Author
About 40% of texts have an author recorded — this list will grow as more are attributed.
7880 results
— page 93 of 394
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
འཛིན་པ་རྣམས་དག་པར་བྱེད་ཅིང་སྡིག་པ་སེལ་བར་བྱེད་པ་སྟེ་གང་སུ་དག་ཚེ་རིང་པར་འདོད་པ་རྣམས་ཀྱིས་འཆད་པར་འགྱུར་བའི་རིམ་པས་དེ་ཉིད་བཀླག་པར་བྱའོ། །རྣམ་པར་རྒྱས་པའི་ས་ཕྱོགས་འགའ་ཞིག་ཏུ་འཇིམ་པ་དང་བ་བྱུང་རྣམས་ཀྱིས་ཉེ་བར་བྱུགས་ཏེ་དྲི་བཟང་པོའི་ཆུས་མངོན་བར་གཏོར་ལ། རྣམ་པར་བཀྲ་བའི་བླ་རེ་བྲེས་ནས་རྔུལ་ཚོན་དཀར་པོས་འཁོར་ལོ་རྩ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་རྣམས་སོ། །དེ་བཞིན་གཤེགས་པ་འདི་དག་གིས་གདན་གྱི་མཎྜལ་བྱས་ནས་དུས་ཇི་ལྟ་བར་མེ་ཏོག་གི་ཚོམ་བུ་དགོད་པར་བྱའོ། །འདིའི་སྟེང་དུ་མན་ཇི་ལྟའི་ཁར་ཆུའི་སྣོད་དུ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་གཞག་ཅིང། གསེར་གྱི་བྱང་བུལ་སྔགས་དང་སྤེལ་བའི་བསྒྲུབ་བྱའི་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ལས་ཀྱི་རྡོ་རྗེ་རྣམས་ཀྱིས་དྲི་བཟང་པོའི་ཆུས་ཁྲུས་བྱས་ཏེ། དཀར་པོའི་རང་བཞིན་གྱི་གོས་དང་རྒྱན་གྱིས་བརྒྱན་ཏེ་སྔོམ་བ་དང་ལྡན་པས་ཤར་དུ་མངོན་པར་ཕྱོགས་ཏེ་བཀླག་བར་བྱའོ། །དེ་ལྟར་བྱས་ན་ཞག་བདུན་གྱི་ཚེ་ནི་ལོ་བདུན་གྱི་ཚེར་འགྱུར་ལ། ལོ་བདུན་གྱི་ཚེ་ནི་ལོ་བདུན་ཅུར་འཚོ་བར་འགྱུར་ལ་དུས་མ་ཡིན་པར་འཆི་བའང་མི་འབྱུང་བར་འགྱུར་རོ།…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
བྱེད་པ་པོ་ནི་ལྷ་ཡི་ས་གཞིར་ངེས་པ་ཉིད་དུ་རྒྱལ་སྲིད་དང༌། །གཟུགས་དང་གཟུགས་མེད་ཏིང་ངེ་འཛིན་གྱི་ཕུན་སུམ་ཚོགས་པ་མཐའ་དག་སྤྱད་པར་གྱུར་ནས་ཀྱང༌། །བདེ་བ་ཀུན་རྫོགས་མཐར་ནི་སྐྱེ་རྒར་ལྷུང་བ་བྲལ་ནས་སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །དེའི་ཕྱིར་གཟུགས་ཀྱི་སྐུའི་མཚན་ཉིད་བཤད་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
བ་རྣམས་ཀྱི་ཚད་ནི་སངས་རྒྱས་ཀྱི་སྐུ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ངོ་ཞེས་པའི་གསུང་ལས་སོ། །དེ་ལ་སྣུམ་པ་ནི་པགས་པ་སྣུམ་པའོ། །རོལ་པ་ནི་ཡིད་འཕྲོག་པའོ། །སྒེག་པ་ནི་གསུམ་དུ་འཁྱོག་པ་ཉིད་ལ་སོགས་པའི་ཡོན་ཏན་གྱིས་སོ། །བདུན་མཐོ་བ་ཞེས་པ་ལ་བདུན་ནི་ལུས་ཀྱི་ཆ་ཤས་ཡིན་ཞིང་མཐོ་བ་ནི་ངེས་པར་མཐོ་བ་དང