Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 325 of 500
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      དེ་མངོན་ཤེས་ནས་ཁྱོད་ལ་སྨྲ། །ལམ་རྒྱལ་བ་དང་ལམ་འཆད་པ། །ལམ་འཚོ་དང་ནི་གང་ཞིག་ལམ་སུན་འབྱིན། །ལམ་རྒྱལ་བ་ལ་སངས་རྒྱས་ཅི་ཞིག་གསུངས། །ལམ་བཤད་ཇི་ལྟར་མཉམ་པ་མེད་ཅེས་བགྱི། །ཁྱོད་ལ་ཞུས་པ་ལམ་འཚོ་གསུངས། །འོན་ཏམ་ལམ་སུན་འབྱིན་པ་བདག་ལ་གསུངས། །གང་གིས་ཐེ་ཚོམ་སྨྲ་བ་ཆད་ནས་ཉོན་མོངས་བྲལ། །གཞན་གྱིས་མི་བཀྲི་མྱ་ངན་འདའ་ལ་དགའ། །འཇ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ལེགས་པ་ཅན་གྱིས་སྡིག་པ་སྤོངས། །ཉོན་མོངས་ཟད་ནས་མྱ་ངན་འདའ། །དེ་ནས་བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུན་ད་ལ་ཆོས་ཀྱི་གཏམ་བསྟན་ཏེ། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བ་བསྐྱེད་དེ། རྣམ་གྲངས་དུ་མའི་ཆོས་ཀྱིས་ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བ་བསྐྱེད་དེ་སྟན་ལས་ལངས་ཏེ་སོང་ངོ་། །བཞེ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཤེས་ཐུགས་ལ་མཛད་ནས་གཟིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཆུ་བོ་ཀ་ཀུ་སྟ་ནས་ཆུ་ལྷུང་བཟེད་གང་ལོང་ཤིག །ཆུ་དེ་ངས་བཏུང་བར་བྱ། ལུས་ལ་གཏོར་བར་ཡང་བྱའོ། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ལྷུང་བཟེད་ཐོགས་ཏེ་ཆུ་བོ་ཀ་ཀུ་སྟ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་པ་དང་། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཡུང་པོ་ཁྱོད་དགེ་སྦྱོང་ངམ། བྲམ་ཟེའི་ཆོས་ཀྱི་གཙང་སྦྲ་གང་ལ་དགའ། བཙུན་པ་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་གྱི་ཆོས་ཀྱི་གཙང་སྦྲ་ལ་དགའོ། །གཡུང་པོ་ཁྱོད་ཅིའི་ཕྱིར་ས…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      འབྲུག་ཆེམས་ཞེས་ཟེར་བ་དང་། ཐོག་བབས་པ་འདི་གཉིས་ཀྱི་སྒྲ་གང་རྒྱ་ཆེ་བ་ཡིན། བཙུན་པ་ཅི་ལགས། ཤིང་རྟ་ལྔ་བརྒྱ་ཙམ་ལྟ་ཞོག་གི་ཅི་ལགས་ཤིང་རྟ་སྟོང་དང་། ཅི་ལགས་ཤིང་རྟ་བརྒྱ་སྟོང་འདི་དག་གང་བས་ཀྱང་གང་འབྲུག་ཆེམས་ཞེས་མཆི་བ་དང་། ཐོག་བབས་པའི་སྒྲ་རྒྱ་ཆེ་བ་ལགས་སོ། །གཡུང་པོ་དུས་གཅིག་ཅིག་ན། ཡུལ་ཨ་དུ་མ་ཡ་འབྱུང་པོའི་ཁང་པའི་ཁྱམས…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཐོག་བབས་པ་མ་གསན་ཏམ་ཞེས་སྨྲའོ། །དེ་ལ་ངས་འདི་སྐད་ཅེས་ཀྱེ་སྐྱེས་བུ་ངས་མ་ཐོས་སོ་ཞེས་བཀའ་སྩལ་པ་དང་། དེས་འདི་སྐད་ཅེས་ཅི་ལགས། བཅོམ་ལྡན་འདས་གཟིམས་པར་གྱུར་ཏམ་ཞེས་སྨྲའོ། །དེ་ལ་ངས་འདི་སྐད་ཅེས་ཀྱེ་སྐྱེས་བུ་ཉལ་བར་མ་གྱུར་ཏོ་ཞེས་བཀའ་སྩལ་པ་དང་། དེས་འདི་སྐད་ཅེས་ཅི་ལགས། བཅོམ་ལྡན་འདས་མ་གཟིམས་པའི་འདུ་ཤེས་ཀྱིས་འབྲུག་ཆེམ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      