Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 92 of 500
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      ཚེའི་མཐའ་དང༌། བྱང་ཆུབ་སེམས་དཔའི་མངོན་པར་བྱང་ཆུབ་པ་ལ་བརྟག་པ་ལ་ཞུགས་པ་དང༌། བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་བཞེས་ནས་ཁབ་ནས་བྱུང་ནས་ལོ་དྲུག་ཏུ་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་ཐོབ་པར་འགྱུར་བར་མཐོང་ངོ༌། །བདག་ནི་བར་སྐབས་དེར་ཤི་བའི་དུས་བྱེད་པར་འགྱུར་བར་མཐོང་ནས་དེ་མིག་མཆི་མས་གང་སྟེ་འདུག་པ་རྒྱལ་པོ་ཟས་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      ཐོས་འགྱུར་ཞིང་ཐོས་ནས་ཀྱང༌། །རབ་ཏུ་ཞི་བའི་ཕ་རོལ་འགྲོ་དེ་དག །སྐྱིད་ཅིང་བསོད་ནམས་ལྡན་ལ་རིམས་ནད་བྲལ། །དྲང་སྲོང་ཉོན་མོངས་མེད་རྒྱུད་ཉོན་མོངས་པ་ཅན་གྱིས་བསམས་པ། བྱང་ཆུབ་སེམས་དཔའི་མཐུས་བདག་གི་རྫུ་འཕྲུལ་ཉམས་ཏེ་གལ་ཏེ་བདག་གི་རྐང་གིས་སོང་ན་སྐྱེ་བོའི་ཚོགས་ཆེན་པོ་དང་རྒྱལ་པོས་འཕྱ་བར་འགྱུར་རོ་སྙམ་དུ་རི་གནས་སྨྲས་པ། ལ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      དབུས་ནས་དབུས་སུ་བྱུང་སྟེ། གྲོང་ཁྱེར་སེར་སྐྱའི་སྒོར་བྱུང་ནས་རྒྱལ་པོ་སླར་བཟློག་སྟེ་ཇི་ལྟར་དགའ་བའི་སྤྱོད་ལམ་གྱིས་སོང་སྟེ། རིམ་གྱིས་རི་བོ་ཀུན་འཛིན་གྱི་དྲུང་དུ་ཕྱིན་པ་དང༌། དེ་དེ་ལ་འཛེགས་ནས་ཕན་ཚུན་ཉུལ་ཞིང་ཇི་ལྟར་འདོད་པའི་གནས་ཤིག་བཙལ་ནས་ཕྱོགས་ཞིག་ཏུ་འདུག་གོ། །དེ་ནས་དེ་ལམ་གྱིས་དུབ་པ་ངལ་བསོ་སྟེ། བསམ་གཏན་བསྐྱ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་སྨྲས་ཏེ། དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ནས་མེས་བྱིན་གྱིས་དེའི་ལུས་ལ་ལུས་ཀྱི་མཆོད་པ་བྱས་ནས་བཱ་རཱ་ཎ་སཱིར་སོང་སྟེ་གནས་སོ། །དེ་དེ་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ །མེས་བྱིན་གྱི་རུས་ཀ་ཏྱ་ཡ་ན་ཡིན་པས་དེའི་མིང་ཀ་ཏྱའི་བུ་ཀ་ཏྱའི་བུ་ཞེས་བྱ་བར་གྱུར་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      པོ་ཆེ་སྟོང་ཐུབ་ཀྱིས་དེ་བས་ན་གཞོན་ནུའི་མིང་གླང་པོ་ཆེ་སྟོང་གི་སྟོབས་ཅན་ཞེས་གདགས་སོ་ཞེས་བཏགས་སོ།། །།བར་སྡོམ་ལ། ཁྱེའུ་དང་རྩེད་མོ་དག་དང་ནི། །རིག་པ་ཁང་བཟངས་ཉིད་དང་ནི། །ངང་པ་མཚོན་ཆ་དགེ་བའི་སྙིང༌། །དམག་དང་བཙུན་མོ་རྣམས་ཡིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འཁོར་ལྔ་བརྒྱ་དང་ཡི་གེའི་སློབ་དཔོན་སྲིན་བ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      