Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8646 results — page 154 of 433
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      གཞུང་གི་ས་ཁོངས་གཅོད་ཚུལ།
      བྱ་རྣམས་འཁོར་བ་ལས་བཟློག་ནས་མྱང་འདས་ལ་འཛུད་པའི་དོན་དུ་དང་པོ། འཁོར་བ་ལ་བླང་དོར་ཐ་དད་པའི་ཞེན་པ་བཟློག་ནས་མཐའ་བྲལ་རྟོགས་པའི་ཆེད་དུ་བར་པ། མ་ངེས་པའི་རིགས་ཅན་ཐེག་ཆེན་དུ་ཁ་དྲང་བ་དང་། ཐེག་ཆེན་དུ་ངེས་ཟིན་པ་རྣམས་མཐར་ཐུག་གི་རྟོགས་པ་ལ་འགོད་པའི་ཕྱིར་དུ་གསུམ་པ་གསུངས་པ་ཡིན་ཏེ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      གཞུང་གི་ས་ཁོངས་གཅོད་ཚུལ།
      སེམས་ཅན་ལ། །ཇི་ཙམ་བཟོད་པས་ཆོས་སྟོན་ཏོ། །ཞེས་སོ། །གཉིས་པ་ལ། དང་པོ་དྲང་དོན་གཙོ་ཆེ་སྟེ། ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་ཡིན་པའི་ཕྱིར། བར་པ་ངེས་དོན་གཙོ་ཆེ་སྟེ། ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར། ཐ་མ་མ་ངེས་ཏེ། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྣ་ཚོགས་ཡོད་པའི་ཕྱིར་རོ། །གསུམ་པ་ལ། ངོ་བོ། ད…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      གཞུང་གི་ས་ཁོངས་གཅོད་ཚུལ།
      མཁྱེན་རྒྱུ་ལམ་ཤེས་དང་བཅས་པ་བརྗོད་བྱ་དང་། སྟོན་པ་སངས་རྒྱས་ཉིད་ཀྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་གསུངས་པ་དེའི་དགོངས་འགྲེལ་དང་བཅས་པ་དེ་ནི་རྗོད་བྱེད་ཡིན་ལ། དགོས་པ་ནི། ཕར་ཕྱིན་བཅུ་སྒྲུབ་པའི་ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོའི་དོན་རྒྱ་ཆེན་པོ་ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པ་ཞེས་བྱ་བ་དེ་བསྟན་བཅོས་བརྩམ་པའི་དགོས་པ་…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      གཞུང་གི་ས་ཁོངས་གཅོད་ཚུལ།
      བཅས་པའོ། །རྗོད་བྱེད་ངག་གི་ལུས་ནི། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། ཅེས་སོགས་ཚིགས་བཅད་བཅོ་ལྔ་གསུངས་པ་དེའོ། །གཉིས་པ་ནི། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་དངོས་པོ་བརྒྱད་དུ་གྲངས་ངེས་པ་ཡིན་ཏེ། འཇུག་ཡུལ་གྱི་དབང་དུ་བྱས་ནས་མཁྱེན་གསུམ། ཞུགས་ནས་ཉམས་ལེན་གྱི་དབང་དུ་སྦྱོར་བཞི། དེའི་འབྲས་བུ་ཆོས་སྐུར་ངེས་པའི་ཕྱ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      གཞུང་གི་ས་ཁོངས་གཅོད་ཚུལ།
      པའི་མཚན་ཉིད། འབྲས་བུ་ཤེར་ཕྱིན་དུ་བགྲོད་པར་བྱེད་པའི་ཐེག་ཆེན་སློབ་པ་འཕགས་པའི་མངོན་རྟོགས། མཚན་གཞི་ནི་ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་ལམ་ལྟ་བུ། གསུམ་པའི་མཚན་ཉིད། ལམ་ཤེར་ཕྱིན་སྒོམ་སྟོབས་ཀྱིས་ཐོབ་པའི་མཐར་ཐུག་གི་ཡེ་ཤེས། མཚན་གཞི། རྣམ་མཁྱེན་མཐའ་དག་གོ །བཞི་པའི་མཚན་ཉིད་རང་གི་ངོ་བོ་རང་བཞིན་འགྱུར་མེད་ཀྱི་ཆོས་ཉིད། མཚ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      