Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      1019 results — page 33 of 51
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཝཱ་རཱ་ཎ་སཱིར་ཆུ་སྐྱེས་ཞེས་བྱ་བར་སྐྱེ་བ་བཞེས་པ།
      ཀྱིས་གཞོན་ནུ་ཤིང་རྟར་བཅུག་སྟེ་ཝཱ་རཱ་ཎ་སཱིར་དབུས་ཐོག་ཐག་ཁྲིད་པ་དང་། གཞོན་ནུས་ཡུལ་དེ་འབྱོར་ཞིང་རྒྱས་པ་མཐོང་ནས་སྨྲས་པ། ཅི་ཝཱ་རཱ་ཎ་སཱི་འདི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད། གཤེད་མའི་མི་རྣམས་ཀྱིས་གཞོན་ནུ་ལྐུགས་འཕྱེ་རྒྱལ་པོ་ལ་ཕུལ་ནས་ལྷ་གཞོན་ནུས་འདི་སྐད་ཚིག་སྨྲས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་པང་དུ་བླངས་ནས…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཝཱ་རཱ་ཎ་སཱིར་ཆུ་སྐྱེས་ཞེས་བྱ་བར་སྐྱེ་བ་བཞེས་པ།
      གཞོན་ནུ་དེས་གཤེད་མ་འདི་དག་གདུག་ཅིང་སྲོག་གཅོད་པས་འཚོ་བ་ཡིན་ནོ་སྙམ་དུ་སྐྲག་སྟེ་གཤེད་མ་རྣམས་ལ་སྨྲས་པ། ལྷས་གལ་ཏེ་བདག་ལ་མཆོག་ཅིག་གནང་ན། བདག་རྐང་གི་གྲོང་ཁྱེར་དུ་འཇུག་ཅིང་ཚིག་ཀྱང་སྨྲའོ། །གཤེད་མ་རྣམས་ཀྱིས་ཚིག་དེ་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོས་སྨྲས་པ། གཞོན་ནུ་རྒྱལ་སྲིད་འདོད་ན་ཡང་སྦྱིན་པར་བྱའོ་ཞེས་དགའ་ནས་གྲོང་…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཝཱ་རཱ་ཎ་སཱིར་ཆུ་སྐྱེས་ཞེས་བྱ་བར་སྐྱེ་བ་བཞེས་པ།
      ཀིམ་པའི་འབྲས་བུ་འདྲ་བ་ཡི། །འདོད་པ་རྣམས་ལ་སྤྱོད་མི་འཚལ། །བདུད་རྩིའི་འབྲས་བུའི་རོ་ལྟ་བུའི། །ཚངས་པར་སྤྱོད་པ་སྤྱད་པར་བགྱི། །རྒྱལ་པོས་སྨྲས་པ། བུ་བདེ་བ་གང་ཅི་ཉམས་སུ་མྱོང་བ་དེ་ཐམས་ཅད་རྒྱལ་སྲིད་ཀྱིས་ཡིན་ན་ཅིའི་ཕྱིར་དེ་སྤོང་། གཞོན་ནུས་སྨྲས་པ། གང་ལས་སྡུག་བསྔལ་རབ་འབྱུང་བའི། །བདེ་དེ་བདེའོ་སྙམ་མི་བགྱིད། །གང་ལས་བ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཝཱ་རཱ་ཎ་སཱིར་ཆུ་སྐྱེས་ཞེས་བྱ་བར་སྐྱེ་བ་བཞེས་པ།