ལྔབརྒྱ་དང་སྤྱོད་པ་སློབ་པ་ལ་ཞུགས་པ་ན་བཟང་ལེན་གྱིས་ལྷར་བཅས་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་དང་དེ་བཞིན་དུ་གཞོན་ནུ་གཞན་དག་ནི་སྙིང་རྗེ་ཅན་ཡིན་པས་བསླབ་པར་བྱ་བ་ཐམས་ཅད་སློབས་ཤིག །ལྷས་བྱིན་འདི་ནི་གདུག་པའི་ལས་བྱེད་པ་ཡིན་གྱིས་འཇིག་རྟེན་ཐམས་ཅད་ལ་གནོད་པར་གྱུར་ན་མི་རུང་གིས་འདི་ལ་གནད་དུ་སྣུན་པ་མ་བསྟན་ཅིག །གང་གི་ཚེ་བྱང་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      ཅག་དེ་ལ་གླང་པོ་རིན་པོ་ཆེ་འབུལ་ལམ་ཞེས་སྨྲས་ནས་ཐལ་ལྕག་གིས་གླང་པོ་ཆེ་བསད་དོ། །ཇི་ཙམ་ན་ཕྱོགས་དེར་དགའ་བོ་འོངས་པ་དེས་དེ་མཐོང་ནས་དྲིས་པ། ཤེས་ལྡན་དག་གླང་པོ་ཆེ་བཟང་པོ་འདི་སུས་བསད། དེ་རྣམས་ཀྱིས་སྨྲས་པ། ལྷས་བྱིན་གྱིས་སོ། །དེས་བསམས་པ། གདོན་མི་ཟ་བར་འདི་ལ་ལྷས་བྱིན་གྱི་མཐུ་སད་ཀྱིས་མ་ལ་བདག་གིས་ཀྱང་འདི་ལ་མཐུ་སད་པར་བ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      བཅད་པ་རྣམས་འགྱེལ་ཏོ། །བྱང་ཆུབ་སེམས་དཔའ་ནི་བྲེའི་ཁ་གཅོད་པ་བཞིན་དུ་གཅོད་པར་མཛད་དོ། །དེས་ཤིང་བཅད་ཅིང་བཅད་པ་རྣམས་མ་འགྱེལ་ཏེ། དེ་བཞིན་དུ་འདུག་པ་དང༌། གཞོན་ནུ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་སྟོབས་དང་ལྡན་ཞིང་གནས་ལྔ་ལ་བྱང་ངོ་ཞེས་ཐོས་ན་འདི་གཅོད་པར་བྱེད་པ་ཡང་མི་ཤེས་པ་ལས་ན། འདི་བདག་ཅག་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      དེ་རྣམས་ཀྱིས་གཞོན་ནུ་ཤཱཀྱ་ཐུབ་པ་ཤིང་རྟར་ཞུགས་པ་ནས། ནང་དུ་ཞུགས་པ་ལ་ལུང་བསྟན་པ། གལ་ཏེ་འདི་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་བར་གྱུར་ན། །གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་མཚན་མཁན་རྣམས་ཀྱིས་ལུང་བསྟན་ཏོ་ཞེས་བྱ་བ་ཐོས་སོ། །ཐོས་ནས་ཀྱང་དགའ་བ་དང་མགུ་བ་སྐྱེས་ཏེ་ཤཱཀྱ་རྣམས་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      སྦྱིན་པ་ལ་དགའ་བས་རྒྱན་དེ་དག་དེ་རྣམས་ལ་བྱིན་ནོ། །ཤཱཀྱ་ལག་ན་དབྱུག་པ་ཅན་གྱི་བུ་མོ་གྲགས་འཛིན་མ་ཞེས་བྱ་བ་གཟུགས་བཟང་བ་དང༌། ལང་ཚོ་ལ་བབ་པ། དེ་མ་སོང་ནས་ཤཱཀྱ་ལག་ན་དབྱུག་པ་ཅན་གྱིས་སྨྲས་པ། བུ་མོ་བྱང་ཆུབ་སེམས་དཔའ་རྒྱན་སྦྱིན་གྱིས་སོང་ཤིག །དེས་སྨྲས་པ། ཡབ་ཅིའོ་སྐོལ་ཅག་ལ་རྒྱན་མ་མཆིས་སམ། བུ་རྒྱན་མེད་པ་ནི་མ་ཡིན་མོད་ཀྱ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      