Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 106 of 500
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      ཆང་འཚོང་གི་ཁྱིམ་ཞིག་ཏུ་ཞུགས་ནས་ཚ་བོ་ཆང་བཏུང་ངམ། བཏུང་ངོ་། །དེ་གཉིས་ཀྱིས་འཐུངས་ནས་ཐག་པས་སྨྲས་པ། ཚ་བོ་ཆང་རིན་ནི་གྱ་གྱུས་དགང་ངོ་། །དེས་སྨྲས་པ། ཞང་པོ་སུས་འཐུངས་པ་དེ་གྱ་གྱུ་བྱེད་གྲང་། བདག་གིས་ནི་མ་འཐུངས་པས་གྱ་གྱུ་བྱར་ཅི་ཡོད། ཐག་པ་དེས་བསམས་པ། འདི་ནི་རྐུན་ཆེན་ཡིན་པས་ལྷན་ཅིག་རྐུན་མ་བྱ་ནུས་སོ་སྙམ་ནས་དེ་དེ་དང…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      སྨྲས་པ། སྨྱོན་པ་ཞིག་གིས་རོ་མགོ་རྡུམ་མ་དེ་པང་དུ་བླངས་ཏེ་ཇི་ཙམ་འཚལ་གྱི་བར་དུ་དུས་ནས་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་ཉིད་རྐུན་མ་ཅིག་ཤོས་ཡིན་། དེ་མ་བཟུང་བམ་ལེགས་པ་ཞིག་བྱས་ཀྱིས་དེ་ཟུང་ཤིག །རྐུན་པོ་ཅིག་ཤོས་ཀྱིས་བསམས་པ། བདག་གིས་ཞང་པོ་ལ་བསྐུར་སྟི་མི་བྱ་བ་ལྷ་མི་སྲིད་དོ་སྙམ་ནས་ངེས་ཤིང་རྟ་པའི་ཆ་བྱད་དུ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      ན་ཁྱེད་འདུག་ཤིག་དང་། ངས་དེ་གཟུང་ངོ་ཞེས་རྒྱལ་པོས་གང་གཱའི་གྲུའི་ནང་དུ་སྐྱེད་མོས་ཚལ་བྱེད་དུ་བཅུག་སྟེ། འགྲམ་གཉིས་སུ་སྲུང་མའི་མི་དག་བཀོད་ནས་རྒྱལ་པོའི་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་ཆུའི་སྐྱེད་མོས་ཚལ་དེར་བཞག་སྟེ་བསྒོ་བ། གལ་ཏེ་ཁྱོད་ལ་འགའ་ཞིག་གིས་བཟུང་དང་སྐད་ཕྱུང་ཤིག །སྲུང་མའི་མི་རྣམས་ལ་ཡང་བསྒོ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      ཞེས་རྐུན་པོ་ཅིག་ཤོས་ཀྱིས་ཐོས་ནས་དེས་བསམས་པ། བདག་གི་བུ་བཙས་པའི་དགའ་སྟོན་མ་བྱས་པར་མི་བཏང་ངོ་སྙམ་ནས། དེས་ནང་ཀོར་མའི་ཆ་བྱད་དུ་བྱས་ནས་རྒྱལ་པོའ་ཕོ་བྲང་ནས་ཕྱིར་བྱུང་སྟེ་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ལྷའི་ཞལ་ནས་ཚོང་རྡལ་དུ་ཕྲོག་རློམ་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་རྣམས་ཀྱིས་བསམས་པ། རྒྱལ་པོའ་དཔོན་པོ་བཙས་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      ལྷ་དགུམ་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་སྐྱེས་བུ་འདི་ལྟ་བུའི་དཔའ་བོ་ག་ལ་གསད། འདི་ལ་སྤྱན་རས་ཀྱིས་བཙའ་བར་བྱའོ་ཞེས་དེས་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་དེ་ལ་ཆུང་མར་བྱིན་ཏེ། རྒྱལ་སྲིད་ཕྱེད་ཀྱང་བགོས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱིས་རྐུན་པོ་ཅིག་ཤོས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ད…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      ན་འདུལ་བའི་སྐྱེ་བོའ་དུས་ལས་ཀྱང་འདས་པར་འགྱུར་ལ། བུད་མེད་འདི་རྣམས་ཀྱང་འདོད་ཆགས་ཀྱིས་གདུངས་པས་བདེན་པའི་སྣོད་དུ་མི་འགྱུར་གྱིས་འདི་ལྟར་སོ་སོའ་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་མ་ལངས་ཕོ་བྲང་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པས་དད་པར་བྱའོ་སྙམ་དུ་དགོངས་ཏེ། ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      བུད་མེད་དྲུག་ཁྲིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །གྲགས་འཛིན་མ་ནི་ལྷག་པར་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པས་བདེན་པ་མཐོང་བར་མ་བྱས་ཏེ། དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་བཅོམ་ལྡན་འདས་རོའ་སྲེད་པས་དབང་དུ་བྱའོ་སྣམ་དུ་བསམས་ནས། རང་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཆེད་དུ་བཟའ་བ་དང་བཏུང་བ་དག་གཡོས་ནས་བདག་རང་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      བཞིན་རྗེས་བཞིན་དུ་འབྲེང་ངོ་། །དེས་ཁུ་བ་དང་བཅས་པར་གཅིས་པ་དེ་རི་དགས་མོ་དེས་འཐུངས་ནས་ལྕེས་མོ་མཚན་ལ་བལྡགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་འབྱུང་བའི་དུས་སུ་ཕྱོགས་དེར་འོངས་ནས་ཁྱེའུ་ཞིག་བྱུང་བ་དང་དེས་དྲི་བསྣམས་ན་རིས་མི་མཐུན་པའི་སེམས་ཅན་ཡ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      དུ་ཁྲོ་བ་ཡིན་པས་དེས་ཆུ་ཉུང་ཞིག་བླངས་ཏེ་གཏོར་ནས་དམོད་པ་བོར་བ་སྤྱོད་པ་ངན་པ་ཅན་ཁྱོད་ཀྱིས་བུམ་པ་ཆུས་བཀང་བ་ཆག་པར་བྱས་ཀྱིས། དེ་ལྟ་བས་ན་ཁྱོད་ཉི་མ་འདི་ནས་བཟུང་སྟེ་ལོ་བཅུ་གཉིས་སུ་ཆར་མི་འབེབས་པར་གྱུར་ཅིག་ཅེས་བྱས་པས་ལྷ་ཆར་མི་འབེབས་པར་གྱུར་ཏོ། །བཱ་རཱ་ཎ་སཱིར་མུ་གེ་ཆེན་པོ་བྱུང་ནས་སྐྱེ་བོའི་ཚོགས་ཀུན་དུ་དོང་ངོ་། །ར…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      སུ་ལྷགས་པ་དང་། དྲང་སྲོང་ལ་སློབ་མ་རྣམས་ཀྱིས་སྨྲས་པ། མཁན་པོ་ཁྱོད་ཀྱི་བསྟི་གནས་སུ་དྲང་སྲོང་མང་དུ་ལྷགས་སོ། །དྲང་སྲོང་རྣམས་ལྷགས་པ་ལེགས་ཀྱིས་ནང་དུ་ཤོག་ཤིག །དེ་རྣམས་ནང་དུ་ཞུགས་པ་དེས་མཐོང་ནས་ཚིགས་སུ་བཅད་པས་སྨྲས་པ། བརྟགས་པ་མེད་པར་འགྱིད་ཞིང་འགྲོ་བ་དང་། །བཞིན་ཡང་ཁ་སྤུ་རྣམས་དང་བྲལ་གྱུར་ཅིང་། །འདི་རྣམས་བྲང་ནི་མཐ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      བསྣུན་པ་དང་། དེས་བསམས་པ། སྤྲིན་གྱི་འབྲུག་སྒྲ་ཡང་བདག་གིས་མནགས་པར་མི་བཟོད་ནད་ནི་འདོད་ཆགས་ཀྱི་ཞགས་པས་བཅིངས་ན་བུད་མེད་ཙམ་གྱིས་ཀྱང་བརྙས་སམ་སྙམ་ནས་དེས་བརྩོན་འགྲུས་ལ་གནས་པས་སླར་ཡང་མངོན་སུམ་དུ་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ཞི་ལྡན་མ་གང་ཡིན་པ་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      