Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      7880 results — page 187 of 394
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      བསྡུ་སྟེ། དགེ་སློང་གིས་དེ་དག་བསྟེན་ཅིང་སྤྱད་དུ་མི་རུང་སྟེ། དེ་བསྟེན་ཅིང་སྤྱད་ན་གཞི་ཇི་ལྟ་བ་ལས་ལྟུང་བ་སྡེ་ལྔའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལས་མིང་གིས་བཀག་པ་དང༌། གནང་བར་མ་གསུངས་པ་དངོས་སུ་བཀག་པ་དང་མཐུན་ལ། གནང་བ་དང་འགལ་བ་ཐམས་ཅད་བཀག་པའི་ནང་དུ་བསྡུ་བ་ནི་འདི་ལྟ་སྟ…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      སྩལ་ལ་དངོས་སུ་མི་རུང་བ་ཡང་བསྟན་པ་གང་ཡིན་པ་དེ་ནི་འདིས་བཀག་པར་རིག་པར་བྱའོ། །མིང་གི་རྗེས་སུ་གནང་བའི་ནང་དུ་བཀའ་མ་སྩལ་ལ་དངོས་སུ་རུང་བ་ཡང་བསྟན་པ་གང་ཡིན་པ་དེ་ནི་འདིས་རྗེས་སུ་གནང་བར་རིག་པར་བྱ་སྟེ། དཔེར་ན་ཁྲིའུ་རྐང་པ་བྲིས་བ་བཅང་བར་མི་བྱ་བ་ཉིད་དང༌། ཉལ་བ་དང༌། འགྲོ་བས་བཤང་པ་དང་གཅི་བ་དག་མི་བྱ་བ་ཉིད་དང༌། ཉལ་བ་དང་…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལ་བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ། གཞན་གྱི་ཉེས་པ་དང་དུ་ལེན་པ་འམ་གཞན་ལ་ཞེ་སྡང་མེད་པའོ། །དེ་ཉིད་དཀའ་ཐུབ་དམ་པ་ཡིན་ཏེ། སེམས་ཀྱི་ཞེ་སྡང་སྤྱོང་བའི་ཕྱིར་དང༌། སྙིང་རྗེ་བསྐྱེད་པའི་ཕྱིར་རོ། །བཟོད་པའི་མ…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་བ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྡོང༌། །སྐུར་བ་མི་གདབ་གནོད་མི་བྱ། །སོ་སོར་ཐར་བ་འང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      པར་མཐུན་པ་དག་གིས་ལམ་བསྒོམ་པའི་ཚོགས་བསྟན་པར་ཤེས་པར་བྱའོ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །ཞེས་བྱ་བ་ལ་ལྷག་པའི་སེམས་ཞེས་བྱ་བ་ནི་སེམས་ཡོངས་སུ་སྦྱོང་བར་བྱེད་པ་སྟེ་གང་གིས་འདོད་ཆགས་ཀྱི་སྒྲིབ་པ་དང༌། གཏི་མུག་གི་སྒྲིབ་པ་ལས་སེམས་རྣམ་པར་སྦྱོང་བ་སྟེ། དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་ནོ། །དེ་ལ་ཡང་དག་པའི་ས…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      བརྟག་པར་བྱ་བའོ། །གཞན་རྣམས་ཀྱི་མི་མཐུན་པ་ཞེས་བྱ་བ་ནི་གཞན་རྣམས་ཀྱི་མི་རིགས་པའོ། །གཞན་དག་གིས། བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བ་ནི་གཞན་དག་གིས་རྫོགས་བ་དང་མ་རྫོགས་པ་རྣམས་ལ་བརྟག་པར་མི་བྱའོ། །འདི་སྐད་བསྟན་པ་སྟེ་གཞན་དག་གི་ཡོན་ཏན་དང་སྐྱོན་ལ་རྟོག་པ་ལ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་འབྱུང་བས་དེའི་ཕྱིར་གཞན་ལ་རྟོ…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      