བསྟན་གྱི་བར་ན་འབབ་ཆུ་རོ་ཧི་ཀ་ཞེ་ས་བྱ་བའི་འགྲམ་ན་སྐྱེས་ཏེ། དུས་དུས་སུ་ཆུ་ཕྲུག་པས་དེའི་རྩ་བ་བྲུས་ནས་རླུང་གི་ཤུགས་ཀྱིས་འགྱེལ་ཏེ་གགས་བཞིན་དུ་ཆུ་བཅད་དེ་འདུག་གོ །དེ་ནས་ཆུས་རྒྱལ་པོ་ལེགས་པར་རབ་སད་ཀྱི་ཡུལ་ནི་ཆུ་མེད་པས་མ་རུང་ལ། ཟས་གཙང་གི་ཡང་ཆུས་མ་རུང་སྟེ། རྒྱལ་པོ་ལེགས་པར་རབ་སད་ཀྱིས་རྒྱལ་པོ་ཟས་གཙང་ལ་སྤྲིང་བ། ཤ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      ཚོགས་ཆེན་པོའི་སྒྲ་ཆེན་པོ་དང་སྒྲ་མཐོན་པོ་གྲག་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ཤེས་ལྡན་དག་སྐྱེ་བོའི་ཚོགས་ཆེན་པོའི་སྒྲ་ཆེན་པོ་དང༌། སྒྲ་མཐོན་པོ་གྲག་པ་འདི་ཅི་ཞིགཐའདུན་པས་ཇི་ལྟར་གྱུར་པ་གསོལ་བ་དང༌། བྱང་ཆུབ་སེམས་དཔས་གསུངས་པ། གལ་ཏེ་དེ་ལྟ་ན་འབྱིན་དུ་འདོང་ངོ་ཞེས་བྱང་ཆུབ་སེམས་དཔའ་གཞོན་ནུ་རྣམས་དང་ལྷན་ཅིག་དོང་བ་དང༌། ཇ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      གཡོ་བར་གྱུར་པ་དང༌། བྱང་ཆུབ་སེམས་དཔས་ས་འཚོ་མ་ལ་བརྟག་པར་བརྩམས་སོ། །ས་འཚོ་མས་ཀྱང་བྱང་ཆུབ་སེམས་དཔའ་ལའོ། །བྱང་ཆུབ་སེམས་དཔའ་ས་འཚོ་མ་ལ་རྟོག་པ་ན་ཕྱག་ན་ལྕགས་ཀྱི་མདའ་བསྣམས་པ་དེ་ཕྱེར་བརླགས་སོ། །ས་འཚོ་མ་ཡང་བྱང་ཆུབ་སེམས་དཔའ་ལ་རྟོག་པ་ན་རྐང་པའི་མཐེ་བོས་ཁང་བཟངས་ཀྱི་གཞི་བརྟོལ་ཏོ། །སྐྱེ་བོའི་ཚོགས་ཆེན་པོས་བྱང་ཆུབ་སེམས…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      ཡང་མི་གཞན་དག་དང་མི་འདྲ་བ་ཅིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་མི་རྒས་འཁོགས་གཏུགས་པ། སྒུར་པོ་ཕྱམ་དགུ་བོ་ལྟར་ཀྱར་ཀྱོར་ཅན། མདུན་ནས་འཁར་བ་ལ་རྟེན་ཅིང༌། ལུས་འདར་ཞིང་འགྲོ་ལ་དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དང་མི་འདྲ་བ་འདི་ཅི་ཡིན། ལྷ་མི་འདི་ནི་རྒས་པ་ཞེས་བྱའོ། །ཁ་ལོ་སྒྱུར་བ་རྒས་པ་ཞ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      ཅེས་བཀའ་སྩལ་ཏོ། །ཁ་ལོ་སྒྱུར་བ་མི་རྒས་འཁོགས་གཏུགས་པ། སྒུར་པོ་ཕྱམ་དགུ་བོ་ལྟར་ཀྱར་ཀྱོར་ཅན། མདུན་ན་འཁར་བ་ལ་རྟེན་ཅིང༌། ལུས་འདར་ཞིང་འགྲོ་ལ་དེའི་སྐྲ་སེ་བ། ཇི་ལྟར་ཡང་མི་གཞན་དག་དང་མི་འདྲ་བ་འདི་ཅི་ཡིན། དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །ལྷ་འདི་ནི་རྒས་པ་ཞེས་བགྱིའོ། །དེ་འདི་སྐད་ཅེས་གསུང་སྟེ། ཁ་ལོ་སྒྱུར་བ་རྒས་པ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྟོད་ཆ།
