Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 491 of 500
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
བསྐྱོད་རྣམ་པ་གསལ། །རང་གི་ཐུགས་ཀར་ཟླ་བའི་སྟེང་། །ཨོཾ་ལ་སྔགས་ཀྱིས་གཡས་སུ་བསྐོར། །དེ་ལས་འོད་ཟེར་སྣ་ཚོགས་འཕྲོས། །སངས་རྒྱས་བྱང་སེམས་ཐམས་ཅད་ལ། །བདུད་རྩི་སྨན་གྱི་མཉེས་མཆོད་འབུལ། །དེ་དག་ཀུན་གྱི་ཡེ་ཤེས་དང་། །མངོན་ཤེས་ཀུན་བསྡུས་བདག་ལ་ཐིམ། །སླར་ཡང་ཨོཾ་ལས་འོད་འཕྲོས་པས། །སེམས་ཅན་ཀུན་གྱི་ནད་རིགས་བསལ། །འཇིག་རྟེན་ཟ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ཚོགས། །བདག་བསྐྱེད་ལྷ་ཚོགས་འཁོར་བཅས་ལ། །མཆོད་ཅིང་བསྟོད་པ་བྱེད་པར་གྱུར། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་རྣོ་མཐོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་བྷེ་ཥ་ཛཱི་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ལོ་འདབ་རྒྱས་པའི་དབུས། །སྣ་ཚོགས་པདྨ་འདབ་བརྒྱད་པ། །དེ་སྟེང་ཟླ་དཀྱིལ་དབུས་སུ་ཧཱུྃ། །དེ་ལས་འོད་འཕྲོས་འཕགས་ཚོགས་མཆོད། །སེམས་ཅན་ཀུན་གྱི་ཟུག་རྔུ་བསལ། །ཚུར་འདུས་སྨན་མཆོག་ཧཱུྃ་མཚན་གྱུར། །ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ། ཞེས་པའི་སྒྲ་ཡིས་འོད་ཞུ་བས། །བུམ་ལྷ་བདེ་གཤེགས་སྨན་གྱི་བླ། །མཐིང་མདོག་མཚན་དཔེ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
བཞུགས་གནས་མཆོག་ནས། །སྨན་གྱི་ལྷ་མོ་དྲང་སྲོང་ཚོགས། །རྣོ་མཐོང་མངོན་ཤེས་སྟོན་པ་དང་། །རྩ་པྲ་སྟོན་ཕྱིར་གཤེགས་སུ་གསོལ། །བུམ་དབུས་བདུད་རྩི་པད་ཟླའི་སྟེང་། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་མ་ཧཱ་བྷེ་ཥ་ཛེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། དབང་ལྷ་སྤྱན་དྲངས་དབང་བསྐུར་བས། །ཆུ་ལྷག་ཡར་ལུད་མི་བསྐ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
གྱུར། །ན་མོ་ཨོཾ་བཛྲ་བྷི་ཥ་ཕྱེ་མ་ཧཱ་བྷི་ཥ་ཛེ་ས་མུངྒ་ཏེ་ཧཱུྃ། ཞེས་སྟོང་ཙམ་དང་། བུམ་ལྷའི་འཁོར་བརྒྱད་ལ་དམིགས་པ་གོང་ལྟར་གཏད་ལ། ཨོཾ་ཤཱི་ཏི་གྷ་ན་གྷ་ཤི་སུ་སུ་རི་ཀྲ་མ་ཡོ་ན་ཁྲི་སྲོ་རི་ནི་གུ་ལི་སུ་མ་ལ། སྟོང་ཙམ་བཟླས་ཏེ་སྒྲུབ་པའོ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་འདོད་ཡོན་རྣམས། །བཅོམ་ལྡན་བུམ་པའ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