འདས་པ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་ཏེ། སྦྱིན་པ་ལ་མགུས་པ་དང་དགྲ་མང་བར་བལྟ་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་པའི་ཕྱིར་བཅོམ་ལྡན་འདས་དེས་མཐར་ཐུག་པའི་ཆོས་བསྟན་པས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོ…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱའོ། །དེ་ལ་སྡིག་པ་ཐམས་ཅད་མི་བྱ་སྟེ། ཞེས་བྱ་བ་འདིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་བྱ་བ་འདིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏེ། ཉོན…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      ཞེས་བྱ་བ་རྣམས་ནི་སངས་རྒྱས་བདུན་གྱི་མཚན་ཏེ་གོ་རིམས་བཞིན་ནོ། །གཽ་ཏ་མ་ལྷ་ཡི་ལྷ། མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །ཅེས་བྱ་བ་དག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གདུང་དང་ཡོན་ཏན་ཏེ། གཽ་ཏམ་ཞེས་བྱ་བ་ནི་གདུང་སྟེ། དྲང་སྲོང་གཽ་ཏ་མའི་རྒྱུད་ཡིན་པའི་ཕྱིར་རོ། །ལྷའི་ལྷ་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་གྲགས་པའི་སྒོ་ནས་ནི་སྙིགས་མ་…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      བཅས་པས་འདུས་མ་བྱས་ཐོབ་པར་བྱ་ཞེ་ན། དེའི་ཕྱིར། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བརྩམ…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      མར་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་རྒྱུན་གཅོད་པར་བྱེད་པར་འགྱུར་བའོ། །ད་ནི་སོ་སོར་ཐར་པའི་མདོ་གདོན་པ་མཇུག་བསྡུ་བའི་ཕྱིར་ཡང་དག་པ་སྡུད་པར་བྱེད་པས། ཕན་ཚུན་ཚུལ་ཁྲིམས་བསྲུངས་པ་དང༌། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །ཞེས་བྱ་བ་སྨྲས་ཏེ། དེ་ལ་ཕན་ཚུན་ཚུལ་ཁྲིམས་བ…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། དྲི་མ་མེད་པའི་བཤེས་གཉེན།
      བ་དང༌། བསྡུ་བ་དང༌། ཕུན་སུམ་ཚོགས་པ་དང༌། རྣམ་གྲངས་དང༌། རྣམ་པར་དག་པ་དང༌། ཕན་ཡོན་དེ་དག་སྦྱོར་བ་དང༌། དངོས་དང༌། མཇུག་གི་སྒོ་ནས་བག་ཡོད་པར་སྲུང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་བྱ་བ་ནི་བག་ཡོད་པར་བསྲུང་བར་བྱ་བའི་དཔེ་སྟེ། ཇི་ལྟར་བསིལ་རུམ་གངས་ཁྲོད་ན་གནས་པའི་གཡག་རྒོད་རྔ་མ་ལ་བག་ཡ…
      DTG154 · མཛད་པ་པོ། དྲི་མ་མེད་པའི་བཤེས་གཉེན།
      སོ་སོར་ཐར་པའི་མདོའི་འགྲེལ་པ།