གཉིས་པ་དོན་བདུན་ཅུ་བཤད་པ་ལ། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། སྐད་གཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། འབྲས…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      ལས་འཕྲོས་ནས། སྐྱོན་དེ་གང་ཡིན་དྲིས་པའི་ལན་དུ། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་སྨྲས་པ། བྱང་སེམས་ཀྱི་སྐྱོན་ནི་ཆོས་ལ་སྲེད་པའོ། །ཆོས་ལ་སྲེད་པ་གང་ཡིན་དྲིས་པའི་ལན་དུ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་འདི་ནི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་སོགས་ཀྱིས་ངེས་འབྱེད་ཡན་ལག །…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      སྒྲུབ་ལས་འཕྲོས་ནས། ཐེག་པ་ཆེན་པོ་དེ་གང་ལགས། ཇི་ཙམ་གྱིས་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་ལགས། ཐེག་པ་དེ་གང་ནས་འབྱུང་། གང་དུ་འབྱུང་། གང་ཞིག་འབྱུང་། ཞེས་ཞུས་པ་ལ། དྲི་བ་དང་པོའི་ལན་གྱིས་ཐབས་མཁས་ནས་གཟུངས་ཀྱི་བར་ལྔ་དང་། དྲི་བ་གཉིས་པའི་ལན་གྱིས་སའི་ཚོགས་དང་། དྲི་བ་ཕྱི་མ་གསུམ་གྱིས་ནི་གཉེན་པོའི་ཚོགས་བསྟན་པ་ཡིན་ནོ། །གཉིས…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      དུ་བྱ་བའི་དམིགས་པ་ཡང་ཡིན་ནོ་སྙམ་པ་ལ། དེ་ནི་ཆེན་པོ་གསུམ་མོ་ཞེས་བཤད་པར་བྱ་བའི་ཕྱིར་དུ་ཆེད་དུ་བྱ་བ་བསྟན། གལ་ཏེ་ཁྱད་པར་དེ་གསུམ་དང་ལྡན་པའི་སྒྲུབ་པ་ཡང་ངེས་འབྱེད་ཡན་ལག་ཁོ་ནར་ངེས་སམ་སྙམ་དུ་དོགས་པ་ལ། སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། ཁྱད་པར་གྱི་ལམ་གྱི་དབྱེ་བས་བཞི་ཡོད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་སྒྲུབ་པ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པས་ངན་འགྲོ་ལ་སོགས་པའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་དངོས་སུ་སྐྱེ་བ་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། དེ་ནི་རྒྱ་ཆེན་སྤྱོད་པའི་ལུགས་སེམས་ཙམ་ལུགས་སུ་གྲགས་པའི་སེམས་བསྐྱེད་ཀྱི་སྡོམ་པའི་རྟེན་ཙམ་ལ་དགོངས་པའ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      སྒོ་ནས་དབྱེ་བ། སེམས་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་བ། དཔེ་གྲོགས་ཀྱི་སྒོ་ནས་དབྱེ་བ། ས་མཚམས་ཀྱི་སྒོ་ནས་དབྱེ་བ་དང་དྲུག །དང་པོ་ལ། སྨོན་འཇུག་གཉིས། དང་པོའི་མཚན་ཉིད། རང་དང་ལྷན་ཅིག་པའི་བྱང་སེམས་ཀྱི་སྡོམ་པས་མ་ཟིན་པའི་ཀུན་རྫོབ་སེམས་བསྐྱེད། མཚན་གཞི། བྱང་སེམས་ཀྱི་སྡོམ་པ་མ་ཐོབ་པའི་སེམས་བསྐྱེད་དང་། ཀུན་དཀྲིས་ཆེན་པོ་ས…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམས་སོ། །གསུམ་པ་ནི། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་ལས་ཐོབ་པ་སོགས་ལྔ་སྟེ། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །གཉིས་པ་ལ། མཚན་ཉིད། དབ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་མ་གཏོགས་འགྲོ་བ་གཞན་ལ་དངོས་སུ་མི་སྐྱེའོ། །གསུམ་པ་ལ། སྦྱོར་བ། དངོས་གཞི། རྗེས་དང་གསུམ། དང་པོ་ལ། དབུ་མའི་ལུགས་ལ་གསོལ་བ་འདེབས་པ་སྔོན་དུ་འགྲོ་བ་ཅན་གྱི་ཡན་ལག་བདུན་པ་དང་། སེམས་ཙམ་ལུགས་ལ་ཕྱག་མཆོད་ཙམ་གྱིས་ཆོག་པར་བཤད་དོ། །གཉིས་པ་ལ། གཞན་དོན་དུ་བྱང་ཆུབ་དོན་གཉེར་གྱི་བསམ་པ་ཁྱད་པར་ཅ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      