་ཤིན་ཏུ་མཐོ་བ་ཞེས་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ཅུང་ཟད་ལེབ་ཅིང་ངོས་སུ་སོན་པའོ། །སོར་ཕྱེད་པར་མཉམ་ཞིང་ཟླུམ་པ་ནི་ཤངས་ཀྱི་བུག་པའོ། །དེའི་ཤངས་ཀྱི་ཀ་པ་དང་ཤངས་ཀྱི་རྩེ་མོའི་འཁྱོག་བ་རྒྱ་ལ་སོར་ཕྱེད་དོ། །སྤྱན་གྱི་སྦུབས་ལ་སོར་བཞིའོ། །དེའི་དབུས་ལ་སོར་གཅིག་གི་རྒྱའོ། །སྨིན་མའི་འོག་ནས་བརྩམས་ཏེ། འོག་གི་མཐར་ཐུག་པ་ལ་སོར་གསུམ་མོ། །སྤྱན་དག་གི་བར་དུ་ཤངས་ཀྱི་རྩ་བ་སོར་ག…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
རྣམ་པ་སྟེ་ནས་གཉིས་སོ། །སྙན་ཤལ་དག་ནི་སོར་བཞིར་རིང་བ་སྟེ་སྦོམས་སུ་ནི་ཇི་ལྟར་མཛེས་པའོ། །སྔར་གྱི་གཙུག་ཏོར་ལ་སོགས་པ་ནས་མགྲིན་པའི་མཐར་ཐུག་པ་ལ་ནི་ནས་བཞི་ལྷག་པའི་སོར་ཉི་ཤུར་བཤད་དོ། །ད་ནི་མགྲིན་པ་ལ་སོགས་པ་ནས་ལོང་བུའི་འོག་གི་མཐར་ཐུག་པའི་ཆ་དབྱེ་བར་བྱ་སྟེ་མགྲིན་པ་ལ་ནི་སོར་བཞིའོ། །མགྲིན་པ་ནས་ཐུགས་ཀ་ལ་སོར་ཕྱེད་དང…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ནས་སོར་མོ་གུང་མོའི་རྩེ་མོའི་མཐར་ཐུག་པ་ལ་ནི་སོར་བཅུ་གཉིས་ཏེ་ཕྱག་ལག་གོ །དེ་ལྟར་སོར་ལྔ་བཅུའོ། །དཔུང་པའི་དབུས་ནས་བསྐོར་བ་ལ་སོར་ཉི་ཤུ་སྟེ། ཉེ་བའི་དཔུང་པའི་དབུས་ནས་བསྐོར་བ་ལ་སོར་བཅུ་དྲུག་གོ །ནོར་བུ་འཆིང་བའི་མཐའ་སྐོར་ལ་ནི་སོར་བཅུ་གཉིས་ཏེ། ནོར་བུ་འཆིང་བ་ནས་ཕྱག་གི་མཐིལ་ལ་སོར་བདུན་ནོ། །སོར་མོ་གུང་མོ་ལ་ཆ་ཆུང་ལ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
སོར་བཞི་སྟེ་འོག་དང་སྟེང་ལ་སོར་དྲུག་གོ །ཞེང་གི་རྒྱ་ཡོངས་སུ་བསྐོར་བ་ལ་ནི་སོར་བཅོ་བརྒྱད་དེ་ལོང་བུ་ལས་ཕ་རོལ་མཐེ་བོང་གི་སེན་མོའི་ཇི་སྲིད་པ་ལའོ། །ཞབས་དག་ལ་ནི་སོར་བཅུ་གཉིས་ཏེ་ཞེང་ལ་སོར་དྲུག་གོ །སྟེང་དང་འོག་ཏུ་སོར་གཉིས་ཏེ་ཞབས་དག་གི་ངོས་ཀྱི་ཞེང་ལའོ། །ཞབས་ཀྱི་སོར་མོ་ལྔ་ནི་ཚིགས་གཉིས་གཉིས་པའོ། །དེ་རྣམས་ཀྱི་རྩེ་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
པའི་ཟླུམ་ལས་བཅུའི་ཆ་སྤངས་ནས་རྩེད་པའི་གནས་མཛེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད་ལས་བྲང་གི་བཅུའི་ཆ་དང་གསང་བའི་ཆ་ཡིས་ཀྱང་དཔའ་བོ་རྣམས་ཀྱི་ནུ་མ་ཟུང་དག་གོ །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་དེ་དག་གི་མཐོ་གཉིས་ཀྱིས་ནུ་མ་དག་སྟེ་མཁྲེགས་པའོ། །བཅོམ་ལྡན་འདས་དཔལ་བདེ་མཆོག་གི་ནི་སྔར་བྱས་པའི་མཚན་ཉིད་ཅན་གྱི་ཞལ་གྱི་གནས་ལས…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