      དང་། དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་མི་དགའ་བར་འགྱུར་རོ། །གང་ཁྱོད་ཀྱིས་ཝཱ་རཱ་ཎ་སཱིར་འབྱོར་ཞིང་རྒྱས་པ་མཐོང་ནས་འདི་ཅི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད་ཅེས་སྨྲས་པ་དེ་ཁྱོད་ཀྱིས་ཅི་ཞིག་ལ་བསམས་ཏེ་སྨྲས། གཞོན་ནུ་ན་རེ། ལྷ་དེའི་སླད་དུ་གསོན་ཅིག །བདག་ནོངས་པ་མེད་བཞིན་འགུམ་པར་བཀའ་སྩལ་པ་ལ། འགས་ཀྱང་གཞོན་ནུ་འདི་ཅི…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཝཱ་རཱ་ཎ་སཱིར་ཆུ་སྐྱེས་ཞེས་བྱ་བར་སྐྱེ་བ་བཞེས་པ།
      ཉམས་ཤིང་ངན་འགྲོར་གནས་པར་འགྱུར་བ་དེ་ལ་བསམས་ནས་བདག་གིས་དེ་སྐད་སྨྲས་ལགས་སོ། །དེ་ནས་རྒྱལ་པོས་ཚིག་དེ་ཐོས་ནས་མཆི་མ་འབྱིན་བཞིན་བུ་ལ་འཁྱུད་དེ་སྨྲས་པ། བརྟུལ་ཞུགས་ངེས་ལོངས་རང་གི་ཆོས་སྤྱོད་ཅིང་། བདག་ཀྱང་ཁྱོད་ཀྱི་སློབ་མར་ཁས་བླང་ངོ་། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་ལྐ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཕྱི་རོལ་པའི་སྟོན་པ་ལྐུགས་འཕྱེ་ཞེས་བྱ་བར་སྐྱེ་བ་བཞེས་པ།
      ༈ ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་ཕྱི་རོལ་པའི་སྟོན་པ་ལྐུགས་འཕྱེ་ཞེས་རྫུ་འཕྲུལ་དང་ལྡན་པ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞིག་ཏུ་གྱུར་པས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་སློབ་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་སྟོན་པ་དེས་ཅིའི་ཕྱིར་ཁྱེའུ་འདི་རྣམས་མངོན་ཤེས་ལྔ་མ་ཐོབ་སྙམ་དུ་བསམས་ན། གཡང་གཞི་དང་ཤིང་ཤུན་རིལ་བ་དབྱུ་གུ་བླུགས་…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཕྱི་རོལ་པའི་སྟོན་པ་ལྐུགས་འཕྱེ་ཞེས་བྱ་བར་སྐྱེ་བ་བཞེས་པ།
      འདོད་ཀྱིས། ཁོ་བོ་ལ་རྩ་བ་དང་འབྲས་བུ་སྟོབ་པའི་བྲམ་ཟེའི་ཁྱེའུ་གཅིག་དང་། གསོ་སྤྱོང་བཅོ་ལྔ་པ་དེ་ཉིད་མ་གཏོགས་པར་ཁྱེད་སུ་ཡང་མ་འོངས་ཤིག །ཁྱེའུ་རྣམས་ཀྱིས་དེ་ལྟར་ནང་ཁྲིམས་སུ་བཅས་སོ། །དེའི་ཚེ་སྟོན་པ་ལྐུགས་འཕྱེས་རྒྱང་རིང་པོ་ནས་རི་དྭགས་ཞིག་མཐོང་བ་དང་སྨྲས་པ། རི་དྭགས་འོངས་པ་ལེགས་སོ་ཚུར་ཤོག་ཅིག །རི་དྭགས་ཁྱོད་དང་ཁོ་…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཕྱི་རོལ་པའི་སྟོན་པ་ལྐུགས་འཕྱེ་ཞེས་བྱ་བར་སྐྱེ་བ་བཞེས་པ།