པའི་བུད་ཤིང་སྲེག་པའི་མེ་ལྟ་བུའོ། །གསུམ་པ་ནི། སློང་བ་པོའི་སེམས་ཅན་སྦྱིན་པས་ཚིམ་པར་བྱེད་པ་གཏེར་ཆེན་པོ་ལྟ་བུ། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ། གནོད་པ་དང་སྡུག་བསྔལ་སོགས་མི་འདོད་པ་ཐོག་ཏུ་བབས་ཀྱང་མི་འཁྲུགས་པ་རྒྱ་མཚོ་ལྟ་བུ། ཐེག་ཆེན་གྱི་ལམ་ལ་ཡིད་ཆེས་བརྟན་པས་མི་ཕྱེད་པ་རྡོ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      གཉིས་པ་བསླབ་བྱ་ལ་དབུ་མའི་ལུགས་ཀྱི་བསླབ་བྱ་དང་། སེམས་ཙམ་ལུགས་ཀྱི་བསླབ་བྱ་གཉིས། དང་པོ་ནི། ནམ་མཁའི་སྙིང་པོའི་མདོ་ནས་བཤད་པ་ལྟར་རྩ་བའི་ལྟུང་བ་བཅུ་བཞི་ཡོད་ཀྱང་། བསྡུ་ན་ཐབས་ལ་མཁས་པའི་མདོ་ནས་བཤད་པ་ལྟར་བཞིར་འདུ་སྟེ། བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གདམས་ངག་ལ། སྤྱིར་བསྟན་པ་དང་། གདམས་ང…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      རབ་མཚུངས་ལྡན་དང་བཅས་པ་སྟེ། ཚོགས་ལམ་ནས་ཀྱང་ཡོད་པ་འགྲེལ་ཆེན་ལས་བཤད་དོ། །ལྔ་པ་ལ། མཚན་ཉིད། དབྱེ་བ། གོ་རིམ་བཤད་པའོ། །དང་པོ་ནི། རང་གི་གདམས་བྱའི་དོན་གཙོ་བོར་སྟོན་པའི་ལུང་གི་ཆོས། གཉིས་པ་ལ། བརྗོད་བྱ་དང་། དགོས་པའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཐེག་པ་ཆེ་ཆུང་གི་གདམས་ངག་གཉིས། དང་པོའི་མཚན་ཉིད། རྫོགས་པའི་བྱང་ཆུབ་སྒ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      པོ་ནི། སྒྲུབ་པ་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་སྟོན་པའི་ལུང་གི་ཆོས། གཉིས་པ་ལ། ཐེག་པ་ཆེ་ཆུང་གི་སྒྲུབ་པ་གཉིས། མཚན་ཉིད་རིམ་བཞིན། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལེན་ཚུལ་སྟོན་པའི་ཐེག་ཆེན་གྱི་ལུང་གི་དམ་ཆོས། ཐེག་དམན་རང་ལུགས་ཀྱི་ཐབས་ཤེས་གཉིས་དང་ལྡན་པའི…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      ཏེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དེ། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན། །གཅིག་དང་ཐ་དད་ཉིད་དུ་གང་སེམས་པ། །དེ་དག་ཚུལ་མིན་ཡིད་བྱེད་ཞུགས་པ་ཡིན། །ཞེས་གསུངས་པས། དོན་དམ་བློའི་ཡུལ་མ་ཡིན་པ་དེ་བློའི་ཡུལ་དུ་བྱས་པས་ཚུལ་མིན་ཡིད་བྱེད་དུ་སོང་བའི་སྐྱོན་ཏེ། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བླ…
      MLP010 · རྩོམ་མཁན། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས།
      རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      འབེབས་ཚུལ་ཕྱིན་ཅི་མ་ལོག་པར་བཤད་དེ། དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ལ་གཏན་ཚིགས་ཆེན་པོ་ལྔ་སྟེ། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེག་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ཆེན་པོ་བཞི་ནི་ཡོད་པ…