སྙིང་རྗེ་དང་ཞི་བའི་ཉམས་དང་ལྡན་པའོ། །རྡོ་རྗེ་འཛིན་པ་རྣམས་ཀྱི་ཞལ་དང་སྐུ་ཐམས་ཅད་ནི་ཉམས་དགུའི་ཉམས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནི་སྒེག་པའི་ཉམས་ལྷག་པའོ་ཞེས་པ་རབ་ཏུ་བརྐྱང་སྟེ་བརྗོད་པའོ། །དེ་རྣམས་ཀྱི་སྐུའི་མཚན་དང་དཔེ་བྱད་རྣམས་དང་རྗེས་སུ་དཔེ་བྱད་རྣམས་བརྗོད་པར་བྱའོ། །འདི་ལྟ་སྟེ། ཕྱག་དང་ཞབས…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
སེན་མོ་མཐོ་བ་ཉིད་དང༌། སོར་མོ་རྣམས་ཟླུམ་པ་ཉིད་དང༌། སོར་མོ་རྣམས་རྒྱས་པ་ཉིད་དང༌། སོར་མོ་རྣམས་བྱིང་ཡི་ཕྲ་བ་ཉིད་དང༌། རྩ་ཤིན་ཏུ་མི་མངོན་པར་གནས་པ་ཉིད་དང༌། རྩ་མདུང་མེད་པ་ཉིད་དང༌། ལོང་བུ་མི་མངོན་པ་ཉིད་དང༌། ཞབས་མི་མཉམ་པ་མེད་པ་ཉིད་དང༌། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང༌། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང༌། རང་བ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
བ་རྣམས་བྱིན་གྱིས་ཕྲ་བ་དང༌། ཤངས་མཐོ་བ་ཉིད་དང༌། ཤངས་གཙང་བ་ཉིད་དང༌། སྤྱན་ཡངས་པ་ཉིད་དང༌། རྫི་མ་སྟུག་པ་ཉིད་དང༌། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཉིད་དང༌། ཕྱག་རིང་ཞིང་རྒྱས་པ་ཉིད་དང༌། སྨིན་ཚུགས་རིང་བ་ཉིད་དང༌། སྨིན་མ་འཇམ་པ་ཉིད་དང༌། སྨིན་མ་སྣུམ་པ་ཉིད་དང༌། སྨིན་མའི་སྤུ་མཉམ་པ་ཉིད་དང༌། ཕྱག་རིང་ཞིང་རྒྱས་པ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
གཞུ་དང་མངའོ། །འདི་ནས་སྐུ་གཟུགས་ཀྱི་མཚན་ཉིད་ཀྱི་མཐའ་དང་ཁམས་ཀྱི་ཡོན་ཏན་ཞེས་པའི་ས་བཏང་གཅིག་གི་ཁོངས་དང་སེལ་བྱང་པའི་སྟོད་ཅུང་ཟད་ཅིག་རྣམས་ཀྱི་ཕྱི་ནོ་ལས་ཆད་བ་འདྲའོ། །སེལ་གྱི་གཟུགས་རྣམས་རྣམ་པ་མང་པོ་འདྲེས་པ་མཐོང་ན་ཆུ་ལ་ངེ་པར་དར་བར་བྱ། །སྙིང་པོར་ཡོད་ཅིང་གནས་པར་འགྱུར་ན་རིགས་འཆད་དངོས་གྲུབ་མེད་ཅིང་ནད་རྣམས་སྐྱེ་བ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ཉིད་དང་ལྡན་པ་བྱ་སྟེ་ཆོ་ག་རིམ་པ་རྣམས་ཀྱིས་སོ་ཞེས་པ་མཆོད་རྟེན་གྱི་མཚན་ཉིད་ཀྱི་ཆོ་གའོ། །ད་ནི་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །མཐོ་གང་གི་དཔངས་དང་ཞེང་ལ་ཆ་ཆུང་གཉིས་པའི་ས་སྟེ་དེའི་དཔངས་ནི་སུམ་འགྱུར་རོ། །སྔ་མ་དང་ཕྱི་མའི་ཆ་དག་གིས་ཟུར་བཞི་པོ་རྣམས་སུ་ཕྱེད་དང་བཅས་པའི་རེའུ་མིག…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
