Author
About 40% of texts have an author recorded — this list will grow as more are attributed.
299 results
— page 2 of 15
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > གླེང་གཞི།
རྗེ་བླ་མ་ལ་ཟུར་ཟ་བར་འདོད་པའི་ཚིག་སྦྱོར་བ་བྱེད་པ་ནི། ས་དགེའི་མཁས་པ་ལུང་རིགས་ཀྱི་ལུས་སྟོབས་རྫོགས་པའི་སྟག་སེང་ཁ་འཐབ་པའི་བར་དུ་བཀའ་བརྒྱུད་པའི་སྒོམ་ཆེན་ཝ་སྐྱེས་ལྟ་བུ་དག་རྒྱུ་བ་ནི་ཤིན་ཏུ་འཚང་ཆེ་བས་བག་ཡོད་པར་བྱོས་ཤིག །དེ་ཡང་ཐ་སྙད་རིག་པ་ལྔའི་ནང་ནས་ཐོག་མར་གང་ལ་སློབ་ཅེ་ན། ཟུར་མཁར་བློ་གྲོས་རྒྱལ་པོས། རྒྱལ་པོ་ལང…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།
མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།འདི་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། བསྟན་བཅོས་འདིའི་མཚན་ལ་རྒྱ་གར་དུ་སྐད་རིགས་བཞི་ཡོད་པའི་ལེགས་(༡༠ན)
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།
སྦྱར་ལྷའི་སྐད་དུ། ཀ་བཱི་ཨ་དཪྴ༔སྟེ དེ་བོད་སྐད་དུ་བསྒྱུར་ན། ཀ་བི་ནི་སྙན་དངགས། །ཨཱ་དཪྴཿནི་མེ་ལོང་། དེ་གཉིས་མཚམས་སྦྱར་བའོ། །ཡང་ན་ཨཱ་ནི་ཀུན་དང་། དཪྴཿནི་མཐོང་བ་སྟེ། ཚིག་འགྱུར་བྱས་ནའང་འགྲིག་སྟེ། བསྟན་བཅོས་ཀྱི་མེ་ལོང་དུ་སྙན་ངག་གི་ལུས་སྲོག་རྒྱན་གསུམ་འཆར་བ་དང་། བསྟན་བཅོས་འདིར་སྔོན་བྱུང་གི་སྙན་ངག་གི་བརྗོད་བྱ་ཀ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།
ཟའི་བུ་མོའམ། ཡང་ན་དངོས་བསྟན་གྱི་འདབ་ཆགས་ངང་པའི་བུ་མོ་ལྟ་བུར་ལུས་ཐམས་ཅད་ཤིན་ཏུ་དཀར་ཞིང་ཡིད་དུ་འོང་བའི་དབྱངས་ཅན་མ་ནི་ཞེས་སོ། །སྙན་ཚིག་གི་རིག་བྱེད་འབྱུང་བའི་གདོང་དང་སྦྱར་བའི་རྒྱུ་མཚན་ཡང་། ཚངས་པ་ཆུ་ཀླུང་གི་གཟུགས་སུ་འཇིག་རྟེན་དུ་བབས་པ་འཛམ་གླིང་གི་ལྷོ་ཕྱོགས་སུ་ཚངས་པའི་མཚོ་ཞེས་འཁྱིལ་པ་ལ། སྭ་ར་སྭ་སྟི་ཞེས་པའ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།
དབང་ཕྱུག་གི་སྲས་མོ། འཇམ་དཔལ་དབྱངས་དང་དགྱེས་དགུར་སྤྱོད་པའི་ཡུམ་དབྱངས་ཅན་ལྷ་མོ་ཁྱོད་ནི། དབྱུགས་པ་ཅན་ཁོ་བོའི་ཡིད་དེ་སྙིང་གི་དབུས་སུ་ཡུན་རིང་དུ་གནས་པ་སྟེ་བཞུགས་ནས། ངག་གི་དངོས་གྲུབ་སྩོལ་བར་མཛོད་ཅིག་ཅེས་བརྗོད་པའོ། །དེ་ཡང་རྒྱན་གྱི་དབང་དུ་བྱས་ན། ཤླཽཀ་གཅིག་པོ་འདི་གཟུགས་ཅན་གྱི་སྦྱར་བ་ཡིན་པས། ལེའུ་གཉིས་པར་གཟུག…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།
