Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 137 of 500
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
ཏེ་སྣམ་སྦྱར་དེ་བཙེམས་པར་གྱུར་པ་ན། སྐྱེས་པའམ་བུད་མེད་དམ་མ་ནིང་དེའི་སྲོག་ཀྱང་ཉེ་བར་འགགས་པར་གྱུར་ན། དགེ་སློང་ཕམ་པར་འགྱུར་རོ། །དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་ས་ལ་རི་མོ་བདུན་འདྲེན་པར་བྱེད། གསང་སྔགས་རྗོད་པར་བྱེད་ཅིང་། རི་མོ་འདི་དག་ཀྱང་བྱིད་པར་གྱུར་ཅིག །སྐྱེས་པའམ་བུད་མེད་དམ་མ་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་ཆུར་འཇུད་པར་བྱེད་ཅིང་དེ་ཡང་རྩོམ་པ་དེས་དུས་བྱེད་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་མ་ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ། དེས་དེའི་འོག་ཏུ་ཡང་མ་ཡིན་ན་དགེ་སློང་ལ་སྦྱོར་བ་སྔ་མ་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
གིས་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་གསད་པའི་སེམས་ཀྱིས་འདི་ལྟར་རྩོམ་པ་འདིས་འདི་དུས་བྱེད་པར་གྱུར་ཅིག་སྙམ་པས་སམ། སེང་གེ་དག་གམ། སྟག་དག་གམ། གུང་དག་གམ། མཚའ་དག་གམ། སྤྱང་ཀི་དག་གིས་ཟོས་པར་གྱུར་པས་སམ། ཉི་མ་དང་རླུང་དག་གིས་ཡོངས་སུ་སྐམ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་གྱུར་པས་སམ། བཀྲེས་པ་དང་། སྐོམ་པའི་ཉམ་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
ཡིན་ཡང་དེས་དེའི་འོག་ཏུ་ན་དགེ་སློང་ཕམ་པར་འགྱུར་རོ། །དེས་དེའི་ཚེ་ཡང་མ་ཡིན་ལ་དེས་དེའི་འོག་ཏུ་ཡང་མ་ཡིན་ན། དགེ་སློང་ལ་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། བསྲོ་ཁང་དང་ནི་མེ་ཁང་དང་། །འཆར་ཀ་དང་ནི་གཉིས་པོ་དང་། །སྐྱོང་མ་དང་ནི་བཅུ་བདུན་སྡེ། །རི་བྲགས་པ་དང་རྒན་ཞུགས་སོ། །སངས་རྒྱས་བཅོམ་ལྡན་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
པས་སྨྲས་པ། བཞིན་བཟང་དག་གང་དག་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དེ་དག་ལ་ནི་དུས་སྟོན་ཡོད་ན། ཁྱེད་ཅག་མཁར་ལན་གྱི་འབྲས་བུས་འཚོ་བ་དག་ལ་དུས་སྟོན་ཅི་འདྲ་བ་དག་ཅིག་ཡོད། ཚུར་ཤེག་ལ་ལས་གྱིས་ཤིག་དང་། དེའི་ཕྱིར་གླ་ཉིས་གྱུར་དུ་སྦྱིན་ནོ། །དེ་དག་གིས་སྨྲས་པ། འཕགས་པ་གང་དག་བསོད་ནམས་ཀྱི་འབྲས་བུས་འཚོ་བ་དེ་དག་ལ་ནི་རྟག་པ་ཁོ་ནར་དུ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
དུ་མི་རྩོལ་གྱི་འདི་ལྟར་འཕགས་པ་རྣམས་ཀྱི་སླད་དུ་བགྱིད་དུ་རྩོལ་བ་ལགས་པས། ཀྱེ་མ་འཕགས་པ་རྣམས་ཀྱིས་ཀྱང་བརྒྱ་ལ་བརྒྱ་ལམ་དུ་མཁར་ལན་གྱི་སྟོངས་མོ་མཛོད་ཅིག །བསོད་སྙོམས་པས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་མ་ཟིན་པ་ལ་དགེ་སློང་རྣམས་ཀྱིས…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