      མཁན་པོ་ནི་འདི་ལྟར་འདོད་ཆེན་ལ་སྨོད་ཅིང་འདོད་ཆུང་ལ་བསྟོད་པས་ན། དོན་གྱིས་མཁན་པོས་བདག་ཅག་ལ་ནན་ཏུར་བྱས་ཀྱིས་མ་ལ་བདག་ཅག་གིས་རིལ་བ་ནས་བླུགས་གཟར་གྱི་བར་གཅིག་ལས་ལྷག་མ་རྣམས་ཆུ་བོ་རྟག་འབབ་ཀྱི་ནང་དུ་བོར་ལ་མཁན་པོ་གང་ན་བར་འདོང་ངོ་ཞེས་དེ་ལྟར་བྱས་ཏེ། རྒྱུད་གཙང་ལ་སྤྱོད་པ་གཞུང་བཞིན་བྱས་ཏེ་སྟོན་པའི་དྲུང་དུ་སོང་ནས་ཕྱག་…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > ཕྱི་རོལ་པའི་སྟོན་པ་ལྐུགས་འཕྱེ་ཞེས་བྱ་བར་སྐྱེ་བ་བཞེས་པ།
      དེ་དག་གིས་སྨྲས་པ། བདག་ཅག་གིས་ཅུང་ཟད་ཅི་ཤེས་པ་མཁན་པོ་ལ་བརྟེན་པ་ལགས་ན་བདག་ཀྱང་ཁྱེད་ལྟར་རབ་ཏུ་བྱུང་ངོ་། །དེ་ནས་མཁན་པོ་དེས་དུས་ལ་བབ་པ་ཤེས་པར་གྱིས་ཞེས་དེ་ཐམས་ཅད་རབ་ཏུ་བྱུང་ངོ་། །དེ་ནས་རྩིབས་ཀྱི་མུ་ཁྱུད་སྒྲིབ་པ་ལྔ་སྤངས་ནས་ཚད་མེད་བཞིའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་གནས་སོ། །དེའི་ཚེ་སྟོན་པ་རྩིབས་ཀྱི་མུ་ཁྱུད་ཅེས་མ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པར་སྐྱེ་བ་བཞེས་པ།
      ༈ ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པ་ཞིག་ཏུ་སྐྱེས་པའི་ཚེ། དེ་ལ་ནུ་བོ་དྲུག་ཡོད་པ་ཡང་དེ་དང་ཡོན་ཏན་ཆ་མཐུན་པ་ཡིན་ལ། སྲིང་མོ་གཅིག་དང་བདུན་ཡོད་དོ། །བྲམ་ཟེ་དེས་རིག་བྱེད་དང་། ཉེ་བའི་རིག་བྱེད་ཡན་ལག་དང་བཅས་པ་ལོབ་ནས་མཁས་པའི་གྲགས་པ་ཐོབ་སྟེ། ཕ་མ་གཉིས་ལ་ལྷ་བཞིན་བཀུར་སྟི་དང་། ནུ་བོ་ར…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པར་སྐྱེ་བ་བཞེས་པ།
      ཆེན་པོ་དང་མཛའ་བོ་དང་ནང་མི་རྣམས་བོར་ཏེ་དཀའ་ཐུབ་ཀྱི་ནགས་སུ་རབ་ཏུ་བྱུང་ངོ་། །བྲན་ཕོ་དང་བྲན་མོ་སྙིང་ཉེ་བ་དག་ཀྱང་དེ་དག་གི་ཕྱི་བཞིན་རབ་ཏུ་བྱུང་ངོ་། །དགོན་པའི་ནགས་ཚལ་ཆེན་པོ་དེར་མེ་ཏོག་གིས་གང་བའི་མཚོ་ཆེན་པོ་ཞིག་གི་འགྲམ་དུ་ཤིང་ལོའི་སྤྱིལ་བུ་སོ་སོར་མི་ཉེ་བར་བྱས་ཏེ། བསམ་གཏན་ལ་སྦྱོར་བར་བྱེད་དོ། །ཞག་ལྔ་ལྡན་བྱང་ཆ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པར་སྐྱེ་བ་བཞེས་པ།
