Author
About 40% of texts have an author recorded — this list will grow as more are attributed.
1019 results
— page 43 of 51
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
དང་། བློ་དང་མི་ལྡན་པ་དང་། དོན་ཡོངས་སུ་ཉམས་པ་དང་། མཛའ་བཤེས་དང་བྲལ་བ་དང་། བཟོ་མི་ཤེས་པ་དང་། རྒྱལ་སྲིད་ཉམས་པ་དང་། རྒྱལ་བློན་ལ་བརྙས་པ་དང་། ཆུང་མ་མ་གུས་པ་དང་། ཆོག་མི་ཤེས་པ་དང་། བྱས་པ་མི་བཟོ་བ་དག་གནོད་པའོ་ཞེས་ཟེར་བ་ལ། གཞོན་ནུ་ཞི་བའི་བློ་གྲོས་ཀྱིས་དེ་དག་ལ་ཁྱེད་ཅག་གིས་སྡུག་བསྔལ་དང་གནོད་པ་སྣ་ཚོགས་བཤད་པ་རྗེས་…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
ཡང་རྒྱལ་པོ་དགེ་བའི་མིག་ཅེས་བྱ་བར་གྱུར་པས་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་ལས་སྟོབས་བཅུའི་བསྔགས་པ་ཐོས་ནས་དེ་བཞིན་གཤེགས་པ་དེ་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་བསྐྱེད་ཅིང་། དེ་ཕྱིན་ཆད་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངོམས་པ་མེད་ཅིང་སེམས་ཅན་གྲངས་གདགས་པར་མི་ནུས་པ་བླ་མེད་རྫོགས་བྱང་ལ་སྨིན་པར་བྱས་པ་དང་། ༈ ཡང་གཙོ་…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
རྩིའི་དབྱངས་ཞེས་བྱ་བར་གྱུར་པས་དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་ཐར་པའི་ལམ་ཞུས་ཤིང་སེམས་ཅན་རྣམས་སྡུག་བསྔལ་ལས་བཏོན་པ་དང་། ༈ ཡང་དེ་བཞིན་གཤེགས་པ་དྲི་མེད་ཏོག་གི་རིམ་གྲོ་བ་དགེ་སློང་དཔལ་འབྱུང་ཞེས་བྱ་བར་གྱུར་པའི་ཚེ་ན། དེ་བཞིན་གཤེགས་པ་ཉིད་དུ་འདོད་པའི་བློས་སྨོན་པ་ལ་སང…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
ཏུ་ཕེབ་པ་ཞེས་བྱ་བ་ལ་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་ད་ལྟར་བྱུང་བའི་ཤེས་པ་མངོན་པར་གྲུབ་པའི་རྒྱུ་དང་དྲིས་པ་ལ། རྒྱལ་པོ་དེས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ལ་ཞུ་བ་ཡོངས་སུ་ཞུས་ཏེ་ཤེས་པར་བྱས་སོ། ༈ །ཡང་བྲམ་ཟེ་ཤིན་ཏུ་བརྟག་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ་བར་སྣང་ལས་ཀུན་འབྱུང་གི་ཆོས་ཐམས་ཅད་འགོག་པའོ་ཞེས་སྒྲ་ཐོས་པས། འདུ…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
སྤྲིན་མངོན་པར་འཕགས་པའི་དབྱངས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ་དང་ཞུ་བ་ཞུས་ཤིང་དོན་ཁོང་དུ་ཆུད་པར་བྱས་པ་དང་། ༈ །ཡང་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བར་གྱུར་པའི་ཚེ། རྒྱལ་པོ་བློ་གྲོས་རྣམ་དག་གིས་བྱ་བ་ཐམས་ཅད་དེ་ལ་བཅོལ་ཞིང་། དེས་ཐམས་ཅད་ལ་ཚུལ་བཞིན་འཇལ་འདུམ་དང་འཐབ་མོ་ཞི་བར་བྱེད་ལ། ཚིག་གང་སྨྲས་པ་ཐམས་ཅད་འགོག་པར་…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