      གཙང་དེས། །ཁ་ལོ་སྒྱུར་ལས་ཚིག་དེ་ཐོས་ནས་ནི། །དེ་ཚེ་དགའ་ནས་བདག་འདོར་མི་གཞུག་ཕྱིར། །འདོད་བའི་ཡོན་ཏན་ལྔ་ལས་ཡང་བྱིན་ནོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་བར་བཞེད་པར་གྱུར་པ་དེའི་ཚེ་ཁ་ལོ་སྒྱུར་བ་ལ། ཀྱེ་ཁ་ལོ་སྒྱུར་བ། རེ་ཞིག་བཞོན་པ་བཟང་བོ་མྱུར་དུ་ཤོམས་ཤིག་དང༌། དེ་ལ་ང་ཞོན་ནས་སྐྱེད་མོས་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྨད་ཆ།
      འདུལ་བ་གཞི། བམ་པོ་བརྒྱད་བཅུ་གྱ་གསུམ་པ། གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་མི་སྐྱ་བོ་རྦབ་རྦབ་པོ་རིད་པ་ཉམ་ཆུང་བ་དབང་པོ་ཉམས་པ། སྐྱེ་བོ་མང་པོའ་མིག་གིས་ཀྱང་ལྟ་མི་ཕོད་པ་འདི་ཅི་ཡིན། ལྷ་འདི་ནི་བྲོ་འཚལ་བ་ཞེས་བགྱིའོ། ཁ་ལོ་སྒྱུར་བ་ནད་ཀྱིས་ཐེབས་པ་ཞེས་བྱ་བ་འདི་ཅི་ཡིན། ལྷ་མི་འདི་གང་འདིས་འགུམ་པར་འགྱ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྨད་ཆ།
      ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །འདིར་སྨྲས་པ། མི་ནི་ལུས་རིད་སྐྱ་བོ་རྦབ་རྦབ་པོ། །རང་དབང་མེད་པའི་ནད་ཐེབས་འདིར་གཟིགས་ནས། །ནད་ལས་བདག་མ་འདས་པ་ལྟ་ཞིག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་ཅི་གཞོན་ནུ་ཡིད་དགའ་བ་དང་མགུ་བས་སྐྱེད་མོས་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྨད་ཆ།
      ཞེས་གྲགས་པའི་དོན་དེ་ཉིད་བསམ་པར་བྱའོ། །ལྷ་གཞོན་ནུ་དེ་ཕོ་བྲང་གི་ནང་དུ་གཤེགས་ནས་ང་ཡང་ནད་ལས་མ་འདས་པ་ལྟ་ཞིག་ཅེས་མི་དགྱེས་ཤིང་ཐུགས་ངན་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། མཚན་མཁན་དང་ལྟས་མཁན་གྱི་བྲམ་ཟེ་དེ་རྣམས་ཀྱི་ཚིག་ཡང་དག་པར་བདེན་པར་མི་འགྱུར་གྲང་། གཞོན་ནུ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་མང་པོས་མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། སྨད་ཆ།
      པས་རས་ཁ་དོག་སྣ་ཚོགས་ལས་བྱས་པའི་བླ་རེ་བྲེས་པ་དང་། ཁྱོགས་ཁྱེར་བ་དང་། མདུན་ན་མེ་སྒྲོན་ཐོགས་པ་དང་། སྐྱེ་བོའ་ཚོགས་ཆེན་པོ་མདུན་ནས་འགྲོ་བ་དང་། བུད་མེད་སྐྲ་བཤིག་པ་རྣམས་ངུ་ཞིང་རྗེས་བཞིན་འབྲང་བ་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཁ་ལོ་སྒྱུར་བ་ལ་གསུངས་པ། ཁ་ལོ་སྒྱུར་བ་རས་ཁ་དོག་སྣ་ཚོགས་ལས་བྱས་པའི་བླ་རེ་བྲེས་པ་དང་། ཁྱོགས…