Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 1 of 500
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང་། །མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །སྡེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས། །བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོ་རབ་འབྱུང་དཀའ། །རབ་བྱུང་…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །རབ་ཏུ་འབྱུང་བའི་གཞིའི་སྤྱི་སྡོམ་ལ། ཤཱ་རིའི་བུ་དང་མུ་སྟེགས་ཅན། །དགེ་ཚུལ་གཉིས་དང་བྱ་རོག་སྐྲོད། །དགྲ་བཅོམ་བསད་དང་ལག་རྡུམ་གྱི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །སྡོམ་ལ། ཤཱ་རིའི་བུ་དང་རབ་འབྱུང་དང་། །བསྙེན་པར་རྫོགས་པར་གནང་བ་དང་། །ཉེ་སྡེས་ཚོགས་ནི་བསྡུས་པ་དང་། །ལྔ་པའ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཡུལ་ཨང་ག་ཙམ་པ་མ་གཏོགས་པ་བཅོམ་ནས་ཕྱིར་ལྡོག་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་ཨང་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བར་གྱུར་ནས། དེས་དཔུང་གི་ཚོགས་ཡན་ལག་བཞི་བ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། ཡུལ་མ་ག་དྷ་གཞོམ་པར་བརྩམས་པ་དང་། མ་ག་དྷ་ན་གནས་པའི་སྐྱེ་བོའི་…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      པོ་འདི་ནི་གདུག་པ། ཕ་རོལ་གནོན་པ། དཔུང་དང་མཐུ་ཆེ་བར་གྱུར་ལ། དེས་ཡུ་བུ་ཅག་ལ་འདི་དང་འདི་སྐད་ཅེས་སྤྲིང་ན། དེ་ལ་ཡུ་བུ་ཅག་གིས་ཇི་ལྟར་བསྒྲུབ་པར་བྱ། དེ་དག་གིས་ཚིགས་སུ་བཅད་པ་སྨྲས་པ། ཡུལ་དང་སྲོག་ལ་གནོད་གྱུར་ན། །སྐྱེས་བུས་ཀུན་དུ་སྲོག་བསྲུང་བྱ། །བློ་ཡིས་གཉིས་ཀ་དཔྱད་བྱས་ན། །ཡུལ་ནི་ཡང་རྙེད་སྲོག་རྣམས་མིན། །ལྷ་རྣམ་པ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཁྱུད་མཐའ་ཡས་ཀྱི་བུ་བཙས་སོ། །ཀཽ་ཤཱམ་བཱིར་ནི་རྒྱལ་པོ་དམག་བརྒྱ་པའི་བུ་བེ་ཙས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམ་པ་ན་འཇིག་རྟེན་ཐམས་ཅད་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཁ་དོག་གི་མཐུ་བས་ལྷག་པའི་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཅིང་འཇིག་རྟེན་གྱི་འཇིག་རྟེན་གྱི་བར་གང་ན་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      གི་བུ་འདིའི་མཐུ་ཡིན་ནོ་སྙམ་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་མཐུ་ཡིན་པའི་ཕྱིར་རོ། །གང་གི་ཉིན་མོ་གཞོན་ནུ་གཟུགས་ཅན་སྙིང་པོ་བཙས་པ་དེ་ཉིད་ཀྱི་ཉིན་མོ་བློན་པོ་ལྔ་བརྒྱ་དག་གི་བུ་ལྔ་བརྒྱ་ཡང་བཙས་ཏེ། དེ་དག་ཀྱང་རིགས་དང་མཐུན་པར་མིང་བཏགས་སོ། །གཞོན་ནུ་གཟུགས་ཅན་སྙིང་པོ་མ་མ་བརྒ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      