ཀྱི་ཞིང་ཐམས་ཅད་སྣང་བར་བྱས་ཤིང་ཡུན་རིང་པོ་བརྗོད་དུ་མེད་པར་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། ཚིག་གི་སྒོ་ནས་སངས་རྒྱས་ཀྱི་ཆོས་བསྟན་པས། སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་གདུལ་བར་བྱས་སོ། ༈ །ཡང་རྒྱལ་པོ་ཟླ་སྦྱིན་གྱི་བུ་མོ་ག…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
པར་མི་བྱ་སྟེ། བདག་ཉིད་ཀྱིས་རིག་པར་བྱའོ་སྙམ་དུ། དགོན་པར་འཇིག་རྟེན་གྱི་ཤེས་པ་གང་ལས་བྱུང་བའི་ཚུལ་ལ་དཔྱད་པས། འཇིག་རྟེན་ཞེས་བྱ་བ་ཕུང་པོ་ལྔ་འདི་ཙམ་ལ། འདི་དག་སྐྱེས་སོགས་སྡུག་བསྔལ་ཅན་དུ་རིགས་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་དེ། དེ་དག་ཡོངས་སུ་ཐར་བར་བྱ་བའི་ཕྱིར་བརྩོན་པས་མངོན་པར་ཤེས་པ་ལྔ་ཐོབ་སྟེ། སེམས་ཅན་རྣ…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
བསམ་པའི་རྗེས་སུ་འཇུག་པས་དགའ་བར་བྱེད་ཅིང་མི་གཙང་བ་ལ་མི་གཙང་བར་སྟོན། གཙང་བ་ལ་གཙང་བར་སྟོན་པ་སོགས་སྣ་ཚོགས་ཀྱི་རྣམ་པར་འཕྲུལ་པ་བསྟན་ནས་སེམས་ཅན་སྨིན་པར་བྱེད་ཀྱང་དེ་དག་དེའི་ངོ་བོ་ཉིད་མི་ཤེས་པ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལས་ཀྱི་རྗེས་སུ་འཇུག་པ་ལ་རྒྱུ་གཞན་དང་གཞན་དུ་སེམས་པར་བྱེད་ཅིང་འདུ་བྱེད་ཐམས་ཅད་ལ་ངེས་པ་མེད་པ…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
དྲུག་ཅུར་ལོག་པར་མ་ལྷུང་ཞིང་སེམས་ཅན་གྱི་དོན་བྱས་སོ། ༈ །ཡང་དྲང་སྲོང་འོད་བཟང་ཞེས་བྱ་བར་གྱུར་པའི་ཚེ། རལ་པའི་ཐོར་ཚུགས་ལྔ་སོགས་བརྟུལ་ཞུགས་ཀྱི་བྱེ་བྲག་མང་པོ་འཛིན་ཞིང་། ཚ་གྲང་སོགས་ཡིད་ལ་མི་བྱེད་པར་ལུས་ལ་མི་ལྟོས་པའི་དཀའ་ཐུབ་རྣམ་པ་མང་པོ་དཔག་ཏུ་མེད་པ་དང་ལྡན་པ། འབྱུང་པོ་ཐམས་ཅད་ལ་མི་འཚེ་བ། གཞན་གྱི་བུད་མེད་ལ་མི་འ…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
མངོན་ཤེས་ལྔ་དང་ལྡན་པ་དེ་འཇིག་རྟེན་ཐམས་ཅད་ལ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་སོགས་ཀྱི་སྤྱོད་པ་ཐམས་ཅད་ཤེས་པ་དེས། ལྷའི་མིག་གིས་སློང་མོས་འཚོ་བ་འོད་བཟང་མཐོང་ནས་དེའི་བསམ་པ་ཤེས་པས། འདིས་སྟོབས་དང་སྟོབས་མ་ཡིན་པ་ཤེས་པའི་ངེས་པར་འབྱུང་བར་མི་ཤེས་པས་ཉམ་ཐག་གོ་སྙམ་དུ། སྙིང་རྗ…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
