Author
About 40% of texts have an author recorded — this list will grow as more are attributed.
7880 results
— page 87 of 394
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ཕྱིར་དྲི་མ་མེད་པའི་འོད་ལས། གཞན་ཡང་གང་ཅུང་ཟད་སེམས་ཅན་རྣམས་ཀྱིས་བྱ་བར་འདོད་པ་དེ་ཐམས་ཅད་ནི་འདིར་རྣལ་འབྱོར་མ་རྣམས་ཀྱི་བྱ་བ་ཁམས་ཀྱི་དབང་གིས་སོ་ཞེས་གསུངས་སོ། །དེ་བས་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་དྲུག་གི་ས་བོན་དགོད་པར་བྱ་བར་བཤད་དེ། འོན་ཀྱང་ཕུར་བུས་འདེབས་པར་འདོད་མའི་ས་བོན་སཿ་ཞེས་པ་ནི་ཤར་སྒོའི་གཡོ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
དང་སྙིང་རྗེ་རོ་གཅིག་པ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གང་གི་ཚེ་དུས་ཀྱི་འཁོར་ལོ་རྣམ་པར་ཤེས་པའི་ཕུང་པོ་ཡིན་པ་དེའི་ཚེ་སྣ་ཚོགས་ཡུམ་ནི་ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རག་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འཁྱུད་པར་གྱུར་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་སྣ་ཚོགས་ཡུམ་ཞེས་པ་དང༌། …
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
རམ། ཡིད་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བྱས་པར་ཇི་ལྟར་བཤད་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་རབ་ཏུ་གནས་པ་བཞིན་དུ་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་ཡང་བྱའོ། །དེ་ལ་དཀྱིལ་འཁོར་གཞན་དུ་ཡང་སྔར་བཤད་པའི་ཆོ་གས་དང་པོར་བུམ་པ་ལྷག་པར་གནས་པ་དང་དགོད་པ་བྱས་ནས་སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྗེས་ལ་ས་བོན་ལ་སོགས་པ་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
རྙེད་པས་བརྒྱན་པའི་སློབ་དཔོན་རྡོ་རྗེ་སེམས་དཔའི་སྐུ་རིག་མ་དང་བཅས་པས། སྟེགས་བུའི་དབུས་སུ་སྒོ་ནུབ་ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་པ་ཅིག་གིས་བསྐོར་བའི་སྣ་ཚོགས་ཆུ་སྐྱེས་རྡུལ་ཚོན་ནམ། འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲི་བར་བྱ་སྟེ། ཡང་ན་རིམ་པ་གཉིས་པ་གྲུ་བཞི་པ་རྟ་བབས་མེད་པའོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་འཁོར་ལོ་དང་རི…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ཕོར་དཀར་པོ་རྣམས་དང༌། དེ་བཞིན་དུ་དཱུར་བའི་མྱུ་གུ་དང་བཅས་པའི་པའི་བ་ལྕིའི་ཆད་བུ་རྣམས་དང༌། དེ་བཞིན་དུ་མར་མེ་དང་བཅས་པའི་ཟན་གྱི་ཆད་བུ་རྣམས་དང༌། དེ་བཞིན་དུ་སེར་རས་རྣམས་ཀྱིས་ཀྱང་སྟེ་འོན་ཀྱང་ཁམ་ཕོར་ལ་སོགས་མེར་དོར་བ་ནི་མ་ཡིན་ནོ། །དེ་ལ་ལ་ལ་དག་གིས་སྐུ་གཟུགས་ལ་སོགས་པ་ལ་ཉེ་རེག་བྱ་ཞིང་འཁོར་ལོའི་དབང་ཕྱུག་གི་སྔགས་ཀྱ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱི་བུམ་པས་འཁྲུད་བཞིན་པ་དང་བཀྲ་ཤིས་ཀྱི་གླུ་དང་སྣ་ཚོགས་པའི་རོལ་མོ་སྔོན་དུ་འགྲོ་བས་རྣམ་པར་རྒྱལ་བ་ལ་སོགས་པ་བུམ་པའི་ཆུ་དང༌། དུང་ཆོས་སམ་གཞན་དུ་བླུགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་བརྗོད་ཅིང་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལ་གོས་པའི་ཆུ་ན་བཟའ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