སྨན་བླའི་ཚོགས། །འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་བསྟོད། །འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ནད་ཀྱི་རྒྱུ་རྐྱེན་བརྟག་དང་བཅོས་ཐབས་རྣམས། །མེ་ལོང་དག་པའི་ངོས་ལ་གཟུགས་བརྙན་བཞིན། །བདག་གི་སེམས་ལ་འཆར་བར་བྱིན་གྱིས་རློབས། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་མདུན་བ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ཧཱུྃ་གིས་མཚན། །ༀ་བཛྲ་བྷི་ཥ་ཛཱི་མ་ཧཱ་བྷི་ཥ་ཛུ་ས་མུཏྟ་ཏེ་ཧཱུྃ། སྔགས་སྒྲ་གྲགས་པས་རྡོ་རྗེ་འོད་དུ་ཞུ། །བདེ་གཤེགས་སྨན་བླ་མཐིང་གསལ་ནམ་མཁའི་མདོག །མཚན་དཔེའི་རྒྱན་ལྡན་ཆོས་གོས་རྣམ་གསུམ་གསོལ། །མཆོག་སྦྱིན་མཉམ་བཞག་སྨན་མཆོག་ལྷུང་བཟེད་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་སྣ་ཚོགས་འཕྲོ། །འདབ་བརྒྱད་ཕྱོགས་བཞིར་ཤར་ནས་གཡ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
གཤེགས་བཞུགས་མི་མངའ་ཡང་། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མཐའ་ཡས་ཀྱིས། །ཆུ་ཟླ་བཞིན་དུ་གུར་དམིགས་དེར་སྣང་བ། །དེང་འདིར་ཁྱེད་བཞིན་འགྲོ་དོན་བདག་བགྱིད་ན། །ད་ལྟ་བདག་གི་མདུན་འདིར་གཤེགས་སུ་གསོལ། །ཇི་སྲིད་འཁོར་འདས་ཞིང་ན་བཞུགས་པ་ཡི། །སྨན་གྱི་བླ་དང་དྲང་སྲོང་རིག་འཛིན་དང་། །རྩི་སྨན་ཤིང་དང་འབྱུང་བའི་ལྷ་མོ་རྣམས།་དམ་ཚི…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
འཁོར་རྣམས་ཀུན་ལས་འོད་ཟེར་དཔག་མེད་འཕྲོས། །རྒྱལ་བ་རྣམས་མཆོད་འགྲོ་བའི་ནད་རྣམས་བསལ། །རྣོ་མཐོང་མངོན་ཤེས་སྨན་གྱི་དངོས་གྲུབ་རྣམས། །འོད་ཟེར་རྣམ་པར་བསྡུས་ནས་བདག་ལ་ཐིམ། །ན་མོ་ཨོཾ་བཛྲ་བྷི་ཥ་ཚེ་མ་ཧཱ་བྷི་ཥ་ཛུ་ས་མུཏྤ་ཏེ་ཧཱུྃ། ཞེས་སྟོང་ཙམ་དམིགས་པ་དང་བཅས་བཟླ། བདག་གི་དཔྲལ་བའི་ཨོཾ་ལས་འོད་དཀར་འཕྲོས། །མདུན་བསྐྱེད་རྣམས་…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་མཐིང་འཕྲོས། །མདུན་བསྐྱེད་ཐུགས་ལ་དགྱེས་པའི་མཆོད་པ་འབུལ། །མདུན་བསྐྱེད་ཐུགས་ལས་འོད་འཕྲོས་རྒྱལ་ཀུན་མཆོད། །སེམས་ཅན་ཀུན་གྱི་སེམས་ཀྱི་ཟུག་རྔུ་བསལ། །འཁོར་འདས་ཀུན་གྱི་མཁྱེན་པའི་མངོན་ཤེས་རྣམས། །འོད་ཟེར་མཐིང་ག་བདག་གི་སྙིང་གར་ཐིམ། །སྨན་བླའི་ཐུགས་དང་བདག་སེམས་དབྱེར་མེད་གྱུར། །ཨོཾ་ཤྲཱི་…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བསོད་ནམས་ཡེ་ཤེས་སྐུ་མངའ་བརྙེས་པ་ལ། །རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་ལྔ། །ལྔ་ཕྲག་ལྔ་ལྡན་རྫས་མཆོག་དམ་པ་འབུལ། །འགྲོ་བའི་ནད་རྣམས་བདག་གིས་སེལ་བར་ཤོག །རྒྱལ་བ་ཟག་མེད་འབྱོར་ལ་ད…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །སྨན་བླའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཨོཾ་མ་ཧཱ་བྷི་ཛུ་ས་པ་རི་ཝཱ་ར་སརྦ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཨཱཎཱཧཱུྃ། ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ལ། །ལྷ་རྣམས་ལྗགས་ལས་འོད་ཀྱི་སྦུ་གུ་ཟུག །གཏོར་མ་བདུད་རྩིར་དྲངས…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ནད་རྣམས་གང་ཡིན་རྣ་བར་སྒྲོག་ཏུ་གསོལ། །གཉེན་པོ་སྨན་གྱི་སྦྱོར་བ་སྡུད་པའི་ཚེ། །སྡུད་པ་གང་ཡིན་རྣ་བར་སྒྲོག་ཏུ་གསོལ། །གལ་ཏེ་ཚེ་སྔོན་ལས་སྒྲིབ་ཚན་ཆེ་བས། །དངོས་སུ་གསུངས་པའི་བསྐལ་པ་མེད་ན་ཡང་། །ནད་རྣམས་གང་ཡིན་གཉེན་པོས་གང་ཕན་པ། །བདག་གི་ཡིད་ལ་འཆར་བར་མཛད་དུ་གསོལ། །བདག་གིས་སྦྱར་བའི་སྨན་རྣམས་གང་ཡིན་པ། །གདོན་གྱིས་མི་…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས། །སྨན་བླ་བཻཌཱུརྱ་འོད་རྒྱལ་པོ་ལ། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །སྐུ་ཡི་འོད་ཀྱིས་འཇིག་རྟེན་གསལ་མཛད་ཅིང་། །འཁོར་ཚོགས་རྣམས་ཀྱང་མཚན་དང་དཔེ་བྱད་ལྡན། །སྐུ་ཡི་འོད་ཀྱིས་མུན་པ་ཐམས་ཅད་སེལ། །འགྲོ་བའི་མུན་སེལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དབུལ་བ་སེལ། །…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ནས། །ཚེ་རབས་དྲན་ཞིང་སྦྱིན་པའི་ཕར་ཕྱིན་སྤྱོད། །བསོད་ནམས་གཏེར་མངའ་ཁྱེད་ལ་ཕྱག་འཚལ་བསྟོད། །ཚུལ་ཁྲིམས་འཆལ་བས་དམྱལ་བར་ལྟུང་ན་ཡང་། །སྔོན་ཚེ་ཁྱེད་མཚན་ཐོས་པས་མྱུར་ཐར་ནས། །ཚུལ་ཁྲིམས་གཙང་ལྡན་བྱང་ཆུབ་སེམས་དཔར་གྱུར། །ཉེས་ལྟུང་ཀུན་སེལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཕྲག་དོག་ཚིག་རྩུབ་བརྗོད་པས་ངན་སོང་དུ། །སྐྱེས་ཀྱང་ཁྱོད་མཚན…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ཕྱག་ན་བསྣམས། །དར་དང་རིན་ཆེན་རྒྱུན་ལྡན་ཕྱེད་སྐྱིལ་བཞུགས། །རྣོ་མཐོང་སྟོན་མཛད་བཞི་ལ་ཕྱག་འཚལ་བསྟོད། །གཞན་ཡང་སྨན་བླ་དྲང་སྲོང་འབུམ་ཕྲག་དྲུག །བདུད་རྩི་སྨན་གྱི་ལྷ་མོ་བྱེ་བ་འབུམ། །སྨན་གྱི་རིག་འཛིན་ལྷ་ཀླུ་མི་ལ་སོགས། །འཁོར་དང་ཡང་འཁོར་བཅས་ལ་གུས་པས་བསྟོད། །རྣོ་མཐོང་མངོན་ཤེས་རྣ་བར་བཤད་པ་དང་། །རྩ་པྲ་ཆུ་པྲ་གསལ་བར་འ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
གྱུར་ན། །ངས་ཅི་བྱ་རྒྱུ་ཡོད་སྨྲོས་ཞེས། །ཟེར་བ་བྱུང་ན་འགྲོ་བའི་ནད། །གང་ཡིན་གང་ཕན་སྨྲོས་ཤིག་བརྗོད། །རྟགས་ནི་རབ་དངོས་འབྲིང་ལ་ཉམས། །ཐ་མ་རྨི་ལམ་དག་ཏུ་འོང་། །ཤེལ་དང་མེ་ལོང་མར་མེ་དང་། །མེ་ཏོག་ཕྲེང་བ་རྙེད་དང་ཁུར། །ཆུ་ཐིག་པའི་དངོས་གྲུབ་འབྱུང་། །ཨ་རུ་ར་སོགས་སྨན་རྣམས་དང་། །དཀར་གསུམ་ཟས་དང་ཆང་བྱིན་ན། །ཕན་ཐོགས་ཆེ་…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
བསམ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ལ་དབང་བསྐུར་རོ། །ན་མོ་ཨོཾ་བཛྲ་བྷེ་ཥ་ཛེ་མ་ཧཱ་བྷི་ཥ་ཛུ་ས་མུཏྟཏེ་ཧཱུྃ། ཨོཾ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩནྟཾ། བདུད་རྩིས་ལུས་གང་སྡིག་སྒྲིབ་དག །སྐུ་གསུང་ཐུགས་དབང་ཡོངས་རྫོགས་ཤོག་།མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། …
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
དེ་ནས་མཆོད་པ་ཁ་གསོས་ལ། །ཆུ་བཞི་ཉེར་སྤྱོད་ལྔ་དང་རོལ་མོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ནང་གི་མཆོད་པ་རིག་མ་བཅུ་དྲུག་དང་། ཕྱི་ནང་གསང་བའི་མཆོད་པ་དཔག་མེད་མཆོད། །སྐྱེད་ཚལ་གཞལ་མེད་ཁང་དང་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫིང་པདྨ་བཅས། །རིན་ཆེན་འབྲུ་སྨན་རྩི་བཅུད་བང་མཛོད་དང་། །གོས་དར་ཁྲི་གདན་བཞ…
CMR016
· ཀརྨ་ཆགས་མེད།
རྩ་པྲའི་སྒྲུབ་ཐབས་འདོན་འགྲིགས་དང་བཅས་པ་བལྟས་ཆོག་ཏུ་བཀོད་པ་སྣང་གསལ་མངོན་ཤེས་འཕྲུལ་གྱི་མེ་ལོང་།
ཐུགས་ཀྱི་རྟེན་རྫས་མཆོག །སྐུ་གཟུགས་སྔགས་བྱང་རིལ་བུ་ལ། །དུས་རྣམས་རྟག་ཏུ་བརྟན་བཞུགས་ལ། །ནད་ཀྱི་རྒྱུ་རྐྱེན་གསོ་ཐབས་དང་། །འཚོ་འཆི་རིམ་གྲོ་ཅིས་ཕན་རྣམས། །བདག་ལ་འཆད་ཅིང་སྟོན་པར་མཛོད། །སྤྱན་དྲངས་ལྷ་རྣམས་རྟེན་ལ་ཐིམ། །དམ་ཚིག་རང་གི་སྙིང་གར་ཐིམ། །རང་ཡང་མཐའ་ནས་དབུས་སུ་ཡལ། །མི་དམིགས་སྟོང་པ་ཉིད་དུ་གྱུར། །ཅེས་ཡུད་ཙམ…