Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 484 of 500
      CMR016 · ཀརྨ་ཆགས་མེད།
      ཀུ་བེ་རའི་གསོལ་མཆོད།
      མཛོད། །རྟ་ནད་ཐམས་ཅད་ཞི་གྱུར་ཅིག །རྔོག་ཆགས་གོད་ཁ་བཟློག་པ་དང་། །རྟ་ནོར་མ་ལུས་བསྲུང་དུ་གསོལ། །ལོག་འདྲེན་དགྲ་བགེགས་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀྲོ་དྷ་རེ་མན་ཏི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་ཨཱརྱ་རེ་མན་ཏ་སྭཱ་ཧཱ། ཨོཾ་ཨ་ཀུ་བེ་ར་ཡེ་སྭཱ་ཧཱ༔ གྷོ་ར་སིདྡྷི་ཕ་ལ་ཧཱུྃ༔ རྩ་སྔགས་མཐར། གྷོ་ར་རཀྵ་རཀྟ།…
      CMR016 · ཀརྨ་ཆགས་མེད།
      རྟ་གླུད་རྒྱས་པ་བཅའ་ཐབས།
      རྟ་གླུད་རྒྱས་པ་བཅའ་ཐབས་ནི། དབུས་སུ་སྐྱ་མི་ནག་པོ་རྟ་མགོན་ཅན། རྟ་བདུད་གཙོ་བོ། ཁྲམ་ཤིང་གཅིག་ཕྲག་གོང་དུ་བཙུགས། དེ་ཡི་རྒྱབ་ཏུ་རྟ་གཤེད་སྐྱ་མི་རྟ་མགོ་ཅན་བདུན་ནི། དཀར་པོ་གཅིག །སེར་པོ་གཅིག །དམར་སེར་གཅིག །སྔོན་པོ་གཅིག དམར་པོ་གཉིས། ནག་པོ་གཅིག་གོ །དེ་རྒྱབ་རྟིལ་སྲི་གསུམ་ནི། རྐང་ཐང་རྟ་མགོ་ཅན་ནག་པོ། དཀར་པོ། དམར་པོ…
      CMR016 · ཀརྨ་ཆགས་མེད།
      རྟ་གླུད་རྒྱས་པ་བཅའ་ཐབས།
      ཐག་བསྲིང་ལ་ཕུལ་རྒྱུ་བསྐུར་ཏེ། དེ་ཚེ་མཇུག་གི་སྔགས་དེ་འདོན་ཅིང་རོལ་མོ་བྱ། ཞེས་གནམ་ཆོས་ལག་ལེན་རཱ་ག་ཨ་སྱས་བྲིས། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
      CMR016 · ཀརྨ་ཆགས་མེད།
      རྟ་གཏོ་བསྡུས་པ།
      རྟ་གཏོ་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ༔ རང་ལ་ཉེར་མཁོ་བྱུང་དུས་རཱ་ག་ཨ་སྱས་སྦྱར་བའོ༔
      CMR016 · ཀརྨ་ཆགས་མེད།
      རྟ་གཏོ་བསྡུས་པ།
      ན་མོ་ཨཱརྱ་རེ་མནྟ་ཡེ༔ རྟ་གཟུགས་ཟན་ནམ་རྩ་ལ་རྟ་གཟུགས་བྱས༔ གླུད་དང་ཆངས་བུ་ཏིང་ལོ་རྟ་གླུད་བྲན༔ རང་ཉིད་ལྷར་གསལ་འདི་སྐད་བརྗོད༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སྦྱང་། བྷཾ་ལས་རིན་ཆེན་སྣོད་དུ་ཏི་ཡིག་ལས༔ རྟ་གླུད་རྟ་མཆོག་རིན་ཆེན་དཔག་མེད་དང་༔ གཡུ་དྲེལ་རླུང་གི་བོང་བུ་ག་པ་སོགས༔ རླུང་གཤོག་རྫུ་འཕྲུལ་རྐང་པ་མྱུར་མགྱ…
      CMR016 · ཀརྨ་ཆགས་མེད།
      རྟ་གཏོ་བསྡུས་པ།