པུ་ན་རཱ་ག་མ་ནཱ་ཡ་མུཿ་ཞེས་པས་གཤེགས་སུ་གསོལ་བར་བྱའོ། །ཁྲུས་བྱས་པའི་སྐུ་གཟུངས་ལ་སོགས་པའི་ཐུགས་ཀ་དང་སྤྱི་བོ་དང་མགྲིན་པ་དང་ཕྱག་དང་སྤྱི་གཙུག་རྣམས་སུ་ཡང་དག་པར་བྱུགས་ནས་མཆོད་ལ་འཁྱིལ་པའི་སྔགས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ལན་གསུམ་རེག་ཅིང་ཇི་ལྟར་རིགས་པར་རང་ཉིད་ཀྱི་སྔགས་སམ་འཁྱིལ་པའི་སྔགས་བཟླ་བར་བྱ་སྟེ། ཕ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
རྣམས་སྣང་བ་མཐའ་ཡས་ཀྱི་གཟུགས་བརྙན་ཤར་བའི་དམ་ཚིག་སེམས་དཔར་གནས་པའོ་ཞེས་བསམ་བར་བྱའོ། །མར་མེ་མཛད་དང་གཙུག་ལག་ཁང་ལ་སོགས་པ་རྣམས་ནི་སྟོང་པ་ཉིད་ཀྱི་རྗེས་སུ་པདྨ་དང་ཟླ་བ་ལ་བྷཱུཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དང༌། བྷཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་སྤྱན་མས་འཁྱུད་པ་ལས་མར་མེ་མཛད་ཀྱི་རྣམ་པའམ་གཙུག་ལག་ཁང་གི་ག…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ལ་སོགས་པ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པར་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱང་ཤེས་རབ་དང་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོས་ཞུ་བར་གྱུར་ནས། རང་གི་རྣམ་པར་སྣང་མཛད་ཀྱི…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
རྒྱན། ཨོཾ་ཨཱཿ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབང་པོའི་གཟུགས་ཅན་རྡོ་རྗེ་འཛིན་པ་བླ་མ་ཉིད་ཀྱིས་བསྐོན་པར་མཛོད་ཅེས་བརྟན་པར་མོས་པར་སྐུ་གཟུགས་ལ་སོགས་པའི་ལྷའི་དབུ་ལ་བསྐོན་པར་བྱའོ་ཞེས་པ་ཅོད་པན་གྱི་དབང་ངོ༌། །དཔའ་བོ་ལ་ནི་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨཱཿ་ཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱད་བཅིང་བར་བྱའོ། །…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ལ་སོགས་པ་དང་རྗེས་སུ་མཐུན་ཞིང་སྦྱིན་པའི་བདག་པོ་བསོད་ནམས་སྤེལ་བར་མངོན་པར་འདོད་པ་དང་བསྟུན་ནས། གསེར་གྱི་ཐུར་མས་དངུལ་གྱི་ཀོང་བུར་གཞག་པའི་མར་དང་སྦྲང་རྩི་བསྐུས་པས། ཨོཾ་ཙཀྵུཿ་ཙཀྵུཿ་ས་མནྟ་ཙཀྵུཿ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་མིག་སྨན་གྱིས་སྐུ་གཟུགས་ཀྱི་སྤྱན་དབྱེ་བར་བྱའོ། །གླེགས་བམ་ལ་སོགས་པ་ལ་ནི་ལྷ་རྣམས་མེ་ལོང་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ཏོག་ལ་སོགས་པ་དང་དངོས་པོ་སྣ་ཚོགས་པ་གསང་བའི་སྔགས་སོ། །ཨོཾ་བཛྲཾ་སྭཱ་ཧཱ་འབྲས་བུ་དབུལ་བའི་སྔགས་སོ། །དེའི་རྗེས་སུ་འཆད་པར་འགྱུར་བའི་ཆོ་གས་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱས་ནས་སྦྱིན་སྲེག་གི་ཐབ་ཀྱི་མེ་འམ། དེ་མེད་ན་ཡང་མེ་གཞན་ལ་ཡང་ཙཱ་རུའི་བཟའ་བ་བསྒྲུབ་པར་བྱའོ། །ཕྱི་ནས་འོ་ཐུག་དང་དམ་ཚིག་གི་རྫས་དང་གི་ཝང་ཡང་དབུལ་ཏེ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་ར…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