དང་། གཅད་པ་དང་། དྲལ་བ་དང་། དབུག་པ་དང་། གནས་ལྔ་པོ་འདི་ལྟ་སྟེ། རྒྱང་ནས་འཕོག་པ་དང་། སྒྲ་གྲགས་པར་འཕོག་པ་དང་། གནད་དུ་འཕོགས་པ་དང་། མི་འཆོར་བར་འཕོག་པ་དང་། ཚབས་ཆེ་བ་དེ་དག་ལ་ཡང་ཞུགས་ཤིང་བྱང་བར་གྱུར་ཏོ། །བློན་པོའི་བུ་ལྔ་བརྒྱ་པོ་དེ་དག་ཀྱང་བཟོའ་གནས་དང་། ལས་ཀྱི་གནས་དག་ལ་བྱང་བར་གྱུར་ཏོ། །དེ་ཕས་བཟོ་སྦྱང་བ་བཅྭ་བརྒྱ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཡང་བསྡུ་བར་བརྩམས་ཏེ། དེ་དག་འོངས་ནས་ཕྱིར་ལྡོག་པ་གཞོན་ནུ་གཟུགས་ཅན་སྙིང་པོས་མཐོང་ནས་སྨྲས་པ། ཤེས་ལྡན་དག་ངས་ཁྱེད་ལ་ཕྱིན་ཆད་ལེ་ཐང་དང་དབྱ་མ་སྡུད་ཅིག་ཅེས་མ་བཟློག་གམ། ཅིའི་ཕྱིར་ཡང་ཁྱེད་ལོ་ཐང་དང་དབྱ་སྡུད། གལ་ཏེ་རེ་ཞིག་འཁོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་འཁོད་ན་མཚམས་ཆེན་པོ་གཅད་པར་བྱའོ། །དེ་དག་སྐྲག་ནས་བསམས་པ། གཞོན་ནུ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལགས་ན། ཅིའི་སླད་དུ་སྐོལ་དེལ་ལོ་ཐང་དང་དཔྱ་འབུལ། ལྷས་བདག་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་སྩལ་བ་འབའ་ཞིག་མཛོད་ཅིག་དང་། བདག་གིས་ཨང་གའི་རྒྱལ་པོ་དང་ལྷན་ཅིག་གཡུལ་ངོར་གཡུལ་སྤྲད་པར་བགྱིའོ། །དེ་ནས་རྒྱལ་པོ་པད་མ་ཆེན་པོས་ཨང་གའི་རྒྱལ་པོ་ལ་ཁྱོད་ཀྱི་མཐུ་དང་། དཔུང་དང་། བརྩོན་འགྲུས་དང…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཀྱིས་ཀུན་ནས་ཡོངས་སུ་བསྲུང་བར་བྱའོ། །དེ་དག་གིས་སྨྲས་པ། ལྷའི་གནས་སྐབས་གང་ལགས་པ་དེ་བདག་ཅག་གི་ཡང་ལགས་ལ། ལྷའི་ཞབས་གང་ན་བ་དེ་ན་བདག་ཅག་གི་མགོ་མཆིས་སོ། །དེ་ནས་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། རྒྱལ་པོའི་ཁབ་ནས་བྱུང་ངོ་། །རྒྱལ་པོ་པད་མ་ཆེན་པོ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་བློན་པོའི་ཚོགས་ཀྱིས་བསྐོར…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཨང་གའི་རྒྱལ་པོ་ཇི་ལྟར་བསད་པ་ཐོས་ནས་དེས་སྒོ་བཅད་དེ་ར་བ་དག་གི་ཁར་སྦྲེངས་ནས་འདུག་གོ །གཞོན་ནུ་གཟུགས་ཅན་སྙིང་པོ་ཡང་མཐར་གྱིས་གྲོང་ཁྱེར་ཙམ་པར་ཕྱིན་ནས་དེས་ཤིང་རིང་པོ་ལ་ཨང་གའི་རྒྱལ་པོའི་མགོ་བཏགས་ཏེ་བསྟན་ནས་སྨྲས་པ། ངས་ཁྱོད་ཀྱི་བློ་བོ་གང་ཡིན་པ་དེ་གནས་སྐབས་འདི་ལྟ་བུར་བྱས་ཀྱིས། གལ་ཏེ་ཇེ་ཕྱིར་འབྱུང་ན་དེ་ལྟ་ན་ལེགས…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བ་དང་། ཕྱི་དགྲ་དང་། ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་། མུ་གེ་དང་། ནད་དང་བྲལ་བ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ །དེ་ནས་བྲམ་ཟེའི་ཁྱེའུ་གསང་ཚིག་འདོད་པ་གསང་ཚིག་ཚོལ་བ་ཞིག་ཡུལ་དབུས་ནས་ལྷོ་ཕྱ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བོ་ནི་ནུབ་ཕྱོགས་ནས་སོ། །ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་བྱང་ཕྱོགས་ནས་སོ། །བྲམ་ཟེའི་ཁྱེའུ་དེས་སྨྲས་པ། ཁོ་བོ་ནི་ཡུལ་དབུས་ནས་སོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་གིས་ཡུལ་ཐམས་ཅད་མཐོང་ཞིང་ཐོས་ན་ཡུལ་དབུས་ནི་མ་མཐོང་མ་ཐོས་སོ། །ཤར་ན་བློ་ཅན་གནས་པ་སྟེ། །ལྷོ་ཕྱོགས་ན་ནི་གཡོན་བྱེད་འདུག །ནུབ་ཀྱི་ཡུལ་ན་ཕྲ་མ་ཅན།…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བསྔགས་པ་བརྗོད་པ་དང་། འདི་ལྟར་དེ་དག་ཐམས་ཅད་ཡུལ་དབུས་སུ་འདོང་འདོད་པར་གྱུར་ཏོ།དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་ཡམ་སྲེག་ཤིང་དག་བཙལ་ཏེ། ཡམ་སྲེག་ཤིང་གི་ཁུར་ཐོགས་ནས་བྲམ་ཟེའི་ཁྱིམ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཡམ་སྲེག་ཤིང་གི་ཁུར་དག་མཐའ་གཅིག་ཏུ་བཞག་སྟེ། བྲམ་ཟེ་དེ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བྲམ་ཟེ་དེ་ལ་འདི་སྐད་ཅིས་སྨ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      འཕགས་པ་དང་། དེས་རྒོལ་བ་ཁ་ཅིག་ནི་ཚར་བཅད་དེ་རྒོལ་བའི་ཤིང་རྟ་ལ་སྦྱོར་བར་བྱེད། ཁ་ཅིག་ནི་མགོར་ཐལ་བའི་བུམ་པ་དག་གིས་བསྣུན། ཁ་ཅིག་ནི་འབོང་གི་དཔོང་སར་ཁྭ་བཞིན་དུ་ཐག་རིང་པོ་ནས་ཡོངས་སུ་སྤོང་བར་བྱེད། ཁ་ཅིག་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསུ་བར་བྱེད། ཁ་ཅིག་ནི་སློབ་མ་ཉིད་དུ་ཁས་ལེན་པར་བྱེད་ཅིང་དེ་མཐར་གྱིས་…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      ཚེ་སྤེལ་པ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མཁན་པོ་དེ་འདི་ལགས་སོ། །རྒྱལ་པོས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་དེ་སྨྲས་པ། མཁན་པོ་ཁྱོད་ཁོ་བོའི་མདུན་དུ་བྲམ་ཟེ་འདི་དང་ལྷན་ཅིག་གཏམ་རྣམ་པར་གཏན་ལ་དབབ་པར་བྱེད་ནུས་སམ། གནས་ལེན་གྱི་བུས་སྨྲས་པ། བདག་གིས་རྡོ་ཐོག་པས། རྒྱལ་པོ་…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      འདོད་ཅིང་རྒུད་པ་ལ་མ་དད་པ་ཡིན་པས་དེ་ལ་བྲམ་ཟེ་དུ་མ་ཞིག་གིས་བུ་མོ་ཆུང་མར་ལེན་དུ་བཅུག་པ་དང་། དེ་ནས་གནས་ལེན་གྱི་བུ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་བུ་རོ་སྟོད་རིང་བ་རིང་བ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་པར་བྱེད་ནུས་པར་གྱུར་ཏོ། །ཡང་དེ་རྩེ་པར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པའི་ཆུང་མ་ལ་བུ་མོ་མིག་གཉིས་བྱ་ཤཱ་རི་ཀཱ་འདྲ་བ་ཞིག་བཙས་ནས་དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ། བུ་མོའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེ…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      བྲམ་ཟེའི་ཁྱེའུ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་འདི་ཡིན་ཏེ། གང་གི་ཚེ་མི་ཀློག་པར་གྱུར་པ་དེའི་ཚེ་ན་ལན་འགའ་ནི་ཆུའི་ངོགས་སུ་ཉེ་རེག་བྱེད་དུ་འདོང་ངོ་། །ལན་འགའ་ནི་གྲོང་ཁྱེར་ལྟར་འདོང་ངོ་། ལན་འགའ་ནི་ཡམ་སྲེག་ཤིང་ཐུར་འདོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དེ་དག་མི་ཀློག་པར་གྱུར་ནས་དེའི་ཚེ་དེ་དག་ཡམ་སྲེག་ཤིང་ཐུར་དོང་བ་དང་། དེ་…
      DKG001 · སངས་རྒྱས་ཤཱཀྱ་ཐུབ་པ།
      རབ་ཏུ་འབྱུང་བའི་གཞི་འཆད་པ།
      མཇལ་གྱིས་གཞན་འདི་འདྲིའོ། །ཡུལ་དབུས་ན་མཁས་པར་བགྲང་བ་དག་ཡོད་དམ། ཤེས་ལྡན་དག་ཁོ་བོས་དང་པོ་ཉིད་ནས་ཤེས་ལྡན་དག་ཡུལ་དབུས་ནི་དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པའོ་ཞེས་མ་སྨྲས་སམ། བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་དེ་སྐད་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཡུལ་དབུས་ན་འདི་ལྟ་སྟེ་དཔེར་ན། བདག…