Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 375 of 500
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      གྱི་ལས་བྱེད་གོས་འཁྲུ་འཚེད། ལྷུང་བཟེད་ཀྱི་ལས་བྱེད་པས་གོས་རྣམས་མེས་ཚིག །དྲི་མ་ཅན་དུ་ཡང་གྱུར་ཅིང་། ཚོན་གྱིས་ཀྱང་མ་རུང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གོས་གྱོན་ལ་ཚོན་གྱི་ལས་མ་བྱེད་ཅིག །ལྷུང་བཟེད་ཀྱི་ལས་དང་། གཞན་ཡང་ཤིང་གཤེག་པ…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      སྔར་ལངས་ཏེ་མལ་སྟན་དག་སླར་ཕུལ་ནས་དོང་བ་དང་། དགེ་སློང་དག་གིས་ཅིའི་ཕྱིར་ན་མལ་སྟན་དག་སླར་ཕུལ། དེ་དག་གིས་ཚེ་དང་ལྡན་པ་དག་ངེད་ཅག་མཆོད་རྟེན་ལ་ཕྱག་འཚལ་དུ་འོངས་ཏེ་ད་ནི་སླར་འདོང་ངོ་ཞེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་དེ་ལྟར་ན་ཁྱེད་ཅག་གིས་མཚན་རངས་དགེ་སློང་དག་གཙེས་ཏེ་ཅི་བྱ་ཞེས་སྨྲས་པ་དང་། དེ་དག་གིས་ཚེ་དང་ལྡ…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་སྣམ་ཕྱི་སའི་སྒོ་ན་འཆག་ཅིང་་་གཏམ་ཟེར་ཞིང་འདུག་ནས། དགེ་སློང་དག་ལ་གནོད་པར་བྱེད་དེ། ཚེ་དང་ལྡན་པ་དག་སྐད་ཅིག་སྡོད་ཅིག །ངེད་ཅག་རྒན་རིམས་སུ་བྱའོ་ཞེས་སྨྲས་ནས་དེ་དག་གིས་དེའི་ཉེ་འཁོར་དུ་སྟོན་ཅིང་ཁ་ཏོན་ཡང་བྱེད། བཙོ་…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་རྐང་པ་འཁྲུ་ཞིང་འདུག་པ་ལ། བཀྲུ་མ་ཟིན་པར་རྐང་པ་འཁྲུ་བའི་འོག་གཞི་རྒན་རིམས་སུ་བྱའོ་ཞེས་ཏེ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་རྐང་པ…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      འདུན་གྱི་ཚོན་གྱི་བུམ་པ་རྒན་རིམས་བཞིན་དུ་བྱའོ་ཞེས་ཟེར་ཏེ་ཁྱེར་བ་དང་དེ་དག་འཕྱ་བར་གྱུར་ནས། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བཙོ་བླག་གི་ལས་བྱེད་པ་མ་ཟིན་པར་དགེ་འདུན་གྱི་ཚོན་གྱི་བུམ་པ་དག་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་གིས་དགེ་སློང་དག་ག…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      བྱའོ་ཞེས་ཟེར་ཏེ་ཁྱེར་བ་དང་། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་སྐྲ་དང་ཁ་སྤུ་འབྲེག་པ་བདར་ལ་ཕྱེད་ཙམ་བདར་ནས་རྒན་རིམས་སུ་མ་བཀུར་་་ཅིག །དགེ་སློང་དག་གིས་དགེ་སློང་དག་སྐྲ་དང་ཁ་སྤུ་འབྲེག་པའི་སྤུ་གྲི་་་བདར…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      སུ་བཅད་པ་ལྔ་པའོ།། །།མདོར་ན། གཏན་པ་སྐུད་པ་གཉིས་པ་དང་། །གྲི་དང་ཁབ་དང་བླང་བ་དང་། །གཞན་ཡང་འདི་ལྟར་མ་ཟིན་པར། །བསླང་བར་བྱ་བ་མ་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་ཤིང་ལེབ་ཀྱི་སྟེང་དུ་སྦྱར་མ་དང་། སྟོད་གཡོགས་དང་། མཐང་གོས་དག་ད…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      