གཙོ་བོ་ལ་ནི་སྐུ་གཟུགས་ཐམས་ཅད་དང་རིགས་མི་ཤེས་པ་རྣམས་ཀྱང་རབ་ཏུ་གནས་པར་བྱའོ། །ཡང་ན་ལྷ་གང་གི་རིགས་གང་ཡིན་པ་ཤེས་ན་ནི། རིགས་དེའི་དེ་བཞིན་གཤེགས་པ་གཙོ་བོའི་དཀྱིལ་འཁོར་དུའོ། །འགའ་ཞིག་ཏུ་ནི་སྐུ་གང་རབ་ཏུ་གནས་བྱ་བར། །རྒྱུད་གང་ལས་ནི་རྣམ་གཞག་པ། །དེར་ནི་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། །སློབ་དཔོན་རང་གི…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
བྲིས་ནས་དེ་ཁྲུས་བྱས་པའི་གདུང་ལ་དཀྲིས་ཏེ། ཨོཾ་མནྟྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་སྟོང་པར་གཞུག་གོ །ཨོཾ་བཛྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེའི་དགག་པས་སྟོང་པའི་སྒོ་བཀག་ནས་སྔ་མ་བཞིན་དུ་རབ་ཏུ་གནས་པར་བྱའོ། །གཞན་དག་ཏུ་ནི་ཀྱེའི་རྡོ་རྗེ་དང་བདེ་མཆོག་ལ་སོགས་པའི་སྐུ་གཟུགས་ལ་ཡང་འདུས་པའི་དམ་ཚིག་བསྐྱ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
མ་རྡོ་རྗེ་སེམས་དཔའི་རང་བཞིན་དང༌། ཕྱོགས་དང་ཕྱོགས་བྲལ་གྱི་སྐུད་པ་རྣམས་ཕྱག་ན་པདྨ་དང་བྱམས་པ་དང་ནམ་མཁའི་མཛོད་དང་ཀུན་དུ་བཟང་པོ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་སའི་སྙིང་པོ་རྣམས་ཀྱི་རང་བཞིན་དང༌། ཕྲེང་རྡོག་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་དང༌། མདོ་འཛིན་ནི…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
སྟེར། །རུ་ཏྲཱཀྵ་དང་དེ་བཞིན་དུ། །ལུང་ཏང་ས་བོན་མི་རུས་ཏེ། །འདི་ཡི་བཟླས་པས་དྲག་པོ་དང༌། །མངོན་སྤྱོད་ལ་ནི་འབྲས་རབ་སྟེར། །ཞི་བ་ལ་ནི་བརྒྱ་ཕྲག་གཅིག །རྒྱས་ལ་དེ་བཞིན་ལྷག་པ་བརྒྱད། །དབང་ལ་ཉི་ཤུ་རྩ་ལྔ་སྟེ། །སྔགས་བསྒྲུབ་པ་ལ་བརྒྱ་ཕྲག་ཕྱད། །རིལ་བུ་དྲུག་ཅུའི་སྦྱོར་བ་ཡི། །དྲག་པོ་མངོན་སྤྱོད་ལས་ལའོ། །སྔགས་ཀྱི་ནུས་པས་འགྲ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
དང་ཁང་ཆེན་ལ། །ལེགས་པར་འཇུག་སྟེ་རྒྱལ་ལ་ཡང་ནི་དེ་བཞིན་ཉིད། །རྒྱལ་མཚན་ཇི་སྙེད་བུམ་པ་དང་ནི་མཚུངས་པ་སྟེ། །ཐུབ་པའི་དབང་པོའི་ཡེ་ཤེས་བདུད་རྩིས་གང་བ་ཉིད། །བདུད་རྩིའི་འོད་ཅན་དམ་པའི་དཀྱིལ་འཁོར་རང་བཞིན་གྱིས། །ལེགས་པར་བཀྲུས་ནས་གཙུག་ལག་ཁང་གི་ལུས་སུའོ། །དེ་བསླང་བ་ནི་བྷྲཱུཾ་ལས་བྱུང་བའི་མཆོད་རྟེན་གཟུགས། །རྣམ་པར་བསམས་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
དྷཉྫ་བྷཉྫ། བིདྷཱནྶ་ཡ། བིདྷྭནྶ་ཡ། སརྦ་ཤ་ཏྲཱུཾ་ཏྲུ་ཊ་ཏྲུ་ཊ། ཏྲཱུ་ཊ་ཏྲཱུ་ཊ། ཨུ་པ་ཀ་མུ་ཁི། ཨུལྐ་དྷཱ་རི་ཎཱི། ཏྲཻ་ལོ་ཀྱ་མ་ཐ་ནི། རཀྵ་རཀྵ་མཾ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། བྷཉྫ་བྷཉྫ། ཨ་ཊ་ཌ་ཧཱ་སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། ཏྲཱ་ཤ་ཡ་བུ་དྡྷཱ་ས་ཏྱ་ན་དྷརྨ་ས་ཏྱ་ན་སཾ་གྷ་ས་ཏྱ་ན། ས་ཏྱ་བཱ་དི་ནཾ། ས་ཏ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
རྡོ་རྗེ་ཨ་བ་དྷུ་ཏཱི་བརྟན་པའི་ཡུ་བར་གནས། སུམ་ཅུ་རྩ་གཉིས་འདབ་མ་ངེས་པར་འཆིང་བྱེད་པ། །ཧཾ་ཡིག་ལས་སྐྱེས་པདྨ་རྣམ་པར་དག་པའི་གདུགས། །ཀུན་ནས་མཛེས་པ་འབར་བའི་མཐའ་དང་ལྡན་པ་ཉིད། །དཔལ་ལྡན་ཆོས་ཀྱི་དབྱིངས་ཀྱིས་མཚན་ཞིང་མཛེས་པའི་གཟུགས། །རིན་ཆེན་དྲ་བ་ཕྱེད་པའི་ཕྲེང་བ་སྐྱེས་པས་མཛེས། །སེམས་ཀྱི་མཐོན་པོ་འཕྲོག་པར་བྱེད་པའི་རྒྱ…