Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 123 of 500
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་བཤད་པ།
འདིས་བསྙེན་བཀུར་བྱས་ན། སྲུ་འདི་བསྙེན་བཀུར་བྱས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་ན། དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དང་། མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ་ཡང་རུང་སྟེ། དགེ་འདུན་ལྷག་མའོ། །དགེ་སློང་གིས་བདག་གིས་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་བཤད་པ།
མེད་པ་ཡིན་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ། །ཡང་དགེ་སློང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་། མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན། དྲིས་ཀྱང་རུང་། མ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་བཤད་པ།
པོ་དག་ཡོད་ཅིང་། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་བཤད་པ།
པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་། མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་བཤད་པ།
དགེ་སློང་ཁ་ཅིག་ནི་སྐྲོད་བར་བྱེད། ཁ་ཅིག་ནི་སྐྲོད་བར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ། དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་བཤད་པ།
པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར། ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན།…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
མ་ངེས་པའི་ཆོས་གཉིས་བཤད་པ།
དབྱུང་བར་བྱའོ། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་མ་ཕྱིན་ལ། དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ།
གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ། །ཚེ་དང་ལྡན་པ་དག་བདག་གིས་མ་ངེས་པའི་ཆོས་གཉིས་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའེ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ།
དོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན། དེ་ལ་དེ་ནི་དུས་ཡིན་ནོ། །དགེ་སློང་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་གོས་བསླང་བར་བྱའོ། །…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ།
དག་གི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་གཉི་ག་འདུས་ཏེ། བདག་ལ་གོས་རུང་བ་ཞིག་དུས་སུ་ལེགས་པར་སྐོན་ཅིག །ཅེས་སྨྲས་ཏེ། གོས་གྲུབ་པ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ།
ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས་དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ། བདག་གིས་ཡང་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ།
ཞིག་ལས་གཞུག་པར་བྱའོ། །གསུམ་པ་ནི་དཀར་པོ་ལས། བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས། བཞི་པ་འཁོབ་བལ་ལས་མ་བཅུག་པར་སྟན་གསར་པ་བྱེད་ན། སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སྟན་གསར་པ་བྱེད་ན། མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ།
ཡོད་བཞིན་དུ། བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ། དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བ་མི་བ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཤད་པ།
ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་བཅང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ། དགེ་སློང་དགོན་པ་པས་འདོད་ན་ཆོས་གོས་གསུམ་ལས་ཆོས་གོས་…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྟུང་བྱེད་ཀྱི་ཆོས་དགུ་བཅུ་བཤད་པ།
བམ་པོ་གཉིས་པ་སྟེ་ཐ་མའོ། །སྤྱི་སྡོམ་ནི། ཤེས་བཞིན་དང་ནི་ས་བོན་དང་། མ་བསྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམས་བཞིན་དང་། མགྲོན་མང་རྐུན་མ་མཆོད་སྟོན་ནོ། །སྡོམ་ལ། རྫུན་སྐྱོན་དགེ་སློང་ཕྲ་མ་དང་། སྐྱོ་སྔོགས་བྱེད་དང་སྟོན་པ་དང་། འདོན་དང་གནས་ངན་ལེན་དང་ཆོས། བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཚེ་དང་ལྡན་པ་དག་ལྟུང་བྱེ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྟུང་བྱེད་ཀྱི་ཆོས་དགུ་བཅུ་བཤད་པ།
ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། །འཕྱའམ་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ། །བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུའམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏི…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྟུང་བྱེད་ཀྱི་ཆོས་དགུ་བཅུ་བཤད་པ།
དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་སྟོན་ན། ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏེགས་ཏེ་ལྟུང་བྱེད་དོ། །དགེ་སློང་གང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ར…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྟུང་བྱེད་ཀྱི་ཆོས་དགུ་བཅུ་བཤད་པ།
ལོན་པའི་དགེ་སློང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པ་ཟ་ན་ལྟུང་བྱེད་དོ། །དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས། གལ་ཏེ་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་འཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷ…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྟུང་བྱེད་ཀྱི་ཆོས་དགུ་བཅུ་བཤད་པ།
བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུག་འགྲོ་བ་དང་། །བརྡེག་དང་གཟས་དང་གནས་ངན་ལེན། །ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆག་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་བོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱེད་དེ་སྟན་ལ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི…
DKG005
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྟུང་བྱེད་ཀྱི་ཆོས་དགུ་བཅུ་བཤད་པ།
ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ་འདུག་པ་བདེ་བ་མ་ཡིན་གྱི་འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་ཉིད་སོང་ཞིག་ཅེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ན…