Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      578 results — page 3 of 29
      CMR018 · ཀརྨ་ཆགས་མེད།
      སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་།
      འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ སློབ་མ་ཉུང་ན་འདི་ཡན་མགོར་བཞག །ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བ…
      CMR018 · ཀརྨ་ཆགས་མེད།
      སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་།
      གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་རྗེའི། རྡོ་ར…
      CMR018 · ཀརྨ་ཆགས་མེད།
      སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་།
      ཀྱི་ལུས་ངག་ཡིད་གསུམ་དང་རྗེ་བཙུན་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་བསྒོམ། བཀྲ་ཤིས་ནི། སེང་ལྡེང་ཕོ་བྲང་འཇིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག །བུད་མེད་རིན་ཆེན་ཡིད་འོང་བརྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱེད་ཀྱི་བཀྲ་ཤིས་ཤོག །ནས་འཐོར། འོ་དེས་འཕགས་མ་སྒྲོལ་མའི་དབང་ལེགས་…
      CMR018 · ཀརྨ་ཆགས་མེད།
      སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་།
      བ་ཅན་དུ་སྐྱེ་བར་གྱུར་ཅིག །མངྒ་ལཾ།། དགེའོ།། ༧ འདི་ནི་དཔེ་གསར་པ་འདི་འདྲ་གཅིག་ལགས་སོན་བྱུང་བས་ཕལ་ཆེར་མངོན་རྟོགས་དང་ལོ་རྒྱུས་མ་གཏོགས་གཅིག་ཤེས་ཀུན་གྲོལ་ནས་ཁོལ་ཕྱུང་ཡིན་པ་འདྲ་འདུག་ཞུ། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན་བྱ་བའོ། །འདི་ནི་གྲུབ་ཆེན་ཉི་མ་སྦས་པའི་རྒྱ་གཞུང་དང་། མི་ཏྲ་ཛ་ཀིའི་དཀྱིལ་ཆོག་རྒྱ་གཞུང་དེ་རྣམས་ཀྱི་དོན་གཞུང་མཐོང་བས་རབ་གསལ་ཞེས་བྱ་བ་བཞུགས་སོ།།
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      ན་མོ་ཨཱརྱ་ཏཱ་རེ། བཅོམ་ལྡན་འཕགས་པ་འཇིག་རྟེན་དབང་ཕྱུག་གིས། །འགྲོ་དྲུག་སྡུག་བསྔལ་གཟིགས་ལ་ཐུགས་བརྩེ་ནས། །སྤྱན་ཆབ་བསིལ་ལ་མེ་ཏོག་པདྨ་གཉིས། །ཁ་བྱེའི་ནང་ནས་ལྷ་མོ་གཉིས་བྱུང་སྟེ། །འཇིག་རྟེན་དག་ན་འཇིགས་པས་སུ་སྐྲག་པ། །ང་ཡིས་སྐྱབས་ཞེས་གསུང་གི་ཐོག་མར་སྨྲས། །གང་དུ་འཇིགས་པ་བརྒྱད་དང་བཅུ་དྲུག་པོ། །གང་དེར་བྱུང་དེར་ལྷ་…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      གཅིག །སྒྲོལ་མ་ཉི་ཤུ་རྩ་གཅིག་མཚན་འཆང་བ། །སྙིགས་དུས་བདག་སོགས་འགྲོ་རྣམས་འཇིགས་པས་མནར། །ལྷ་མོ་ཁྱོད་ལ་བདག་གིས་གསོལ་འདེབས་ན། །སྐད་ཅིག་གློག་ལྟར་མྱུར་བས་འདིར་བྱོན་ལ། །མདུན་གྱི་ནམ་མཁའི་པད་ཟླའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་གིས། །ལྷ་མའི་དཔལ་འབྱོར་བློ་ཡིས་བླ…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      ཡི་རང་། །ཡང་ཟབ་རྒྱ་ཆེན་ཆོས་འཁོར་རབ་བསྐོར་ཞིང་། །གཟུགས་སྐུ་གཡོ་མེད་བཞུགས་པར་གསོལ་བ་འདེབས། །དུས་གསུམ་དགེ་བ་མཁའ་མཉམ་ཡོངས་ལ་བསྔོ། །མཚམས་སྦྱར་བའོ།། ༈ སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཐུགས་རྗེའི་བདག །སྟོན་ཟླའི་མདོག་ཅན་ཞལ་གཅིག་ཕྱག་བཞི་པ། །ཐལ་སྦྱར་ཕྲེང་བ་པད་དཀར་ཕྱག་ན་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་བཞ…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      ལྗང་སྔོན་ཞལ་གཅིག་ཕྱག་གཉིས་འཛུམ་པའི་ཞལ། །གཡས་པས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །ཞབས་གཡོན་བསྐུམ་ཞིང་གཡས་པ་ཅུང་ཟད་བརྐྱངས། །རོལ་སྟབས་འགྱིང་བག་པདྨ་ཟླ་བའི་སྟེང་། །དར་དང་རིན་ཆེན་སྣ་ཚོགས་རྒྱན་ལྡན་མ། །འཇིགས་པ་ཀུན་སྐྱོབ་སེང་ལྡེང་ནགས་ཀྱི་ནི། །སྒྲོལ་མ་ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ། །སྐྱབས་སུ་མཆིའོ་འཇིགས་པ་ཐམས་ཅད་ས…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      པ་གཉིས་ན་ཁ་ཊཾ་སྤྱི་བླུགས་འཛིན། །གསུམ་པ་གཉིས་ན་འཁོར་ལོ་ཨུཏྤལ་ལ། །བཞི་པ་གཉིས་ན་ནོར་བུ་བུམ་པ་སྟེ། །ལྔ་པ་གཉིས་ན་རྡོ་རྗེ་དྲིལ་བུ་འཁྲོལ། །དྲུག་པ་མེ་ཏོག་ཕྲེང་བ་པོ་ཏི་འཛིན། །པད་ཟླའི་སྟེང་ན་སྐྱིལ་ཀྲུང་ཞི་ཆས་རྫོགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །མིག་ནད་ལ་སོགས་འཇིགས་པ་ཐམས་ཅད་སོལ། །ཐུན་མོང་མཆོག་གི་དངོ…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      པོ་བསྣམས། །ཡང་ན་ཕྱག་བཞི་དང་པོ་གཉིས་ན་ནི། །མཆོག་སྦྱིན་གཡས་རྡོར་དབྱུག་པ་ལྟེ་ཐད་འཛིན། །འོག་གཉིས་བགྲང་ཕྲེང་རིན་ཆེན་བེ་ཅོན་བསྣམས། །ཞབས་གཉིས་ཟླ་བའི་སྟེང་དུ་ཞབས་འོག་གཉིས། །ཅུང་ཟད་བསྣོལ་མ་ཙམ་གྱི་སྐྱིལ་ཀྲུང་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བར་ཆད་ཀུན་སོལ་དངོས་གྲུབ་མྱུར་དུ་སྩོལ། ༦༽ །རྣམ་པར་རྒྱལ་…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      བའོ། །སྟོད་གཡོགས་དར་དཔྱངས་སེར་ཞིང་སྟག་ཤམ་ཅན། །གཡས་བསྐུམ་གཡོན་བརྐྱང་ཉི་མའི་གདན་ལ་ནི། །པདྨ་སེར་པོའི་སྟེང་ན་འགྱིང་མཛད་མ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཕ་རོལ་རྒོལ་བ་ཐམས་ཅད་བཟློག་ཏུ་གསོལ། ༼༨༽ །དབང་མཆོག་སྟེར་བའི་སྒྲོལ་མ་གསེར་གྱི་མདོག །ཞལ་གཅིག་ཁྲོ་གཉེར་ལྡན་ཞིང་ཕྱག་བཞི་ཡི། །དང་པོ་མྱ་ངན་མེད་ཤིང་པད…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      འགུགས་པའི་སྒྲོལ་མ་སྐུ་མདོག་ནག །ཕྱག་གཉིས་ལྕགས་ཀྱུ་དང་ནི་ཞགས་པ་བསྣམས། །འགྱིང་བག་ཞབས་གཡས་ཅུང་ཟད་སྐྱོང་མཛད་དེ། །གཡོན་པ་བསྐུམ་པའི་རོལ་པ་ཉི་མ་དང་། །པདྨ་དམར་པོའི་གདན་ལ་བཞུགས་མཛད་དེ། །ཁྲོ་འཛུམ་དར་དང་རིན་ཆེན་ཞི་ཆས་བརྒྱན། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཕོངས་པ་ཀུན་སོལ་ནོར་གྱི་དངོས་གྲུབ་སྩོལ། ༼ ༡༡༽ །བ…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      ཀྱིས། །མེ་དཔུང་ནང་བཞུགས་དར་དང་རིན་ཆེན་བརྒྱན། །པདྨ་དམར་དང་ཉི་མའི་གདན་ལ་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཕ་རོལ་དགྲ་ཡི་དཔུང་ཚོགས་བཟློག་ཏུ་གསོལ། ༼༡༣༽ །ཁྲོ་གཉེར་གཡོ་བའི་སྒྲོལ་མ་མཐིང་ནག་འབར། །ཞལ་གསུམ་རབ་ཁྲོས་གཡས་དཀར་གཡོན་དམར་ཞལ། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་དང་ལྡན། །ཕྱག་དྲུག་གཡས་གསུམ་རོལ་གྲ…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྡིག་པ་གང་མཆིས་ཐམས་ཅད་དག་པར་མཛོད། ༼༡༥༽ །ཆགས་པ་འཇོམས་པའི་སྒྲོལ་མ་བྱི་རུའི་མདོག །ཞལ་གཅིག་སྤྱན་གསུམ་ཞི་བའི་ཚུལ་ཅན་ལ། །ཕྱག་གཡས་ཁ་ཊཾ་རྩེ་གསུམ་ཐུགས་ཀར་འཛིན། །གཡོན་པས་སྡིགས་མཛུབ་འབྲས་བུས་ངད་ཅན་ཤིང་། །ཕྱར་བའི་སྟབས་འཛིན་དར་དང་རིན་ཆེན་སྤྲས། །སེམས་དཔའི་སྐྱིལ་ཀྲུང་ཉི་མའི་དཀྱིལ་འ…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      གཉིས་ནི་སྤྱི་བོར་ན། །སྒྲོལ་བའི་སྟབས་ཀྱིས་ལྕགས་ཀྱུ་གཅིག་ལ་འཛིན། །འོག་གཉིས་མཆོག་སྦྱིན་ཨུཏྤལ་པོ་ཏི་མཚན། །པད་དཀར་ཟླ་བ་ཆུ་བྱ་ངང་པའི་སྟེང་། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་མཛད་མ། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྦྱར་དུག་ལ་སོགས་དུག་རིགས་གནོད་པ་སོལ། ༼༡༨༽ །སྡུག་བསྔལ་སེལ་བའི་སྒྲོལ་མ་སྟོན་ཟླའི་མདོག…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      གཅིག་ཞི་ཞལ་དར་དང་ཞི་ཆས་རྫོགས། །ཕྱག་གཡས་སྐྱབས་སྦྱིན་གཡོན་པ་པདྨ་སེར། །པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཁྱེད་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དགྲ་བགེགས་བར་ཆད་གཡུལ་ལས་རྒྱལ་བར་མཛོད། ༼༢༡༽ །ཡོངས་རྫོགས་སྒྲོལ་མ་དཀར་མོ་ཞལ་གཅིག་པ། །སྤྱན་གསུམ་ཞལ་གདངས་དབུ་སྐྲ་དམར་སེར་འབར། །ཕྱག་གཡས་ཁ་ཊཾ་གཡོན་པས་མེ་ཏོག…
      CMR018 · ཀརྨ་ཆགས་མེད།
      སྒྲོལ་མ་ཉེར་གཅིག་གི་བྲི་ཡིག་གོ་བདེ་བའི་ངག་འདོན།
      བཞེངས་ན་ཡིད་ལ་འདོད་པ་འབྱུང་བར་བཤད། །གྲུབ་ཆེན་ཉི་མ་སྦས་པའི་རྒྱ་གཞུང་དང་། །མི་ཏྲ་ཛཱ་ཀིའི་དཀྱིལ་ཆོག་རྒྱ་གཞུང་དང་། །སྔར་གྱི་ཞལ་ཐང་གོང་མ་གོ་བསྟུན་ཏེ། །གོ་ཏྟཱ བར་སླ་ཞིང་ངག་འདོན་བྱ་ཆོག་པའི། །སྒྲོལ་མ་ཉེར་གཅིག་བཀོད་པའི་ཡི་གེ་འདི། །བུ་སློབ་དད་པ་ཅན་གྱིས་བསྐུལ་བྱས་པས། །དགེ་སློང་༧རཱ་ག་ཨ་སྱས་བཀོད་པ་ཡིན། །དབུས་སྒྱ…
      CMR022 · རྩོམ་མཁན། ཀརྨ་ཆགས་མེད།
      རྗེ་བཙུན་འཕགས་མ་སྒྲོལ་མ་སྤྱི་ཡི་དབང་བཤད།
      རྗེ་བཙུན་འཕགས་མ་སྒྲོལ་མ་སྤྱི་ཡི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་དབང་བསྐུར་བ་ཡིན་ཏེ། དེའི་ལོ་རྒྱུས་ཟུར་ཙམ་ཞུ་ན། སྒྲོལ་མ་འདིའི་ངོ་བོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་གཡོན་པ་ནས་སྤྲུལ་པ་ཡིན་ཏེ། རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གིས་མགྲིན་གཅིག་ཏུ་བསྟོད་པ་ལས། སངས་རྒྱས་སྣང་བ་…
      CMR022 · རྩོམ་མཁན། ཀརྨ་ཆགས་མེད།
      རྗེ་བཙུན་འཕགས་མ་སྒྲོལ་མ་སྤྱི་ཡི་དབང་བཤད།
      འཇིགས་གྱུར་པ། །དེ་ཀུན་ངས་སྐྱོབ་མ་འཇིགས་མ་འཇིགས་ཤིག །ཅེས་དམ་བཅས་ནས་འཕགས་པ་སྤྱན་རས་གཟིགས་ཁྱེད་ཐུགས་མུག་པར་མ་མཛད་དང་ངེད་གཉིས་ཀྱིས་འགྲོ་དོན་གྱི་གྲོགས་བྱེད་དེ་སེམས་ཅན་དཔག་ཏུ་མེད་པའི་དོན་བྱའོ། །ཞེས་གསུངས་པས། དེའི་ཚེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་མཛད་ཅིང་། སྒྲོལ་མ་མངོན་པར་འབ…