      པདྨའི་རྩ་བ་གླང་པོ་ཆེའི་ཕྲུ་གུའི་མཆེ་བ་ལྟར་དཀར་བའི་བྱང་ཆུབ་སེམས་དཔའི་སྐལ་བ་དེ་བྲན་མོ་སླར་སོང་བའི་རྗེས་སུ་མི་སྣང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་དེར་སོང་བ་ན་དང་པོའི་གནས་དེ་ན་པདྨའི་རྩ་བ་མེད་ལ། པདྨའི་ལོ་མ་རྒྱན་འཁྲུགས་ཤིང་འདུག་པ་མཐོང་ནས་བདག་གི་པདྨའི་རྩ་བའི་སྐལ་པ་གཅིག་གིས་ཁྱེར་རོ་སྙམ་དུ། ཁོང་ཁྲོ་ཞིང་སེམས་འཁྲ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པར་སྐྱེ་བ་བཞེས་པ།
      བརྒྱ་བྱིན་གྱིས་མཐུས་བསྒྲིབས་པས་ཅི་ལས་གྱུར་པ་ཡང་མ་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ནུ་བོ་འོག་མས་རང་གི་ཡིད་ལ་གཅགས་པ་མེད་པ་བདག་ཉིད་གཙང་བར་བསྟན་པའི་ཕྱིར་མནའ་ཁྱད་པར་ཅན་བོར་བ། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །འབྱོར་བའི་མཚན་མས་བརྒྱན་པའི་ཁྱིམ་དག་དང་། །ཆུང་མ་ཡིད་དུ་འོང་བ་རྙེད་པ་དང་། །བུ་དང་ཚ་བོ་རྣམས་དང་ལྡན་…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པར་སྐྱེ་བ་བཞེས་པ།
      ཅན་དུ་རེ་བ་ཆེན་པོ་ཡིས། །ཡུལ་མི་ཀུན་གྱིས་དེ་ལ་མཆོད་པར་ཤོག །གྲོགས་པོས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་ལ་ཆགས་གང་། །ཡུལ་གྲུ་དམ་པ་འབྱོར་བ་བཞི་བརྒྱ་ཙམ། །རྒྱལ་པོ་དག་ལས་ཐོབ་ནས་སྤྱོད་གྱུར་ཅིང་། །འདོད་ཆགས་མ་བྲལ་བར་ནི་ཤི་བར་གྱུར། །བྲན་གྱིས་སྨྲས་པ། རྩ་བའི་ཕྱིར་ནི་བདག་དོན་ཆུད་གསོན་པ། །གྲོགས་པོའི་ནང་ན་དེ་ནི་གྲོགས་དཔོན…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པར་སྐྱེ་བ་བཞེས་པ།
      རྩ་བ་གང་བརྐུས་པ། །དེ་ནི་ཞགས་པ་དམ་པོ་དྲུག་བརྒྱས་བཅིངས། །ལྕགས་ཀྱུ་རྣོན་པོས་དཀྲུགས་པའི་རྨ་ནད་བཞིན། །ནགས་ཚལ་ཉམས་དགའ་བོར་ནས་གྲོང་འདབ་སོང་། །སྤྲེའུས་སྨྲས་པ། ཁྱོད་ཀྱི་རྩ་བ་བསྐམས་པས་གང་བརྐུས་པ། །དེ་ནི་མེ་ཏོག་ཕྲེང་ཅན་ཞ་ཏོ་ཐོགས། །དབྱུག་པས་བརྡེག་ཅིང་སྦྲུལ་གྱི་ཁར་གཏོང་ཞིང་། །སེ་རལ་ཁར་བཅིངས་ཁྱིམ་ན་གནས་པར་ཤོག །བྱ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པར་སྐྱེ་བ་བཞེས་པ།