གོས་ཕྱེད་ཙམ་བཙོ་བླག་བྱས་ནས། དགེ་འདུན་གྱི་བཙོ་བླག་གི་སྲད་བུ་ལ་བྲེས་པ་རྒན་རིམས་སུ་མ་བཀུར་ཅིག །དགེ་སློང་དག་གིས་དགེ་སློང་དག་གི་གོས་ཕྱེད་ཙམ་བཙོ་བླག་བྱས་པ་དགེ་འདུན་གྱི་བཙོ་བླག་གི་སྲད་བུ་ལ་བྲེས་པ་རྒན་རིམས་སུ་ཁྱེར་ན་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་གྲིས་ཕྱེད་ཙམ་…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      གང་ཡང་རུང་བའི་གནས་སུ་གཞན་དང་གཞན་གྱི་ལས་མ་ཟིན་པར་དགེ་་་འདུན་གྱི་སྟན་གྱི་སྟེང་ན་འདུག་པ་དང་། རྒན་རིམས་བཞིན་བྱའོ་ཞེས་ཟེར་ནས་བསླང་སྟེ་བཏང་ནས་དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དག་གིས་གང་ཡང་རུང་བའི་གནས་སུ་གཞན་དང…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      མཛོད་ནས་སྦྱིན་ནོ་ཞེས་དྲིལ་ཆེན་བསྒྲགས་སོ། །དེའི་ཚེ་ན་གང་ཡུལ་མཉམ་དཀའ་ན་གནས་པའི་རྐུན་པོ་རྣམས་དང་གང་ཡུལ་ཀོ་ས་ལ་ན་གནས་པའི་རྣམས་དེའི་ས་མཚམས་ཀྱི་བར་དུ་དོང་ནས་འཁོད་དོ། །ཡུལ་མཉམ་དཀའ་ན་གནས་པའི་རྐུན་པོ་རྣམས་དང་། ཡུལ་ཀོ་ས་ལ་ན་གནས་པའི་རྣམས་ཐམས་ཅད་ས་མཚམས་ཀྱི་བར་དུ་དོང་སྟེ་འཁོད་ནས། འགྲོན་པ་མང་པོ་དག་འཛོམས་སོ་ཞེས་དེ…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      ཞེས་ནས་དམག་དཔོན་འཕགས་སྐྱེས་པོས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ཏེ། དཔུང་གི་ཚོགས་ཡན་ལག་བཞི་པ་བལ་གླང་གི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་བསྐོན་ཏེ་མྱུར་བར་རིངས་སུ་ཤིང་སཱ་ལའི་དགོན་པར་དོང་བ་དང་། རྐུན་པོ་དག་དེའི་བར་དགོན་པ་ན་ཤིང་སཱ་ལ་སྟུག་པོའི་ནང་དུ་ཞུགས་ཏེ་བག་…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      དང་། རྒྱལ་པོས་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་དག་ལ་ཨེ་མའོ་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་འཇབ་བུར་རྐུ་བ་རྐུན་མ་ཡིན་ན། ཁྱེད་ཅག་ནི་རྐུན་པོ་ཆེན་པོ་ཡིན་ནོ་ཞེས་སྨྲས་པ་དང་། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །རྒྱལ་པོས་སྨྲས་པ། ཀྱེ་འཕགས་པ་ཁྱེད་ཅག་གིས་ད་ཕན་ཆད་ཆོས་གོས་ལ་མངོན་མཚན་བྱ་བའི་རིགས་སོ། །དེ་ལྟར་གྱུར་པ་དགེ་སློང…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      ཕྱི་ཞིག་ན་ཁྱིམ་བདག་དེ་ན་བར་གྱུར་ནས། དེ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་གིས་སྨན་བྱས་ཀྱང་དེའི་ནད་ཐ་གི་བར་མ་གྱུར་ནས། དེ་ན་བའི་སྡུག་བསྔལ་གྱིས་རིང་པོ་མི་ཐོགས་པར་དུས་འདའ་བར་ཤེས་ནས། དེས་ཁྱིམ་ཚེས་དག་བསོགས་ཏེ་འདུས་ནས་དེའི་ནང་དུ་བུ་ལ་སྨྲས་པ་བུ་དག་ཁྱེད་ཅག་གི་ཕུ་བོ་ཆེན་པོ་དགེ་སྦྱོང་ཤཱཀྱའ…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      འདས་ཀྱིས་ཀྱང་ང་འདས་ནས་བྱིན་པ་མེད་དོ་ཞེས་གསུངས་ཀྱིས། ཁྱེད་ཅག་ཉིད་ཁྱེར་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་ཉེས་པ་ངོར་བརྗོད་པ། འཕགས་པ་ལོང་ལ་སྦྱིན་པ་ཡང་བྱིན་ཅིག །བསོད་ནམས་ཀྱང་བྱོས་ཤིག །དེ་ལ་ཉེས་པ་ཅི་ཞིག་ཡོད་ཅེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      དེ་བསླངས་ཏེ། དེ་རྫངས་ལ་སོགས་པ་བརྫངས་ཏེ་བཏང་ངོ་། །དུས་ཕྱི་ཞིག་ན་ཁྱིམ་པ་དེ་དུས་འདས་ནས་དེ་ཁྱོ་དང་བྲལ་བའི་མྱ་ངན་གྱིས་་་་གདུངས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །དེ་་དུས་ཕྱི་ཞིག་ན་མུ་གེ་བྱུང་ནས་བསོད་སྙོམས་སློང་ཞིང་འདུག་པ་དང་། དེ་་་བསོད་སྙོམས་སྤྱོད་པ་ལས་སྲང་ཞིག་ཏུ་དེའི་ཕས་མཐོང་ནས། དེས་སྨྲས…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      ལས་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་མ་དག་གིས་བདག་མིང་འདི་ཞེས་བགྱི་བ་ལ་གཉེན་དང་ལྷན་ཅིག་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ཅིག །བརྩེ་བ་ཅན་བརྩེ་བའི་ཕྱིར་རོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་གྱིས་ལ་ལས་བྱོས་ཤིག །གསོན་ཅ…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      བྱུང་བར་གནས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། བསྐྱི་བ་ལ་ནི་རྣམ་པ་གཉིས། །རས་ལ་ཡང་ནི་རྣམ་གསུམ་སྟེ། །ཉོ་བར་ཡང་ནི་འདོད་པ་དང་། །སྡེར་བསྡུས་པར་ནི་གྱུར་པ་འོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      དང་། དེ་དུས་ཀྱི་མཐའ་ཞིག་ཏུ་ཅི་ཞིག་གིས་འདས་པ་དང་། དགེ་སློང་དེ་དག་གིས་སྔ་མ་བཞིན་དུ་ལྷུང་བཟེད་དང་ཆོས་གོས་བཙོངས་ནས་དེ་ལ་བྱིན་ནོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་དེར་བདག་ལས་འདི་ཙམ་ཞིག་འཚལ་ཏེ། བདག་ལ་ནི་འདི་ལས་མ་སྩལ་གྱིས། གཞན་ཡང་སྩོལ་ཅིག་ཅེས་སྨྲས་པ་དང་། དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      བཀའ་སྩལ་པ། ལྷག་མ་ནི་ཆོས་གོས་དང་ལྷུང་བཟེད་རྣམས་ཚོངས་ལ་བྱིན་ཅིག། གླེང་གཞི་ནི་མཉན་དུ་ཡོད་པ་ན། དགེ་སློང་ཞིག་གིས་ཐ་ག་པ་ལ་རས་་་འཐག་པའི་ཕྱིར་སྐུད་པ་དང་རྔན་པ་བྱིན་པ་ལས། དགེ་སློང་དེ་དུས་འདས་པ་དང་། དགེ་སློང་རྣམས་ཀྱིས་ཐ་ག་པ་ལ་བོས་ཏེ་བཞིན་བཟངས་ཁྱོད་ལ་དགེ་སློང་མིང་འདི་ཞེས་བྱ་བས་རས་འཐག་པའི་ཕྱིར་སྐུད་པ་དང་རྔན་པ་བྱ…
      DKG013 · སངས་རྒྱས་ཤཱཀྱ་ཐུབ་པ།
      འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་བཞི་པ་བཤད་པ།
      ལོང་ཤིག། །། འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་བདུན་པ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་འཇིག་རྟེན་པ་ལ་གྲགས་པར་གྱུར་ཏེ། གང་སུ་ཡང་རུང་ཉོ་བ་དང་། བཙོང་བ་དེ་དག་དེ་དག་གི་དྲུང་དུ་དོང་ནས། འཕགས་པ་དངོས་པོ་འདིས་ཅི་རི་ཞེས་འདྲིའོ། །དེ་ནས་མཉན་དུ་ཡོད་པ་ན་ཁྱིམ་བདག་གཉིས་ཤིག་གཅིག་ནི་གོས་ཉོ། གཅིག་ནི་འཚོང་…