      ཅེས་གསུངས་པས་ནི་བསྔོ་བའི་རྒྱུད་བསྟན་ཏོ། །སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་པའི་འདུལ་བ་འཛིན་པ་ཆེན་པོ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། སརྦ་ཛྙཱ་དེ་བ་དང༌། …
      DTG173 · ས་འཚོ་སྦྱིན། ཟླ་བ། དགའ་བའི་དབང་པོ། དཔའ་བོ། ཆོས་ལྡན་རབ་འབྱོར་དབྱངས། རྟ་དབྱངས། ཆོས་ལྡན་རབ་འབྱོར་དབྱངས། དབྱིག་གཉེན། ཀླུ་སྒྲུབ། ཙནྡྲགོམིན། དགྲ་ལས་རྒྱལ་གསང་བ། དགོན་པ་བ། བློ་གྲོས་ཆེན་པོ། ཤེས་རབ་འབྱུང་གནས་བློ་གྲོས། སངས་རྒྱས་གསང་བ། དགེ་འདུན་འཕེལ།
      རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་སྤྲིང་ཡིག།
      ནས་འབྲེལ་རབ་སྤང༌། །དེས་ན་གནོད་པ་མང་པོའི་རྩ། །སྐལ་ལན་མི་བགྱིད་གྲགས་མི་བགྱིད། །གང་ཚེ་ཡུད་ཙམ་རྐྱེན་སྟོབས་ཀྱིས། །དབང་བསྒྱུར་དེ་ཚེ་ཅི་བགྱིར་མཆིས། །ས་བདག་ཇི་ལྟར་དགྲར་ལྟ་བ། །དེ་ལྟར་སྔོན་ནས་རྩོང་མི་བགྱི། །མ་ལ་རྐྱེན་དབང་གིས་བསྐུལ་ལགས། །སྒྱུ་འདྲ་གཉིས་ཀ་དངོས་མེད་ཕྱིར། །གང་ཚེ་ནགས་ལ་མེ་ཤོར་ལྟར། །འབར་བར་འགྱུར་ཚེ་…
      DTG173 · ས་འཚོ་སྦྱིན། ཟླ་བ། དགའ་བའི་དབང་པོ། དཔའ་བོ། ཆོས་ལྡན་རབ་འབྱོར་དབྱངས། རྟ་དབྱངས། ཆོས་ལྡན་རབ་འབྱོར་དབྱངས། དབྱིག་གཉེན། ཀླུ་སྒྲུབ། ཙནྡྲགོམིན། དགྲ་ལས་རྒྱལ་གསང་བ། དགོན་པ་བ། བློ་གྲོས་ཆེན་པོ། ཤེས་རབ་འབྱུང་གནས་བློ་གྲོས། སངས་རྒྱས་གསང་བ། དགེ་འདུན་འཕེལ།
      རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་སྤྲིང་ཡིག།
      མཛོད། །ཐོག་མེད་བག་ཆགས་ལས་དབང་གིས། །སེམས་ནི་བུང་བས་རྩི་བཞིན་ནོ། །རིགས་པ་དང་ནི་གདམས་ངག་དང༌། །སྐྱོན་དྲན་པས་ནི་སླར་བཟློག་བགྱི། །དོན་མེད་དོན་ལོག་དོན་དམན་དོན། །འདི་འདྲའི་དོན་དུ་འདོད་ནས་དར། །སྒོ་གསུམ་མི་བཟད་སྡུག་བསྔལ་བགྱིས། །མི་མཆོག་ཀྱང་ནི་རྣམ་དཔྱོད་རིགས། །ཇི་ལྟར་ལུས་ངག་དེ་བཞིན་ཡིད། །རྩེ་དང་འཁྱལ་དང་རྣམ་གཡེ…
      DTG173 · ས་འཚོ་སྦྱིན། ཟླ་བ། དགའ་བའི་དབང་པོ། དཔའ་བོ། ཆོས་ལྡན་རབ་འབྱོར་དབྱངས། རྟ་དབྱངས། ཆོས་ལྡན་རབ་འབྱོར་དབྱངས། དབྱིག་གཉེན། ཀླུ་སྒྲུབ། ཙནྡྲགོམིན། དགྲ་ལས་རྒྱལ་གསང་བ། དགོན་པ་བ། བློ་གྲོས་ཆེན་པོ། ཤེས་རབ་འབྱུང་གནས་བློ་གྲོས། སངས་རྒྱས་གསང་བ། དགེ་འདུན་འཕེལ།
      རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་སྤྲིང་ཡིག།
      མཐའ་ཡས། །ཅུང་ཟད་འདུག་པའི་ལང་མེད་པར། །ཆད་ཀྱིས་འདས་པའི་སྐད་ཅིག་ལ། །དྲན་པ་ཡུད་ཙམ་བྱས་ཏེ་འགྲོ་།བཙུན་མོ་ལྟ་མོ་འདྲ་ན་ཡང༌། །མི་བཟད་རུལ་སུངས་བརྒྱལ་བ་ཉིད། །སྒོ་དགུ་མི་གཙང་རྒྱུན་རྟག་འཛག །བཤེས་གཟུགས་རོ་ལངས་ལགས་སོ་རྗེ། །ལྷ་གཅིག་ཇི་ལྟར་ཁྱོད་འབྱོར་ཀྱང༌། །གཤེགས་ནས་འཇིག་རྟེན་གཞན་བཞུང་ཚེ། །མྱ་ངན་ཐང་ལ་དགྲ་བཅོམ་ལྟར། །…