ཞེས་བྱིན་ཏེ་མངོན་པར་བྱེད་པ་མེད་པ་ནི་ངེས་པར་འབྱུང་བ་ཡིན་ལ། འདུ་བྱེད་པ་ནི་ངེས་པར་མི་འབྱུང་བའོ་ཞེས་གསུངས་པས་བྱང་ཆུབ་ཀྱི་ལམ་ཁོང་དུ་ཆུད་པ་དང་། ༈ །ཡང་སྔོན་གྱི་དུས་ན་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཕྱི་རོལ་པའི་ལམ་གྱིས་ཆགས་པ་དང་བྲལ་བ་རྫུ་འཕྲུལ་དང་གཟི་བརྗིད་ཆེ་བ་ཞིག་ཏུ་གྱུར་པ་ན། དེ་ལ་སྲོག་ཆགས་བརྒྱ་སྟོང་མང་པོ་ཤེས…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
པ་མཽ་དགལ་གྱི་བུ་གང་ཟག་གི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པ་གོ་བར་མཛད་དོ་ཞེས་གསུངས་སོ། ༈ །ཡང་རྒྱལ་པོ་དྲང་སྲོང་ལྷ་བཟང་ཞེས་བྱ་བ་ཕྱི་རོལ་པའི་ལམ་གྱིས་ཆགས་བྲལ་དུ་གྱུར་པའི་ཚེ་ན། དེས་དབེན་པར་ནང་དུ་ཡང་དག་འཇོག་ལ་ཞུགས་ནས། འདི་ལྟར་དམྱལ་བ་ནས་སྲིད་རྩེའི་བར་གྱི་སེམས་ཅན་སྣ་ཚོགས་པ་འདི་དག་ལས་ཉོན་གྱི་དབང་ག…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
ཅིང་། དེའི་དུས་ན་རྒྱལ་པོ་མཁས་པའི་ཚུལ་གྱི་བུ་གཞོན་ནུ་བྱང་ཆུབ་སེམས་དཔའ་རི་བོང་ཚིག་ཅེས་བྱ་བ་ཞིག་ཏུ་བཅོམ་ལྡན་འདས་ཉིད་གྱུར་པའི་ཚེ། སངས་རྒྱས་དེའི་ཆོ་འཕྲུལ་ཆེན་པོས་ཞིང་དེར་ངོ་མཚར་བ་དུ་མ་སྟོན་ཅིང་། གཞོན་ནུ་རི་བོང་ཚིག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་དེ་འཇིག་རྟེན་དུ་བྱུང་བར་མཐོང་བས་གཞལ་དུ་མེད་པའི་དགའ་བ་སྐྱེས་ཏེ།…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
མེད་པའི་དགེ་རྩ་འདུ་བྱེད་པ། སེམས་རེ་རེ་བསྐྱེད་པས་སེམས་ཅན་གྲངས་མེད་པ་ཐེག་གསུམ་ལ་འགོད་པར་གྱུར་པ་དེས། དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའི་འཁོར་འདི་དག་ལུང་བསྟན་པར་མཛད་ན་སྙམ་པའི་མོད་ལ་སེམས་ཅན་དེ་དག་རང་རང་ཇི་ལྟར་སྨོན་པ་ལྟར་ལུང་བསྟན་པར་མཛད་པ་དང་། ༈ །ཡང་བྱང་ཆུབ་སེམས་དཔའ་ནོར་བུ་འཛིན་ཞེས་བྱ་བར…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་བླ་མེད་བྱང་ཆུབ་ལ་བཀོད་ནས་མྱ་ངན་ལས་འདས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་དེ་ཡང་ལྷའི་ཟླ་བ་དེས་ཡོངས་སུ་སྨིན་པར་བྱས་པ་ལ་དེ་འདི་སྙམ་དུ། གང་བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་འདི་སེམས་ཅན་ཚད་མེད་པ་བླ་མེད་བྱང་ཆུབ་ཏུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་རྒྱུད་ཡང་དག་པར་སྤེལ་ན་བདག་གིས་ཀྱང་ད…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