འོས་པ་དེ་ཐུགས་བརྩེ་བར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་ལ་ཐུགས་བརྩེ་བར་དགོངས་ནས་རས་བཅོས་བུ་སར་པ་གསེར་གྱི་མདོག་ལྟར་སེར་བ་ཟུང་གཅིག་བཞེས་པ་དང་། དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བདག་གིས་གཞན་ཡང་བཙུན་པ་བཅོམ་…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ཏེ། འདི་ནི་སྐུའི་ཁ་དོག་གསལ་བ་འདི་ལྟ་བུ་འབྱུང་བའི་རྒྱུ་གཉིས་པ་དང་རྐྱེན་གཉིས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཀུན་དགའ་བོ་དེ་ལྟ་བས་ན་འདི་ནི་མགར་བའི་བུ་སྐུལ་བྱེད་ཀྱིས་ལས་བྱས་ཤིང་བསགས་པ་ཡིན་ཏེ། ཚེར་འགྱུར་བ་དང་། ཁ་དོག་ཏུ་འགྱུར་བ་དང་། སྟོབས་སུ་འགྱུར་བ་དང་། ལོངས་སྤྱོད་དུ་འགྱུར་བ་དང་། བདེ་འགྲོར་འགྱུར་བ་དང་། ཕྱུག་པོ་འཁོར་དང་བཅས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ།། །།བར་སྡོམ་ནི། ཚེ་དང་ཁ་དོག་སྟོབས་དག་དང་། །ལོངས་སྤ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      བཅུག་ནས་གློ་གཡས་པ་ཕབ་སྟེ་ཞབས་ཀྱི་སྟེང་དུ་ཞབས་བཞག་ནས། སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་། བཞེངས་པའི་འདུ་ཤེས་ཐུགས་ལ་མཛད་ནས་གཟིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བྱང་ཆུབ་ཀྱི་ཡན་ལག་སྨྲོས་ཤིག །བཅོམ་ལྡན་འདས་ཉིད་ཀྱིས་དྲན་པ་བྱང་ཆུབ་ཀྱི་ཡན་ལ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      དཔའ་བོ་འདི་དག་བྱང་ཆུབ་ཡན་ལག་ལགས། །བྱང་ཆུབ་ཡན་ལག་རྣམས་ཀྱི་གཏམ་གསན་ཅིང་། །བྱང་ཆུབ་ཡན་ལག་རོ་ནི་རྣམ་མཁྱེན་པས། །བཅོམ་ལྡན་ཐུགས་ནི་ཤིན་ཏུ་མི་བདེ་བའི། །སྙུན་ཚབས་ཆེན་པོ་དག་ལས་བཞེངས་པར་གྱུར། །དེ་ལྟ་བས་ན་ཆོས་རྗེ་དེ་ཡིས་ཀྱང་། །རིན་པོ་ཆེ་ཡི་ཆོས་འདི་འཆད་པ་ལ། །ཆོས་ནི་གསན་པར་བཞེད་གྱུར་གཞན་དག་ལྟ། །ཅི་ཕྱིར་དེས་ནི་འདི…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་གྱད་ཀྱི་ལྗོངས་རྒྱུ་ཞིང་གཤེགས་ཏེ་གྲོང་ཁྱེར་རྩྭ་ཅན་དུ་བྱོན་ནས་གྱད་ཀྱི་ཡུལ་དང་ཉེ་བ་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཀུན་དགའ་བོ་ཤིང་སཱ་ལ་ཟུང་གཉིས་ཀྱི་བར་དུ་དེ་བཞིན་གཤེགས་པའི་ཁྲི་ཆོས་ལ་…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱད་པ་རབ་ཏུ་སྟོན་ཏེ། གང་གི་ཕྱིར་དུས་དུས་སུ་ཟབ་པ་ཟབ་མོའི་ཆོས་ཀྱི་གཏམ་ཡང་ཐོས་ཤིང་རྙེད་པ་ན་དེ་དག་གིས་ཀྱང་ད་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་ཐོས་ཏེ། ཐོས་ནས་ཀྱང་འོང་བར་མི་འགྱུར་ཞིང་འདི་ལྟར་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉེ་གནས་ཀྱིས་ཚུལ་འདི་འདྲ་བར་བྱེད་པར་འགྱུར་ཏེ། དཔེར་ན་ད་ལྟར་ཁྱོད་ཀྱིས་ང་ལ་བྱ་བ་བཞིན་ནོ། །ཀུན་དགའ་བོ་དེ་ལྟར་ན་ཁྱོད་མྱ་ངན་མ་བྱེད་ཅིག །མི་བཟོད་པར་མ་བྱེད་ཅིག །སྨྲེ་སྔགས་མ་འདོན་ཅིག །གང་སྐྱེ་བ་དང་། འབྱུང་བ་དང་། བྱས་པ་དང་། འདུས་བྱས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་འཇིག་པའི་…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཆོས་བཤད་ན་ཆོས་ཐོས་པས་ཡིད་དགའ་བར་འགྱུར་རོ། །དགེ་སློང་དག་གཞན་ཡང་དགེ་སློང་ཀུན་དགའ་བོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་ཡོད་དེ། བཞི་གང་ཞེ་ན། གལ་ཏེ་དགེ་སློང་ཀུན་དགའ་བོ་དགེ་སློང་གི་འཁོར་རྣམས་ལ་ཆོས་སྟོན་ན་གུས་པར་བྱས་ཏེ་སྟོན་གྱི་མ་གུས་པས་མ་ཡིན་ནོ། །དེ་ནས་དགེ་སློང་གི་འཁོར་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཚེ་དང་…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ཕོ་བྲང་དུ་གྱུར་ཏེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ། ཆུར་དཔག་ཚད་བཅུ་གཉིས། རྒྱར་དཔག་ཚད་བདུན་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་ཀུ་ཤ་ཅན་གྱི་ར་བ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་སྟེ། ར་བ་བདུན་གྱིས་ཀུན་དུ་བས…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      བཅས་པར་གྱུར་ཏེ། རྫིང་དེ་དག་ཀྱང་རྣམ་པ་བཞི་པོ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་ཕ་གུས་བྱས་པར་གྱུར་ཏོ། །ཀུན་དགའ་བོ་རྫིང་བུ་བཟང་པོ་དེ་དག་གི་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པར་གྱུར་ཏོ། །རྫིང་བུ་དེ་དག་གི་ཁ་ཁྱེར་ཡང་རྣམ་པ་བཞི་པོ་གསེར་ལས་བྱ…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      བྱུག་པ་སྦྱིན་པར་བྱེད་དོ། །ཀུན་དགའ་བོ་རྒྱལ་པོ་ཀུ་ཤ་ཅན་གྱི་ཕོ་བྲང་ན་གང་དག་ར་རོ་བ་དང་། གཡོན་ཅན་དང་། ཆང་འཚོང་རྣམས་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པར་འདོད་པ་དེ་དག་ཏ་ལ་དེ་དག་ གི་བར་བར་དུ་ཤིན་ཏུ་རྩེ་ཞིང་། དགའ་བ་དང་། དགའ་མགུར་སྤྱོད་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོ་རྩྭ་ཅན་གྱི་ཕོ་བྲང་ན་ཏ་ལ་དེ་དག་ལས་སྒྲ་ཡི…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      པོའི་འབྱོར་པ་ཞེས་བྱའོ། །ཀུན་དགའ་བོ་གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་སྟེ། ཀུན་དགའ་བོ་རྒྱལ་པོ་ ལེགས་མཐོང་ཆེན་པོའི་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་ཡིན་ཏེ། ཀུན་དགའ་བོ་འདི་ནི་རྒྱལ་…
      DKG011 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
      ལ་ཡུན་རིང་དུ་བལྟ་བར་བྱའོ། །ཀུན་དགའ་བོ་གང་གི་ཚེ་རྒྱལ་པོ་ལེགས་ མཐོང་ཆེན་པོ་གྲོང་མི་དང་ཡུལ་མི་རྣམས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་གྱུར་པ་ནི་དཔེར་ན་བུ་རྣམས་ལ་ཕ་བཞིན་ནོ། །རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་གྲོང་མི་དང་ཡུལ་མི་རྣམས་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་གྱུར་པ་ནི་དཔེར་ན་ཕ་ལ་བུ་རྣམས་བཞིན་ཏེ། ཀུན་དགའ་བ…