Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 6 of 500
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་དང…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བྱ་བ་དང་། བཤགས་པར་བྱ་བ་དང་། བྱིན་གྱིས་བརླབ་པར་བྱ་བ་དག་ལ་སོ་སོར་བརྟག་པར་བྱ་ཞིང་ཉེས་པ་ཤེས་པ་བསྡམ་པའམ། བཤགས་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ། །དེའི་འོག་ཏུ་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའམ། དཀྱིལ་འཁོར་བ་ཡང་རུང་སྟེ། ཡུལ་དབུས་སུ་དགེ་སློང་བཅུ་ལ་སོགས་པའི་ཚོགས་སམ། མཐའ་འཁོབ་དག་ཏུ་གཞན…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      འགྲེང་སྟེ། ལག་པས་ཆོས་གོས་སྣམ་སྦྱར་བཟུང་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། དྲའོ། །བསྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བར…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ལྷུང་བཟེད་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་བཀབ་ནས་རྒན་པའི་མཐའ་ལོགས་ནས་དགེ་སློང་རེ་རེའི་མདུན་དུ་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེ་འམ། མི་སྐྱ་འམ། དགེ་སློང་ཐམས་ཅད་ཀྱིས་ཀྱང་ལྷུང་བཟེ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      སྟེ་སྟོན་པའི་དགེ་སློང་ལ་མིང་འདི་ཞེས་བྱ་བ་ཁྱོད་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྦྲོའམ་ཞེས་བརྗོད་པར་བྱའོ། །དེས་ཀྱང་སྦྲོའོ་ཞེས་བརྗོད་པར་བྱའོ། །དེ་ནི་གསང་སྟེ་སྟོན་པ་སྤྲོ་བར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པས་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །འ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བྱེད་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་བར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་།རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུང་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      སློང་ལས་བྱེད་བས་བསྙེན་པར་རྫོགས་པ་གསོལ་དུ་གཞུག་པར་བྱའོ། །འདི་ལྟར་གསོལ་དུ་གཞུག་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ །དེའི་འོག་ཏུ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་སྟེ། ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བར…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཆད་དྲི་བ་གསོལ་བའི་ལས་སོ།། །།དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་བྱའོ། །འདི་ལྟར་དྲི་བར་བྱ་སྟེ། ལས་བྱེད་པ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ་ཞེས་དྲི་པར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུས་བགགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །དེ་ནི་ན…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅད…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། ཉི་མ་བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བ་སྟེ། དེ་ནི་ཉིན་མཚན་གྱི་ཆ་བརྗོད་པའོ།། །།དེའི་འོག་ཏུ་དུས་ཚོད་བརྗོད་པར་བྱ་སྟེ། དུས་ཚོད་ནི་ལྔ་སྟེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། …
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ངུ་གུ་ལའི་རས་སམ། ཀོ་ཏམ་པའི་རས་སམ། ཉི་འོག་གི་གོས་སམ། གཞན་ཡང་གོས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུལ་དམ་འཆའ་འམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      འཆག་སར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །2B སྨན་གྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །བཞི་གང་ཞེ་ན། འདོད་པ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །3A འདོད་པ་སྤངས་པ་ནི་བསྔགས་ཏེ་བོར…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མ་བྱིན་པར་ལེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །མ་བྱིན་པར་ལེན་པ་སྤངས་པ་ནི་བསྟོད་དོ། །བཀུར་ཏོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་གཞན་གྱི་ཏིལ་གྱི་ཕུབ་མ་ཡང་…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      རྣམ་གྲངས་དུ་མས་སྨད་དོ། །སྲོག་གཅོད་པ་སྤྲངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཁྱོད་ཀྱི་ཐ་ན་བསམ་བཞིན་དུ་སྲོག་ཆགས་གྲོག་སྦུར་ཡང་གསད་པར་མི་བྱ་ན། མི་འམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་བཞད་གད་བྱ་བར་བསམས་ཏེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བར་ཡང་མི་བྱ་ན། བསམས་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་ད…