རངས་པར་ལས་མི་བྱ་བར་འདི་ལྟར་ལན་ཅིག་བྱའོ། །དགེ་སློང་དག་སོ་ག་ཕྱི་དྲོ་ལས་བྱེད་ལ། དགུན་ནི་སྔ་དྲོ་ལས་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ག་ནི་སྔ་དྲོ་ལས་བྱ་བ་ལ། དགུན་ནི་ཕྱི་དྲོ་ལས་བྱའོ། །དེ་དག་དུས་རྟིང་ལ་ཐུག་པ་ན་གཏོང་ཞིང་འཇིམ་རྫབ་ཀྱིས་གོས་པའི་ལུས་ཀྱིས་དེ་བཞིན་རིངས་པ་རིངས་པར་བསོད་སྙོམས་ལ་འཇུག་པ་ན་མ་དད་པ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
རྒྱས་པར་བརྗོད་པར་བྱའོ། །བྱེ་བྲག་ནི་འདི་ཡོད་དེ། བཅོམ་ལྡན་འདས་ཀྱིས་གཞི་མ་ཟིན་པ་ལ་མཁར་ལན་གྱི་སྟོངས་མོ་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་མེ་ཁང་གི་ལས་བྱེད་ཅིང་ཕ་མ་དག་ཕར་སྦེད་ཚུར་སྦེད་པ་ན་དེ་དག་གི་འོག་ན་ཤིང་མཁན་ཞིག་ཞལ་ཏ་བྱེད་དེ། ཇི་ཙམ་ན་ཕྱམ་དག་སྦེད་པ་ན། དགེ་སློང་གི་ལག་ནས་ཕྱམ་ཤོར་བས་ཤིང་མཁན་གྱི་མགོར་ཕོག་ནས་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
ཕན་པར་བྱེད་དགོས་སོ། །གཏུམ་མོས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ལགས་ཏེ་དང་དུ་མི་བཞེས་ན། བདག་གིས་འཕགས་པའི་སླད་དུ་དྲང་སྲོང་གི་གདན་བཤམ་པར་བགྱིས། ཁྱོད་ཀྱིས་བསོད་སྙོམས་བརྒྱུས་ནས། དྲང་སྲོང་གི་གདན་ལ་ལོངས་སྤྱད་དེ་གཤེགས་པར་རིགས་སོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྲིང་མོ་དེ་བཞིན་བྱའོ་ཞེས་ཚེ་དང་ལྡན་པ་འཆར་ཀ་ཉི་མ་རེ་རེ་ཞི…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
ཐོས་ལ་ཀུན་ཤེས་པ་བརྡ་སྤྲོད་པ་དག་ཐོས་པ་དང་། ཆོས་ཀྱི་ལོངས་སྤྱོད་དང་། ཟང་ཟིང་གི་ལོངས་སྤྱོད་ཡོད་པ་དང་། སངས་རྒྱས་ཀྱི་རྒྱུ་བ་ལ་གནོད་པ་ཉུང་བ་ཡིན་གྱིས། བདག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོའི། ཕྱིར་ལྡོག་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་འཆར་ཀ་ཕྱིར་ལོག་གོ་།དེའི་བར་སྐབས་སུ་གཏུམ་མོའི་དུ་བུ་མོ་ཞིག་ལ་ཁྱེའུ་ཞི…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཕན་ཚུན་གཏམ་འདྲེས་པ། ཕེབས་པར་སྨྲ་བ། འགྲོགས་བཤེས། སྨོས་འདྲིན་གཉིས་ཤིག་འཁོད་དོ། །ཇི་ཙམ་དུས་གཞན་ན་དེ་གཉིས་ནོར་ཟད་པ་དང་། ལོངས་སྤྱོད་ཟད་པར་གྱུར་ནས། དེ་གཉིས་ཀྱིས་གྲོས…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་དེ་ལ་སྨན་གང་ལགས་པ་དེ་ཉིད་སྨན་མ་ལགས་པ་ཉིད་དུ་གྱུར་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྔོན་ཁྱིམ་པའི་ཚེ་ན་རླུང་དང་བད་ཀན་ཅན་དུ་གྱུར་ལ། ད་ལྟར་ནི་རླུང་དང་མཁྲིས་པ་ཅན་དུ་གྱུར་པས། དེས་ན…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
པ་དེ་དག་ས་མཚམས་ཀྱི་བར་དུ་དོང་སྟེ་འཁོད་དོ། ཐམས་ཅད་དུ་ཆོམ་རྐུན་པ་གང་དག་ཡུལ་མ་ག་དྷ་ན་གནས་པ་དག་དང་། ཆོམ་རྐུན་པ་གང་དག་ཡུལ་ཀོ་ས་ལ་ན་གནས་པ་དེ་དག་ས་མཚམས་ཀྱི་བར་དུ་དོང་སྟེ། འཁོད་ཅིང་དོན་མཐུན་འཇོམས་པར་བྱེད་དོ་ཞེས་བྱ་བའི་སྒྲ་དེ་ལྟ་བུས་ཀྱང་ཁྱབ་པར་གྱུར་ཏོ། །དེ་ཐོས་ནས་ཡུལ་མ་ག་དྷ་ནས་དོན་མཐུན་བསེལ་བ་དང་བཅས་པས། ཡུལ་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