      DTG173 · ས་འཚོ་སྦྱིན། ཟླ་བ། དགའ་བའི་དབང་པོ། དཔའ་བོ། ཆོས་ལྡན་རབ་འབྱོར་དབྱངས། རྟ་དབྱངས། ཆོས་ལྡན་རབ་འབྱོར་དབྱངས། དབྱིག་གཉེན། ཀླུ་སྒྲུབ། ཙནྡྲགོམིན། དགྲ་ལས་རྒྱལ་གསང་བ། དགོན་པ་བ། བློ་གྲོས་ཆེན་པོ། ཤེས་རབ་འབྱུང་གནས་བློ་གྲོས། སངས་རྒྱས་གསང་བ། དགེ་འདུན་འཕེལ།
      བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ། བློ་གྲོས་ཆེན་པོ།
      ཕན་ཚུན་དེ་འདྲར་འགྱུར། །ཕ་དང་བུ་ཡི་ལུས་སེམས་བཞིན། །དེ་ཟད་ཅིག་ཤོས་ཟད་མིན་པས། །ཐ་དད་ཕྱོགས་ཀྱང་མི་རུང་ངོ༌། །ཡུན་རིང་གནས་སྐབས་འབྲེལ་བ་ཡིས། །རྗེས་སུ་འགྲོ་ལྡོག་ངེས་ན་ནི། །ཤིང་དང་ཡལ་ག་རི་དང་སྡོང༌། །ཐམས་ཅད་ད་ལྟར་ཐལ་བར་འགྱུར། །སེམས་ནི་ཐོགས་མེད་འགགས་མེད་བདག །མཁའ་ལྟར་ཞི་དག་སྟོང་པའི་ཕྱིར། །གང་དུ་ཇི་ལྟར་ཆད་པར་འགྱ…
      DTG177 · མཛད་པ་པོ། ཤཱཀྱའི་བློ།
      ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། ཤཱཀྱའི་བློ།
      ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་སུམ་ཅུ་གཉིས་པ། དེ་བས་ན་ཞེས་བྱ་བ་དེའི་ཕྱིར་དོན་དམ་པའི་རང་བཞིན་ཉིད་དུ་འགའ་ཞིག་ལ་དོན་འགའ་ཞིག་ཏུ་ཡོད་པ་ཉིད་ཀྱིས་དེ་ལ་དེ་ཉིད་དང་གཞན་ཉིད་ལ་བརྟེན་པར་འགྱུར་ཏེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །སྐད་ཅིག་མར་སྨྲ་བ་གང་གི་དངོས་པོ་འཇིག་པའི་ངང་ཚུལ་ཅན་ནི་ཅིར་ཡང་མི་འགྱུར་བ་དངོ…
      DTG177 · མཛད་པ་པོ། ཤཱཀྱའི་བློ།
      ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། ཤཱཀྱའི་བློ།
      པོ་དེ་ལྡོག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགག་པ་དངོས་པོ་ཙམ་རྣམ་པར་གཅོད་པ་ལ་སྒྲུབ་པ་མི་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་འཇིག་པའི་ངང་ཚུལ་ཅན་ལ་དངོས་པོའི་ཆོས་ཅིར་ཡང་མི་འགྱུར་རོ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་དངོས་པོའི་འཇིག་པ་ལ་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་དངོས་པོ་འཇིག་པ་འདིའོ། །གལ་ཏེ་བྱ་བ་ཅུང…
      DTG177 · མཛད་པ་པོ། ཤཱཀྱའི་བློ།
      ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། ཤཱཀྱའི་བློ།
      སྐྱེ་བ་མེད་ན་དེ་ནི་ཕུལ་དུ་བྱུང་བ་སྐྱེ་བ་མེད་པ་ཅན་ཏེ། དེའི་གནས་སྐབས་ཅན་ཇི་ལྟར་དངོས་པོ་སྔ་མའི་གནས་སྐབས་ཅན་དེ་འཇིག་པ་ཞེས་བྱ། གང་ལ་ཕུལ་དུ་བྱུང་བ་སྐྱེ་བ་ཡོད་པར་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཕུལ་དུ་བྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། འཇིག་པ་རྒྱུ་ལས་དངོས་པོ་ཕུལ་དུ་བྱུང་བ་སྐྱེ་བ་ཡིན་པར་ཁ…