      རྩི་ཞལ་ཟས་མཆོག༔ རང་རང་ཡིད་མཐུན་ཟད་མེད་ལོངས་སྤྱོད་གྱུར༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཾ་ཨ་སོགས། ལན་གསུམ་གྱིས་བྱིན་བརླབས། ཧཱུྃ༔ ཕྱོགས་མཚམས་སྟེང་འོག་ཀུན་ན་གནས་པ་ཡི༔ རྟ་དྲེལ་རྔོག་ཆགས་རྣམས་ལ་གནོད་བྱེད་པའི༔ བགེགས་དང་ལོག་འདྲེན་བཙན་སྲི་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་ལེན་ཕྱིར་འདིར་འདུས་ཤིག༔ གང་དག་མྱུར་དུ་འ…
      CMR016 · ཀརྨ་ཆགས་མེད།
      རྟ་གཏོ་བསྡུས་པ།
      ཆེན་མང་དང་གཟུགས་མཛེས་དང་༔ འཇམ་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ༔ རྟ་གླེད་འདོད་ཡོན་ཟད་མེད་ལོངས་སྤྱོད་འདི༔ གནོད་བྱེད་གདོན་བགེགས་ལོག་འདྲེན་ཀུན་ལ་སྦྱིན༔ རྡོ་རྗེ་མཆུ་ཅན་སྤྲིན་གྱི་སྒྲོན་མེ་དང་༔ ཁམས་གསུམ་བདག་པོ་བྷི་ན་ཡ་ཀ་དང་༔ གདོན་ཆེན་བཅོ་བརྒྱད་སྟོང་ཕྲག་བརྒྱད་ཅུའི་བགེགས༔ ཐམས་ཅད་མཆོད་སྦྱིན་གླད་འདིས་ཚིམས་པར་མཛོ…
      CMR016 · ཀརྨ་ཆགས་མེད།
      རྟ་གཏོ་བསྡུས་པ།
      ལན་ཆགས་བུ་ལོན་བདག་པོ་ཐམས་ཅད་ལ༔ རྔོག་ཆགས་གླུད་བཟང་བརྒྱན་ཅན་འདི་འབུལ་ལོ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ གསུམ་བརྗོད༔ ཧཱུྃ༔ བགེགས་དང་ལན་ཆགས་བཙན་སྲི་གླུད་བདག་རྣམསཿ གླུད་གཏོར་བདུད་རྩིས་ལོངས་སྤྱོད་འདི་འབུལ་བས་ཐམས་ཅད་མ་ལུས་ངོམ་ཤིང་ཚིམས་གྱུར་ནསཿ ཕྱིན་ཆད་གནོད་ཅིང་འཚེ་བར་མ་བྱེད་ཅིག༔ ཆོས…
      CMR016 · ཀརྨ་ཆགས་མེད།
      རྟ་གཏོ་བསྡུས་པ།
      གཏོར་ཁྱེར་ལ་གཞན་དུ་དེངསཿ ཕྱིན་ཆད་ནམ་ཡང་གནོད་པ་མ་བྱེད་ཅིག༔ ཅེས་བརྗོད༔ ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ༔ སོགས་བརྗོད་ནས༔ མཚམས་གཅོད་སྲུང་འཁོར་བསྒོམ་པར་བྱའོ༔ ཅེས་རང་ལ་མཁོ་བར་བྱུང་དུས་༔ ཨ་རཱ་གས་འཕྲལ་དུ་སྦྱར་བ་ལ་ཉེས་འགལ་གང་མཆིས་བཤགས་ཤིང་སེམས་ཅན་ལ་ཕན་ཐོགས་པར་ཤོག༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གན…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ རྟ་གླུད་བཞུགས་པའི་དབུ་ཕྱོགས་ལགས་སོ༔
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      ན་མོ་རྒྱ་གྲི་ཝ་ཡེ༔ གནམ་ཆོས་རྟ་གླུད་ནི༔ རྟའི་ལུས་ལ་དྲུད་པའི་ཟན་ལ་རྟའི་གཟུགས་བྱ༔ ཁམ་ས་ལ་གཞུང་དང་མཐུན་པའི་གདོན་སྐྱེས་གཟུགས་སོ་སོར་བཅའ༔ དེ་ནས་འདི་ལྟར་བརྗོད་པར་བྱ༔ ཧཱུྃ༔ ང་ནི་རྟ་ལྷ་རེ་མནྟ༔ རྟ་གདོན་བཅུ་པོ་གཞན་དུ་དེངས༔ རྟ་གདོན་དམར་ནག་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་སྨུག༔ ལག་གཉིས་མཁར་གོང་ལྕགས་ཀྱུ་འཛིན༔ ཁྱོ…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      ནི༔ རྟ་ཡི་མགོ་ཅན་ལུས་མདོག་ལྗང་༔ ལག་ན་མཁར་གོང་ལྕགས་ཀྱུ་འཛིན༔ གདོན་སྔོ་ནག་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནག༔ ལག་ན་མཁར་གོང་དབྱུག་པ་འཛིན༔ གདོན་སྟོབས་ཆེན་ཉི་མ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དམརཿ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ མགོ་ཅན་ལུས་མདོག་དམརཿ ལག་ན་མཁར་གོང་སྤུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ ཁྱོད་ཀྱང་བདག་…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      མགོ་ཅན་ལུས་མདོག་དུད༔ ལག་ན་མཁར་གོང་ཆུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་མཆུ་རྣོ་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནི༔ དམར་སེར་དེ་ཡང་ཁྱོད་ཀྱི་མདོག༔ ལག་ན་མཁར་གོང་སྤུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ནམ་མཁའི་ལྡིང་འཕུར་ནི༔ རྟ་ཡི་མགོ་ཅན་ལུས་མདོག་སྔོ༔ ལག་ན་མཁར་གོང་འཁོར་ལོ་ཐོགསཿ ཁྱོད་ཀྱང…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      ཤོག༔ རྟ་སྲི་མེ་ཡི་ཚ་བ་ནི༔ རྟ་ཡི་གདོང་ཅན་ལུས་མདོག་དམརཿ ལག་ན་རྩྭ་དུག་རྩྭ་མཁན་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་གཤེད་བདུན་པོ་ནི༔ རྟ་གཤེད་ཡམ་ཤུད་དམར་ནག་ནི༔ ལུས་མདོག་དམར་པོ་རྟ་དམར་ཞོན༔ ལག་ན་རལ་གྲི་མདུང་ཐུང་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་སོལ་བའི་བཅུད་ལེན་ནི༔ ལུས་མདོག་ནག་པོ་རྟ་ནག་ཞོན༔ ལག་ན་…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      དམ་ལ་ཤོག༔ རྟ་གཤེད་བསམ་ནས་གོད་གཏོང་ནི༔ ལུས་མདོག་སྔོན་པོ་རྟ་སྔོན་ཞོན༔ ཞགས་འཛིན་ཁྱོད་ནི་སྐེ་རིང་བ༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་བདུད་ཁྱོད་ཉིད་ནི༔ རེས་འགའ་ཁྱོད་མིང་འདི་ལྟར་ཟེར༔ རྡུལ་བརླག་ཆེན་པོ་ཡིན་ནོ་སྐད༔ ལ་ལས་ཡང་ནི་མིང་བརྗོད་སྐད༔ གཤེད་ནག་ད་སོད་ཡིན་ནོ་སྐད༔ ལ་ལས་ཡང་ནི་མིང་བརྗོད་པ༔ རྟ་བདུད་ཡིན་ངེས་…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      འདོད་ལྷ་འདྲེ་མགུ་བ་ཡོད༔ རྫི་མ་ཟངས་ལས་བྱས་པ་ཡིས༔ ཟངས་འདོད་ལྷ་འདྲེ་མགུ་བ་ཡོད༔ རྟ་ཚེམས་དངུལ་ལས་བྱས་པ་ཡིསཿ དངུལ་འདོད་ལྷ་འདྲེ་མགུ་བ་ཡོད༔ པདྨ་རཱ་གའི་ལྗགས་ཡིན་པས༔ པདྨ་རཱ་ག་འདོད་པ་ཡིས༔ ལྷ་འདྲེ་མགུ་ཚིམ་ཐག་ཆོད་ཡོད༔ རྔ་རྔོག་སྤོས་ཤེལ་བྱས་པ་ཡིས༔ སྤོས་ཤེལ་འདོད་པའི་ལྷ་འདྲེ་རྣམསཿ མགུ་ཚིམ་ཐགས་སུ་ཆོད་པ་ཡོད༔ ལུས་པོའི་…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      འདི་ནམ་མཁའ་དག་བྱས༔ མཁའ་གནས་ལྷ་འདྲེ་མགུ་བ་ཡོད༔ རིན་ཆེན་སྣ་ཚོགས་རྩ་རྒྱུས་ཀྱིསཿ ཤིང་གནས་ལྷ་འདྲེ་མགུ་བ་ཡོད༔ ཏང་ཏང་ཤ་ཡི་རི་བོ་ཡོད༔ མེར་མེར་ཁྲག་གི་རྒྱ་མཚོ་ཡོད་ཏྲག་ཏྲག་རུས་པའི་བྲག་རི་ཡོད༔ ཡ་ས་སེམས་ཀྱི་ནམ་མཁའ་ཡོད༔ ཏོར་ཏོར་རྩ་ཡི་ནགས་རི་ཡོད༔ འདི་འདྲའི་རྟ་མཆོག་མཐོང་མ་མྱོང་༔ ལྷ་འདྲེ་ཁྱོད་ཀྱིས་འདི་ཁྱེར་ཉི་མ་ཟླ་བ…
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      ཡིས་རྡུལ་དུ་རློགས༔ ཟླ་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ མེ་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ མིག་གིས་མཐོང་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ དྲོད་ཀྱི་ཚོར་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ གོས་ཀྱི་ཚོར་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ གློག་འོད་མཐོང་སརའདུག་པ་ན༔ …
      CMR016 · ཀརྨ་ཆགས་མེད།
      གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
      རྡོ་རྗེ་ལ་དངོས་སུ་གསུངས་སོ།། མངྒ་ལཾ༔ ༈ རྟ་གདོན་བཅུ་པོ་རྐང་ཐང་བྱ༔ ཁ་དོག་བྱ་རྒྱུ་ནི། སྨུག་པོ་མཁར་གོང་ལྕགས་ཀྱུ་བཟུང་བ་དང་། དཀར་པོ་མཁར་གོང་ལྕགས་ཀྱུ། ལྗང་ཁུ་མཁར་གོང་ལྕགས་སྒྲོག །ནག་པོ་མཁར་གོང་ཞགས་པ། དམར་པོ་མཁར་གོང་སྤུ་གྲི། དུད་ཀ་མཁར་གོང་ཆུ་གྲི།། དམར་སེར་མཁར་གོང་བཞར་ལོང་། སྔོན་པོ་མཁར་གོང་འཁོར་ལོ། དུད་ཁ་མཁར…
      CMR016 · ཀརྨ་ཆགས་མེད།
      གསེར་སྐྱེམས།
      རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མན་ཏ། །ཤེལ་རྨོག་ཤེལ་ཁྲབ་གསོལ་ཞིང་རྟ་སྔོན་ཆིབས། །རང་འདྲ་ལྔ་བརྒྱ་འཁོར་དང་བཅས་པ་ལ། །འདིར་གཤེགས་གཏོར་མ་གསེར་སྐྱེམས་འདི་བཞེས་ལ། །རྐང་བཞི་རྟ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །རྟ་ལྷ་ཁྱེད་ལ་མཆོད་པའི་བྱིན་རླབས་ཀྱིས། །རྟ་ནད་འཚེར་རྩུབ་བཟློག་པའི་ཕྲིན་ལས་མཛོད། །ཨ་རཱ་གས་སོ།། །།