བཞིན་འཚལ་ཞེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས། དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། མྱུར་བ་མྱུར་བར་སཱ་ལའི་དགོན་པར་སོང་ངོ་། །དེའི་བར་སྐབས་ན་ཆོམ་རྐུན་པ་དག་སཱ་ལའི་དགོན་པ་ཤིན་ཏུ་སྟུག་པོའི་ནང་ན་ཞུགས་ནས། བག་ཕབ་སྟ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
སོ་སོར་རྟོགས་ཤིག །བདག་གི་འབྱོར་པ་དང་གཞན་གྱི་འབྱོར་པ་ལ་ཡང་དང་ཡང་དུ་སོ་སོར་རྟོགས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་བདག་དང་གཞན་གྱི་རྒུད་པ་ལ་ནི་ཡིད་འབྱུང་བའི་གནས་ཡིན་ལ། བདག་དང་གཞན་གྱི་འབྱོར་པ་ཡང་ཡིད་འབྱུང་བའི་གནས་ཡིན་པའི་ཕྱིར་རོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ལངས་ཤིང་ལངས་ཤིང་ངུར་ཁྲོད་རྒྱུར་འགྲོ་བར་བརྩམས་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
མའི་དབྱར་ཁང་སྒོ་བཅད་པ་ན། སྐྱོང་མ་འོངས་ནས་དེས་དལ་བུས་ཁད་ཀྱིས་ཁད་ཀྱིས་སྒོ་གཏན་བརྡུངས་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། སྒོ་གཏན་རྡུང་བར་བྱེད་པ་འདི་སུ། སྐྱོང་མས་སྨྲས་པ། བདག་སྐྱོང་མའོ། །ཁྱོད་ནམ་སྲོས་ནས་ག་ལས་འོངས། ཕུ་ནུ་མོ་དག་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་བར་གྱིས་ཤིག །ཅི་ཁྱེད་ཀྱིས་དགྲ་བཅོམ་པ་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
ཅིག་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་སྨན་སྦྱིན་པར་མི་བྱ་བར་འདི་ལྟར་ཅི་ནས་ཀྱང་ནད་སོས་པར་གྱུར་ཅིག་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་སྨན་སྦྱིན་པར་བྱའོ། །དགེ་སློང་གིས་ནད་པ་ལ་ཅི་ནས་ཀྱང་ནད་པ་དུས་བྱེད་པར་གྱུར་ཅིག་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་སྨན་སྦྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
ཕྱིར་ཏྲོན་མི་ནུས་སྙམ་མོ། །དེ་བཞིན་དུ་གཞན་ཡང་དེ་སྐད་ཟེར། གཞན་དག་ཀྱང་ཟེར་ཏེ། ཐམས་ཅད་ཀྱིས་དེ་སྐད་སྨྲས་སོ། །དེ་ནས་བཅུ་དྲུག་པོ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་བདག་ཅག་གི་འཕྲལ་གྱི་བྱ་བ་ཐམས་ཅད་ལ་ཐོག་མར་འགྲོ་བ་ཡིན་ན། བདག་ཅག་གིས་འདིའི་གྲོགས་མ་བྱས་པ་ནི་ཡུ་བུ་ཅག་གིས་མ་ལེགས་པ་བྱས་ཏེ། འདི་བདག་ཅག་ལ་གཤེ་བར་འགྱུར་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་རྣམས་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་ག་ག་ཚིལ་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཅིག་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ནས་ཧ་ཅང་མི་རིང་བ་ན་རི་བྲགས་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕམ་པར་འགྱུར་བ་གསུམ་པ་བཤད་པ།
པས་ནང་མི་དག་ལ་སྨྲས་པ། ཤེས་ལྡན་དག་ཁོ་བོའི་གཙུག་ལག་ཁང་དུ་དགེ་སློང་གི་དགེ་འདུན་བྱོན་པ་དེ་དག་ལེགས་པར་སྦྱར་བའི་བཏུང་བས་ཚིམ་པར་བྱས། བུ་རམ་དང་ཧྭགས་དང་ལི་ཁར་དང་དགུན་དང་བལ་བུ་སེའུ་ལོང་ཞིག་ཅེས་ཁྱིམ་བདག་ལེགས་པར་སྦྱར་བའི་བཏུང་བ་སྦྱར་ནས་གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་དག་ཀྱང་ཆུ་བཙགས་ཏེ་རང་རང་གི་སྤྱོད་ལམ་གྱིས་འ…