ཀྱི་སྒར་པའི་ལྕགས་འགུ་ཁུར་ནས་དྲག་པ་འགོས་པས་དྲག་ནག་ཡིན་ཟེར་བ་མི་བདེན་ཏེ། དྲག་ནག་གི་ཡབ་དང་སྤུན་རྣམས་མདོ་དབུས་ཁམས་གསུམ་དུ་གྲགས་པའི་མི་ཆེན་པོ་དང་རྒྱལ་རྒྱུད་…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
པོ་ཁྱོད་ཀྱི་དབུ་ལ་ལྭ་ཐོད་གདའ་བས་སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཞིག་ཆགས། ཞབས་ལྷམ་མནབ་ནི་གདའ་བས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཞིག་ཆགས། སྐེད་པ་ལ་སྐུ་ཆིངས་མི་གདའ་བས་བར་འདི་ན་རྒྱལ་ཁྲིམས་མྱུར་དུ་ཞིག་པར་འདུག་གསུང་པ་དང་། ཨོ་རྒྱན་ལུང་བསྟན་ལས་ཀྱང་། ལོ་བརྒྱའི་བར་དུ་ཆོས་ཁྲིམས་རྒྱལ་ཁྲིམས་མེད། །རྗེ་མེད་འབངས་མེད་བོད་ཁམས་མཚོ་…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
དབུས་གཙང་ན་རྒྱལ་རྒྱུད་མང་པོ་ཡོད་ཀྱང་ཁྲིམས་ནོན་ནས་བཞུགས་པ་མ་བྱུང་སྟེ། དབུས་རུ་བྱང་གི་རྒྱལ་རྒྱུད་གཅིག་ཁམས་སུ་བྱོན་ནས་གཅིག་ཤར་ཙོང་ཁ་ན་བྱོན་པས་ཙོང་ཁ་རྒྱལ་པོ་བྱུང་། གཅིག་ངོམ་སྨད་སྐྱོ་གཉིས་ནས་བཟུང་བའི་རྒྱུད་ལ་གདོང་སྤོམ་ར་བྱུང་བར་མངོན་ཏེ། དྲག་ནག་དང་མཁའ་སྤྱོད་པ་རྣམས་ཀྱི་ཕ་སྤུན་ཚོ་ཡང་དབུས་རུ་བྱང་གི་འདམ་ལྕོག་…
CMR004
· ཀརྨ་ཆགས་མེད།
ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།
ཡིན། མཁའ་སྤྱོད་པའི་གདུང་རྒྱུད་ཡིན་པ་ལ་འདྲ། མ་འོག་ནི་གནས་མདོ་བ་མཐོ་སྟེ། སྐྱོ་ངོམ་ཀྱི་སྡེ་པ་རྣམས་ཀྱང་མོ་དྲོང་གི་ཤར་མ་ངོ་དམར་ལ་ཐོན་པའི་སྟོད་འོག་གི་རྒྱུད་ཡིན། ངོམ་སྟོད་པ་ཐམས་ཅད་ནི་ནོར་མ་ཝ་ལས་ཐོན་པའི་རྟོལ་གོག་གི་རྒྱུད་ཡིན་ནོ། །དེ་ཡང་མ་འོག་བཤད་ན། མཁའ་སྤྱོད་པའི་མ་ཡུམ་ནི་ཇ་བཟའ་ཆོས་ཀྱི་སྒྲོན་མ་ཡིན་ཏེ། རྣམ་ཐར…