གིས་ལས་མངོན་པར་འདུ་བྱེད་པ་ཡང་ཤེས་ལ། གལ་ཏེ་འདོད་ཆགས་སོགས་སྐྱེས་པ་ན་ཡང་དབང་པོ་ཆེ་འབྲིང་ཆུང་ངུར་ཕྱེ་ནས་ཉོན་མོངས་པ་དེ་དག་བཟློག་པར་བྱས་པས་བསྐལ་པ་བརྒྱད་ཅུར་ལོག་པར་ལྷུང་བར་མ་གྱུར་ཏོ། ༈ །ཡང་རྒྱལ་པོ་ཟླ་བའི་ལྷ་ཞེས་པའི་བུ་མོ་ཟླ་བའི་ལྷ་མོ་ཞེས་བྱ་བར་གྱུར་པའི་ཚེ། དེ་མཁས་ཤིང་ཡིད་གཞུངས་པས། རྒྱལ་པོའི་བྱ་བ་བྱེད་ཅིང་ར…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
མ་རྙེད་ནས། ཤེས་པ་དེ་ལྟ་བུ་བཙལ་བའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་དོན་དང་བྱ་བ་ཉུང་བ་རྣམས་ཀྱི་ཐད་དུ་སོང་ནས་དྲིས་ཀྱང་མ་རྙེད་དོ། །དེས་བདག་ཉིད་ཀྱིས་ཤེས་པ་བསྐྱེད་དེ་བཙལ་བར་བྱའོ་སྙམ་དུ། གཏོང་བར་དཀའ་བ་དཔག་ཏུ་མེད་པ་བཏང་སྟེ་མགོ་དང་མིག་གི་བར་བཏང་ཡང་ཤེས་པ་དེ་མ་རྙེད་དོ། །དེ་ལྟར་དཀའ་བས་བཙལ་བ་དེ་དག་གདོད་འཕགས་པའི་ལམ་ལས་ཤ…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
ཤིང་ལྗོན་པ་ཞིག་ལ་རྟོག་ཅིང་འདི་སྙམ་དུ། ཤིང་ལྗོན་པ་འདི་ཡུན་མི་རིང་བར་ས་ལ་ལྷུང་བར་འགྱུར་བ་དེ་བཞིན་དུ་བསགས་པ་ཐམས་ཅད་མཐའ་མཛད་ཅིང་། མཐོ་བ་དག་ལྷུང་བ་ཡིན་ན། གང་མཐོ་བ་ལས་མི་ལྷུང་བའི་ཐབས་གང་ཞིག་ཡོད་སྙམ་མོ། །ཡང་དེ་འདྲའི་ཐབས་མེད་མོད། གང་མི་མཐོ་བ་དེ་ནི་མི་ལྷུང་ངོ་སྙམ་མོ། །ཡང་གང་ང་རྒྱལ་གྱིས་མཐོ་བར་འགྱུར་ཏེ། ང་རྒྱ…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
མེད་པ་དང་མི་གཙང་བའི་འདུ་ཤེས་ཞོག་ཅེས་ཆོས་བསྟན་པས་སེམས་ཅན་གྲངས་མེད་པ་ཕྱིར་མི་ལྡོག་པ་ལ་བཙུད་དོ། ༈ །ཡང་སྔོན་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྟོབས་མི་དམན་པ་ཅན་ཞེས་བྱ་བར་གྱུར་པའི་ཚེ་ན། དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོའི་དྲུང་དུ་སོང་བས་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དོན་ལ་བཟོད་པ་ཐོབ་པ་ལ་དེ་བཞིན་གཤེགས་པས་…
MJN015
· འཇམ་མགོན་མི་ཕམ་རིན་པོ་ཆེ།
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། > རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བར་སྐྱེ་བ་བཞེས་པ།
དོན་ཉིད་ལ་ལྟ་བ་དེ་ཙམ་གྱིས་ལན་མང་དུ་གནས་ནས་སེམས་ཅན་རྣམས་ཀྱི་བཟོ་ཡི་གནས་རྩོམ་པ་ལ་རྣམ་པར་དཔྱད་དེ་སེམས་ཅན་རྣམས་བདེ་བའི་ཕྱིར་མི་དགེ་བ་དང་། ཟག་བཅས་ཀྱི་དགེ་བ་བརྩམས་པས་མཐོ་རིས་དང་ངན་སོང་དུ་སྐྱེས་ལ། མྱ་ངན་ལས་འདས་པའི་ཕྱིར་ཟག་མེད་ཀྱི་དགེ་བ་བྱེད་པ་ནི་སྲིད་པའི་རྒྱུ་མ་ཡིན་ནོ་སྙམ་དུ། ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཆོས་…