      མཐའ་ཡས་ཏེ། གང་ལ་བརྟགས་ནས་ཐུབ་པ་རྣམས་འདོད་པ་ལ་མི་སྤྱོད་པའི་ཚུལ་དེ་མདོ་ཙམ་ཞིག་ཉོན་ཅིག །འདོད་ཕྱིར་འཇིག་རྟེན་བཅིངས་ཤིང་བསད་པར་འགྱུར། །མྱ་ངན་གདུང་ཞིང་འཇིགས་མང་སྡུག་བསྔལ་མྱོང་། །རྒྱལ་པོ་རྣམས་ཀྱང་འདོད་ཕྱིར་བརླག་པར་འགྱུར། །ཕྱི་མར་ཆོས་ཉམས་སེམས་ཅན་དམྱལ་བར་ལྷུང་། །གང་གིས་མཛའ་རྣམས་མྱུར་དུ་འཁོན་འབྱུང་འགྱུར། །གང་…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་གཅིག་ལ་སྐྱེ་བ་བཞེས་པ།
      ༈ ཡང་སྔོན་བཅོམ་ལྡན་འདས་ཉིད་བྲམ་ཟེའི་རིགས་གཅིག་ཏུ་སྐྱེས་པ་དེས་རིག་བྱེད་ཡན་ལག་དང་བཅས་པ་བསླབས་ཤིང་མཁས་པའི་གྲགས་པ་དང་ནོར་གྱིས་ཕྱུག་ཅིང་གཏོང་བ་
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་གཅིག་ལ་སྐྱེ་བ་བཞེས་པ།
      ལ་དགའ་བར་གྱུར་ཏོ། །དེས་ཁྱིམ་གྱི་གནས་ནི་ཉེས་པ་དུ་མའི་འབྱུང་གནས་སུ་རིག་སྟེ་ཁྱིམ་གྱི་འབྱོར་པ་རྩ་བཞིན་སྤངས་ནས་རབ་ཏུ་བྱུང་ཞིང་དཀའ་ཐུབ་ཀྱི་འདུལ་བ་ལ་བརྩོན་པར་གྱུར་པའི་ཚེ་ན་ཡང་དེའི་ཡོན་ཏན་གྱི་དཔལ་ལ་དགའ་བའི་སྐྱེ་བོ་མང་པོ་ཕྱི་བཞིན་འདུ་ཞིང་འོངས་པ་ན། དེ་འདུ་འཇི་ལ་མི་དགའ་བས་ཀུ་རུ་ཞེས་པའི་གླིང་ལྷོ་ཕྱོགས་ཀྱི་རྒྱ་མ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་གཅིག་ལ་སྐྱེ་བ་བཞེས་པ།
      བཙོས་པ་དེ་དག་ཐམས་ཅད་བྱིན་ནས་བདག་དགའ་བཞིན་བསམ་གཏན་གྱིས་ཉིན་མཚན་འདའ་བར་བྱས་སོ། །བྲམ་ཟེ་དེ་དེ་ལྟར་ཉི་མ་གསུམ་དུ་དེར་འོངས་པ་ལ་དགའ་ཞིང་མཆོད་པ་བྱས་སོ། །དེ་ལ་བརྒྱ་བྱིན་ངོ་མཚར་ནས་འདི་ནི་དཀའ་ཐུབ་ཆེ་བས་སུམ་ཅུ་རྩ་གསུམ་པའི་བདག་པོའི་དཔལ་འདོད་ན་ཡང་བསམས་པ་ཙམ་གྱིས་འགྲུབ་པར་རིག་ནས་དོགས་པ་དང་འཇིགས་པ་སྐྱེས་ཏེ། བདག་གི་ལ…
      MJN015 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > བྲམ་ཟེའི་རིགས་གཅིག་ལ་སྐྱེ་བ་བཞེས་པ།
      བའི་མཆོག་བསླངས་པ་ལ། བརྒྱ་བྱིན་ན་རེ། བྱིས་པའི་སྐྱེ་བོ་སྙིང་རྗེའི་གནས་ཡིན་ཅིང་། སྙིང་རྗེ་ཅན་ཁྱོད་ཅིའི་ཕྱིར་དེ་དག་མཐོང་བར་མི་འདོད། བྱང་ཆུབ་སེམས་དཔས་སྨྲས་པ། ཇི་ལྟར་བྱས་ཀྱང་བྱིས་པ་ལ་ཕན་བཏགས་པར་དཀའ་སྟེ། འདི་དག་ཚུལ་མིན་ལ་ཞེན་ནས། གཞན་ཡང་དེ་ལ་སྦྱོར་ཞིང་། དུལ་བ་དང་དྲང་སྲོང་གི་ཚུལ་དང་མི་མཐུན་པས་ཕན་པར་བསྟན་ཀྱང་…