དེ་ལ་མཆོད་པ་ཇི་ལྟར་བྱེད་པ་བལྟའོ་སྙམ་ནས་དེས་དེ་ལ་གནང་ངོ་། །དེ་ནས་དེས་མི་འམ་ཅིའི་རོ་དེ་ལ་ཤིང་གི་ཕུང་པོ་བྱས་ནས་མེ་སྤར་ཏེ་བདག་ཉིད་མཆོངས་སོ། །ལྷས་ཚིགས་སུ་བཅད་པས་སྨྲས་པ། མིའམ་ཅི་མོ་དགའ་སྤྱད་ཅེས། །དོན་གཞན་དུ་ནི་བསམས་པ་ལས། །གཞན་དུ་ཡོངས་སུ་བསྒྱུར་བྱས་པས། །སྲོག་ཆགས་གཉིས་ནི་བསད་པར་གྱུར། །དགེ་སློང་དག་ཇི་སྣམ་དུ་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲགས་འཛིན་མ་འདི་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་བྱས་ཤིང་བསགས་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་གནག་ལྷས་ཞིག་ན་ཕྱུགས་རྫིམ་དང་། བུ་མོ་མ་སྨད་གཉིས་ཞིག་གནས་ཏེ། དེ་གཉིས་དར་བའི་བུམ་པ་ཐོགས་ཏ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      གིས་བསལ་བར་རྔོ་མི་ཐོག་གིས་ཆོམ་རྐུན་པ་ལ་གཅོད་པའི་ཆད་པ་ལྕི་བག་ཆགས་པས་བདག་ལ་དགུམ་དུ་གསོལ་ཞེས་དེ་སྐད་སྨྲས་པ་དང་། དྲང་སྲོང་དུང་ཁྲོས་ནས་སྨྲས་པ། ཁོ་བོ་ཆད་པ་མི་གཅོད་ཀྱིས་ཅི་སྟེ་ཁྱོད་ཆད་པ་དོན་དུ་གཉེར་ན་རྒྱལ་པོའ་དྲུང་དུ་སོང་ཤིག །ཡང་དེའི་ཚེ་རྒྱལ་པོ་རི་དགས་འཆོར་བའི་ཕྱིར་ཆས་པ་དེ་ལ་དེས་རྒྱལ་བ་དང་ཚེ་སྤེལ་བ་དག་ཀྱང་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།འདུལ་བ་གཞི། བམ་པོ་དགུ་བཅུ་རྩ་ལྔ་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་བཟང་ལྡན་གྱིས་ལས་ཅི་ཞིག་བགྱ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      བ་ཡིན་པས། མེ་ཏོག་དང་འབྲས་བུ་ཚོལ་ཞིང་ཕན་ཚུན་འཁྱམ་པ་ལ་ཞུགས་སོ། །ཇི་ཙམ་རྒྱལ་པོ་ཚངས་སྦྱིན་གཉིད་ཀྱིས་དུབ་པ་སངས་ནས་རིངས་པ་རིངས་པར་བཱ་རཱ་ཎ་སཱིར་ཞུགས་སོ། །བཙུན་མོའ་བུད་མེད་རྣམས་ཀྱང་རིངས་པ་རིངས་པར་དོང་ངོ་། །ཇི་ཙམ་ན་བུད་མེད་གཞན་ཞིག་རྟབས་པས་མུ་ཏིག་གི་དོ་ཤལ་པོར་ཏེ་སོང་ངོ་། །ཇི་ཙམ་ན་མུ་ལྟོ་བ་དེ་སྐྱེད་མོས་ཚལ་དེར་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      རས་ཟུང་རེ་བསྐོན་ནས་བདག་དཔོན་པོར་བསྐོ་བར་གསོལ། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཁྱེད་ཅག་གིས་མུ་ལྟོ་བ་ཐམས་ཅད་ཟན་བྱིན་ལ་རེ་རེ་ལ་རས་ཟུང་རེ་བསྐོན་ཏེ་འདི་དེ་རྣམས་ཀྱི་དཔོན་པོར་ཆུག་ཤིག །དེ་རྣམས་ཀྱིས་པཱ་རཱ་ཎ་སཱིར་དྲིལ་སྒྲོགས་སུ་བཅུག་པ། ལྷས་བཀའ་སྩལ་གྱིས་བཱ་རཱ་ཎ་སཱིའི་མུ་ལྟོ་བ་ཇི་སྙེད་པ་ཐམས་ཅད་སྐྱེད་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      བསམས་པ། གདོན་མི་ཟ་བར་བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་མ་བྱས་པ་དེས་ན་བདག་མི་ཐོབ་ན་ཡང་མུ་ལྟོ་བར་སྐྱེས་ཀྱིས། གལ་ཏེ་བདག་ཉིད་ཆེན་པོ་འདི་བདག་ལས་སྣུམ་ཁུར་བཞེས་པར་གྱུར་ན་བདག་གིས་དེ་དབུལ་ལོ་སྙམ་མོ། །དེ་ནས་རང་སངས་རྒྱས་དེའི་སེམས་ཀྱིས་དེའི་བསམ་པ་ཤེས་ནས། ཕ་རོལ་རྗེས་སུ་བཟུང་བའི་ཆེད་དུ། དེ་ལ་ལྷུང་བཟེད་བཟེད་དོ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཀཽཎྜི་ནྱའི་སྡེ་ཚན།
      ནི་ཤཱཀྱ་ལྔ་བརྒྱ་པོ་འདི་དག་ཡིན་ཏེ། འདི་དག་དང་བཟང་ལྡན་མུ་ལྟོ་བར་གྱུར་པ་ན་རང་སངས་རྒྱས་ལ་སྨོན་ལམ་བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཤཱཀྱ་ལྔ་བརྒྱ་པོ་འདི་རྣམས་ཀྱི་རྒྱལ་པོར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་…