དཀར་པོ་གཅིག་ཐུབ་སོགས་མཁས་པ་ལ་མ་གྲགས་པའི་གཏམ་ཁམ་པོ་ཆེ་རེ། གསུང་རབ་གང་གི་སྐབས་སུ་ཡང་མཛད་པ་འདི་ཁྱེད་རང་བཀའ་རྒྱུད་པ་རྣམས་ཀྱི་ཕྱག་སྲོལ་དུ་འདུག་པས། སྙན་ངག་ཕྱི་ནང་ཐུན་མོང་བའི་རིག་བྱེད་ཀྱི་བསྟན་བཅོས་ལ། ལོ་པཎ་རྣམས་ལ་ཐུགས་རྒྱུས་མ་མཆིས་པའི་བདག་མདུན་སོགས་གསང་སྔགས་ཀྱི་ཐ་སྙད་མཛད་པ་ལེགས་འདུག་ཅིང་། སླད་ནས་ཀྱང་དོན་ར…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།
ཡོན་ཏན། མ་བརྩམས་པའི་སྐྱོན། བརྩམས་པ་དེ་རིང་དུ་གནས་པའི་རྒྱུ་མཚན། རྩོམ་བྱེད་མཁས་རྨོངས་ཀྱི་ཁྱད་པར་རྩོམ་པའི་སྐྱོན་སྤོང་ཐབས། བསྟན་བཅོས་མི་ཤེས་པའི་སྐྱོན། མཁས་པས་ལེགས་པར་དབྱེ་བ་དང་བདུན་ལས། དང་པོ་ནི། སྔོན་གྱི་སློབ་དཔོན་མཁས་པ་མཆོག་རྣམས་ཀྱིས་རྗེས་སུ་བསྟན་པ་ཡི་བརྗོད་བྱ་སྡེ་བཞིར་བསྡུས་ནས་བསྟན་བཅོས་ཀྱི་ཚིག་རྣམས་ཉ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > མཚན་དོན་དང་འགྱུར་ཕྱག་སོགས་བཤད་པ།
བཀོད་ནས། ཤུགས་ལ་བསྒྲུབ་བྱ་མ་འོངས་པ་ན་བསྟན་བཅོས་རྩོམ་པ་པོ་རང་ཉིད་མི་གནས་ཀྱང་། བརྩམས་པའི་བསྟན་བཅོས་ཀྱི་བརྗོད་བྱ་ཕུན་སུམ་ཚོགས་པས། རྩོམ་པ་པོའི་མཁས་པའི་གྲགས་པ་མི་ཉམས་པར་གནས་ཞེས་པའོ། །བཞི་པ་ནི། སྙན་དངགས་ལ་སྦྱངས་ཤིང་ཁོང་དུ་ཆུད་པའི་མཁས་པས་ཡང་དག་པར་རབ་ཏུ་སྦྱར་བའི་སྙན་ངག་ནི། ཚིག་དོན་བཟང་པོ་འཛད་མེད་དུ་འབྱུང་བས…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།
དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།གསུམ་པ་དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། འཆད་པར་འགྱུར་བའི་སྙན་དངགས་འདི་ནི། སྔོན་གྱི་སློབ་དཔོན་དེ་རྣམས་ཀྱིས་ནི། སྙན་དངགས་ཀྱི་ལུས་དང་། དེའི་རྒྱན་གྱི་མཚན་ཉིད་ཀྱང་རབ་ཏུ་བསྟན་པ་ལྟར་བཤད་དོ།…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།
བརྗོད་པར་འདོད་པ་ཡི་དོན་སྙན་དངགས་རང་ལུགས་ལྟར་གྱི་རྣམ་པར་དཔྱད་པའི་མིང་ཚིག་ཡི་གེ་གསུམ་གྱི་བདག་ཉིད་ཀྱི་ཕྲེང་བར་སྤེལ་བའོ། །གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱིས། དང་པོ་ནི། སྙན་དངགས་ཀྱི་ལུས་དེ་ལ་ཡང་། ཚིགས་བཅད་འབའ་ཞིག་དང་། ལྷུག་པ་རྐྱང་པ་དང་། དེ་གཉིས་སྤེལ་བ་སྟེ་རྣམ་པ་གསུམ་ཉིད་དུ་གནས་སོ། །སྐབས་འདིར…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ།