སྔར་དང་འདྲ་བ་སྟེ། དབུས་ཀྱི་ཆ་ཕྱེད་ཀྱིས་ཟླ་བའོ། །ཆ་ཕྱེད་ཀྱིས་གེ་སར་རོ། །ཆག་ཅིག་གིས་པདྨའོ། །ཆ་བཞི་ལས་ཤེས་རབ་ཀྱི་ཞལ་ལོ། །ཆ་བཞི་པ་བུམ་པའོ། །ཆ་གཉིས་ཀྱིས་བུམ་པའི་གདན་ནོ། །ཆ་གཞན་དག་གི་ཟུར་དག་ལས་ཆ་བཞི་སྤངས་ནས་འདབ་མ་བརྒྱད་པའི་པདྨ་སྟེ་ལྟེ་བ་དང་གེ་སར་དང་ལྡན་པའོ། །ལྟེ་བའི་སྟེང་གདན་གྱི་འོག་ཏུ་རི་མོ་གསུམ་པ་མགྲིན་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
སེལ་བ་དང་ཀུན་དུ་བཟང་པོ་དང་ཆ་བརྒྱད་པ་ལ་རྡོ་རྗེ་སེམས་དཔའོ། །པདྨ་གཞན་གྱི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་འཕྲོ་བ་མ་དང་རྡོ་རྗེ་འབེབས་པ་མ་རྣམས་ཏེ། མེ་ལ་སོགས་པ་རྣམས་སུ་སྐུལ་བྱེད་མ་དང་རིན་ཆེན་སྐར་མདའ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་གཞན་གྱིས་མི་ཐུབ་མ་རྣམས་སོ། །ཕྱོགས་ག…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
ཨུཙྪ་ཌ་དྷ་རཾ་ཏུ་ཧཱུཾ་ཧཱུཾ་ཧཱུཾ་ཧོཿ་ཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་པའི་དཀུར་གནས་པ་འམ་གསོར་ཞིང༌། ཨོཾ་བཛྲ་དྷ་རྨ་ར་ཎི་ཏ་པྲ་ར་ཎི་ཏ། སམྤྲ་ར་ཎྀ་ཏ་སརྦ་བུདྡྡྷ་ཀྵེ་ཏྲ་པྲ་ཙྪ་ལི་ཏེ། པྲཛྙ་བཱ་ར་མི་ཏ་ནཱ་ད་སམྦྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོཿ་སྭཱ་ཧཱ། ཞེས་བརྗོད་ལ་དཔུང་པའི་དབ…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
པ་སྟེ་རྩེ་མོའི་རྣམ་པའོ། །ཆ་བརྒྱད་ཀྱི་ཟུར་ནས་ཆ་དགུའི་ཟུར་ཇི་སྲིད་པར་འཁྱོག་པ་ནི་གྲི་གུག་སྟེ་ཆང་གཟུགས་ཀྱི་སྟེང་དུ་རྡོ་རྗེ་ཕྱེད་པས་བརྒྱན་པའོ། །ཐོད་པ་ནི། གསེར་གྱི་སྒོ་དང་ཡང་དག་ལྡན། །རྣམ་པར་ཤེས་བྱ་མི་ཡི་མགོ །བྲམ་ཟེ་ལ་སོགས་ལས་བྱས་པ། །རེ་རེའི་ཐོད་པ་འཕེལ་བའོ། །ཁ་དོག་དམན་གྱུར་ཐོད་པ་དང༌། །རྣ་བའི་སྟེང་དུ་བུག་པ་…
DTG076
· མཛད་པ་པོ་སྣ་ཚོགས།
རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
པས་དབུས་ནས་བཟུང་བ། སོར་བཞི་བཞི་ངོས་སུ་གྱེས་པ། །ཀླུའི་གདེངས་ཀའི་རྣམ་པས་མཛེས་པ་དེ་དག་གི་དབུས་སུ་ཀོ་སྐོ་ལྟ་བུ་སོར་གང་དུ་རྣམ་པ་རྒྱས་པ། དཔངས་ཀྱི་མཐར་སོར་བཞི་བའི་ཡུ་བ་མཛེས་པ་དང་ལྡན་པ། ལས་དང་རྗེས་སུ་མཐུན་པར་སོར་བརྒྱད་པའི་ཚད་ལ་སོར་གཅིག་པའི་འདབ་མ་ཅན་གྲུ་བཞི་དང་གདུགས་དང་ཟླ་བ་ཕྱེད་པའི་རྣམ་པ་ཅན་གྱི་སྒོ་སྐྱོང་བྱ…