ལྷུག་པ་དང་འདྲ་བ་སྡེབ་སྦྱོར་གྱི་པྲསྟཱར་མི་འབྱུང་སྟེ། རིན་ཆེན་འབྱུང་གནས་སུ་བྲིཏྟ་ཛ་ཏི་གང་ལ་ཡང་རྐང་པ་མེད་པ་ལ་སྡེབ་སྦྱོར་གྱི་རྣམ་གཞག་མ་མཛད་པས་སོ། །གཞན་ཡང་ཚིགས་བཅད་རྐང་པ་བཞིའི་རྐང་པ་རེ་ལ་ཡི་གེ་ཉི་ཤུ་རྩ་བདུན་ཡན་ཆད་ཡོད་པ་ལ་རྒྱུན་ཆགས་སམ། རབ་བསགས་སུ་བཤད་པས། རྒྱུན་ཆགས་དང་ཚིགས་བཅད་སོ་སོར་འཆད་པ་ཡང་མི་རིགས་ལ་ཚིག…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
ཚིགས་བཅད་ཀྱི་སྐོར་བཤད་པ།གཉིས་པ་ལ་ཚིགས་བཅད་བཤད། ལྷུག་པ་བཤད། སྤེལ་མ་བཤད་པ་དང་གསུམ། དང་པོ་ལ་སྡེབ་སྦྱོར་གྱི་སྒོ་ནས་གཉིས་སུ་ཕྱེ་བ། རིགས་ཀྱི་སྒོ་ནས་བཞིར་ཕྱེ་བ། སརྒྷ་ཆེན་པོའི་མཚན་ཉིད་བཤད་པ་དང་གསུམ། དང་པོ་ལ་དངོས་དང་། ཁ་འཕངས་པ། རིགས་པ་དེ་དགོས་པར་བསྟན་པ་དང་གསུམ། དང་པོ་ནི། སྙན་དངགས་ཀྱི་ཚིགས་བཅད་རྐང་པ་བཞི་པ་དེ་…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
གཉིས་པ་རིགས་ཀྱི་སྒོ་ནས་བཞིར་ཕྱེ་བ་ནི། གྲོལ་བ་ནི། ཤློ་ཀ་གཅིག་གིས་བརྗོད་བྱའི་དོན་གང་ཡིན་པ་དེ་རྫོགས་པར་སྟོན་ནུས་པ། རིགས་ནི་བསྔགས་བརྗོད་ཀྱི་ཡུལ་གཅིག་ལ་ཤློ་ཀ་དུ་མ་ཡོད་པ་བྱ་བའི་ཚིག་གཅིག་གིས་ཐམས་ཅད་གསལ་ནུས་པ། མཛོད་ནི། གཅོད་མཚམས་སྣ་ཚོགས་པའི་ངོས་ནས་ཤློ་ཀ་བྱ་ཚིག་སོགས་མང་ཉུང་ངེས་བཟུང་མེད་ཅིང་། བརྗོད་བྱ་དུ་མས་ཕ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
པོར་བལྟ་བ་ཡིས། །རྣ་གོང་ཨུཏྤལ་ཕོན་པོ་ལ། །ཕྲག་དོག་བྱེད་པའི་ཆོམ་རྐུན་མ། །ཨུ་དུམ་ཝཱ་ར་འཛུམ་པའི་ཞལ། །ཚེམས་ཕྲེང་ཟེའུ་འབྲུ་རྒོད་པ་ཅན། །ཧ་རི་ཙན་དན་དྲི་བྲོ་བའི། །དགའ་མ་མཐོང་བས་འདོད་འཕེལ་གྱུར། །ཅེས་བརྗོད་བྱ་མཛེས་མའི་གདོང་གཅིག་པུ་ལ་བསྟོད་པ་ལ། འདོད་འཕེལ་གྱུར་ཅེས་པའི་བྱ་ཚིག་ཅིག་གིས་གསལ་བ་ལྟ་བུ། མཛོད་ནི། དྲི་མ་དང…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
འདུག་པས་རྟོག་དཔྱོད་བྱེད་མ་དགོས་སོ། །གསུམ་པ་སརྒ་ཆེན་པོའི་མཚན་ཉིད་བཤད་པ་ལ། དམ་བཅའ་བ་དང་དངོས་གཉིས། དང་པོ་ནི། སརྒ་སྟེ་ལེའུ་གཉིས་ཡོད་པ་ཡན་ཆད་ཀྱིས་བཅིངས་པ་ནི་སྙན་དངགས་ཆེན་པོ་སྟེ། དེས་མཚོན། ཨརཤྭཱ་ས་དང་ཨངྐ་དང་ཨཱ་ཝ་དང་གཱི་ཏིས་བཅིངས་པའང་སྙན་ངག་ཆེན་པོར་འཆད་ཅིང་སྙན་ངག་ཆེན་པོ་འདིའི་མཚན་ཉིད་ནི་བརྗོད་པར་བྱའོ། །གཉི…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། སྔོན་བྱུང་བའི་སྐྱེས་རབས་རིག་བྱེད་སོགས་གཏམ་ལས་གྱུར་པའམ། ཡང་ན་དེའི་ཅིག་ཤོས་སྡེ་བཞི་ལ་བརྟེན་པའི་བརྗོད་བྱ་ལེགས་པ་གཞན་དག་ལ་བསྟེན་པ་གང་རུང་བྱའོ། །སྐབས་འདིར་འཇམ་ཁ། སྣར་ཐར་པ། རོང་པ་སོགས་མཁས་པ་མང་པོ་དང་། དཔལ་དཔའ་བོ་གཙུག་ལག་སོགས་རྨོངས་པ་མཁས་པའི་གོ་སར་འགྱེད་པ་མང་པོ་…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
བྱེད་མང་དུ་ཐོས་པ་དང་། ས་གཞི་རིན་པོ་ཆེ་སོགས་སོག་པ་དང་བསྲུང་བ། འདོད་པ་ནི་ལྷ་མིའི་ཡུལ་ལ་ལོངས་སྤྱོད་པ། ཐར་པ་ནི་གཏན་གྱི་བདེ་བ་བྱང་ཆུབ་སྒྲུབ་པས། སྡེ་བཞི་པོ་ནི་སྐྱེས་བུའི་དོན་གྱི་འབྲས་བུ་ཡིན་ལ། དེའི་དབང་དུ་གྱུར་པའི་ཚུལ་བརྗོད་པའི་སྔོན་གྱི་གཙུག་ལག་གི་བསྟན་བཅོས་དུ་མ་དང་། ཤེས་བྱ་ཀུན་ལ་མཁས་ཤིང་། འགྲོ་བ་རྣམས་ཀྱི…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
བག་མ་གཏོང་ལེན་དང་། གཞོན་ནུ་སྐྱེ་བ་དང་འཕེལ་བ་གསུམ་ནི། ལུས་ཕྲ་མཆིལ་འབྲང་ལ་ཁུགས་དགྱེས་དགུ་ལ། སྤྱད་པས་ཀུནྡ་དར་བའི་དཔྱིད་ཀྱི་བུ། །བཙས་ནས་རིང་པོར་མ་ཐོགས་གཞོན་ནུ་དེ། །བསོད་ནམས་བཞིན་དུ་ལུས་སྟོབས་བསྐྱེད་ནས་འཕེལ། །ཞེས་པ་ལྟ་བུ། བྱ་བ་རྩོམ་པའི་གྲོས་དང་། ཕོ་ཉའི་འགྲོ་འོང་དང་། ཡུལ་ཐག་རིང་པོར་བགྲོད་པ་གསུམ་ནི། རྒྱལ་ག…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིགས་བཅད་ཀྱི་སྐོར་བཤད་པ།
ཙམ་ཡོད་ན། དེ་དག་གི་མཐའ་རྫོགས་མཚམས་སུ་བཅོ་ལྔ་དགུ་བདུན་སོགས་སུ་འབེབས་ཤིང་། དངོས་གཞི་བདུན་བསྒྲིགས་ལྟ་བུ་ལ། དགུ་བཅུ་གཅིག་སོགས་ཡར་འཕེལ་ཞིང་། བཅད་མཐར་ལྷུག་པ་དང་། ལྷུག་མཐར་བཅད་པས་གཞུང་དཀྱུས་མ་ལས་ཐ་དད་པ་སྟེ། ཁྱད་ཆོས་དང་ལྡན་པས་འཇིག་རྟེན་ན་མཁས་པ་རྣམས་ཀྱི་ཁ་ལས་མཛེས་སོ། །བཞི་པ་ནི། དེ་ལྟ་བུའི་སྙན་ངག་དམ་པ་ཕུན་སུམ…
GLG020
· ངག་དབང་བློ་བཟང་རྒྱ་མཚོ།
སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས། > དགོས་པ་དེ་ལྡན་གྱི་བསྟན་བཅོས་དངོས་ལས་སྙན་ངག་གི་ལུས་ཀྱི་མཚན་ཉིད་སོགས་བཤད་པ། > ཚིག་ལྷུག་བཤད་པ།
ཚིག་ལྷུག་བཤད་པ།གཉིས་པ་ལྷུག་པ་བཤད་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཚིག་རྐང་བཞི་སོགས་སུ་བཅད་པ་མེད་པའི་ཚིག་གི་རྒྱུན་ནི་ལྷུག་པ་ཞེས་བྱའོ། །གཉིས་པ་ལ། མིང་ཙམ་གྱི་དབྱེ་བ་བསྟན་པ་དང་། དོན་གྱི་དབྱེ་བ་དགག་པ་གཉིས། དང་པོ་ནི་བྷཱ་མ་ཧས། ལྷུག་པ་ལ་བརྗོད་པ་དག་དང་། གཏམ་ཞེས་པ་དེ་ཡི་རབ་དབྱེ་གཉིས་བཤད་དོ། །གཉིས་པ་ལ་…