Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 126 of 500
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      ལ་བབ་པར་གྱུར་ཅིང་དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་མིའི་བུད་མེད་ཤི་བ་མ་ཉམས་པ་ལ། ཟག་བྱེད་བར་དང་བཅས་པས་བར་ཆད་དང་བཅས་པ་དང་། བར་དང་བཅས་པས་བར་ཆད་མེད་པ་དང་། བར་མེད་པས་བར་ཆད་དང་བཅས་པ་དང་། བར་མེད་པས་བར་ཆད་མེད་པ། ཟག་བྱེད་དམ་ཁའམ་བཤང་བའི་ལམ་དུ་འཛུད་ན། བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། …
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      དེ་དང་པོར་ཡང་མ་ཤེས། བར་དུ་ཡང་མ་ཤེས། ཐ་མར་ཡང་མ་ཤེས་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་ཉལ་བ་ལ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་སློང་གིས་དེ་དང་པོར་ཤེས་ཤིང་བར་དུ་ཡང་མ་ཤེས་ཐ་མར་ཡང་མ་ཤེས་ན་གང་རྩོལ་བར་བྱེད་པ་དེ་བསྙིལ་བར་བྱའོ། །དགེ་སློང་གིས་དགེ་སློང་ཉལ་བ་ལ་རྩོལ་བར་བྱེད་ཅིང་། གལ་ཏེ་དགེ་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      འབྲུའི་ཆང་གིས་ཇི་ལྟ་བ་དེ་བཞིན་དུ་བཅོས་པའི་ཆང་དང་། སྦྱར་བའི་ཆང་དང་། རྩ་བའི་བཏུང་བ་དང་། སྡོང་བུའི་བཏུང་བ་དང་། འདབ་མའི་བཏུང་བ་དང་། མེ་ཏོག་གི་བཏུང་བ་དང་། འབྲས་བུའི་བཏུང་བས་སམ། གསང་སྔགས་དག་དང་རིག་སྔགས་དག་དང་། སྨན་གྱིས་སེམས་འཁྲུགས་པར་བྱས་པའམ། གཉིད་ལོག་པར་བྱས་ཏེ་ཡང་དེ་བཞིན་ནོ། །དགེ་སློང་གིས་དགེ་སློང་གྱ་ཚོམ…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      པ་ལས་ཁྱེའུ་ཞིག་བྱུང་བ་དེའི་རྒྱབ་འདི་ལྟ་སྟེ། དཔེར་ན་རི་བོང་ངམ་བྱི་ལའི་ལྟར་མཉེན་པ་དང་། ཤིན་ཏུ་མཉེན་པར་གྱུར་ཏོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཅས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུ་ཡི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ་གང་གི་ཕྱིར་ཁྱེའུ་འདིའི་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      ཚེ་དང་ལྡན་པ་ཅི་བྱེད། རེག་པ་བདག་གིར་བྱེད་དོ། །ཚེ་དང་ལྡན་པ་འོ་ན་བཅོམ་ལྡན་འདས་ཀྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་མ་བཀག་གམ། ཚེ་དང་ལྡན་པ་དག་བཀག་སྟེ། དེ་ནི་གཞན་གྱི་ལ་ཡིན་གྱི་རང་གི་ལ་ནི་མ་ཡིན་ནོ། །དགེ་སློང་དེ་དག་དེ་ལ་མངོན་པར་བསྟོད་པར་ཡང་མི་བྱེད། ཕྱིར་ཟློག་པར་ཡང་མི་བྱེད་ཅིང་མངོན་པར་བསྟོད་པར་ཡང་མ་བྱས། ཕྱིར…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      སེམས་ཏེ་གང་གི་ཕྱིར་ཁྱེའུ་འདིའི་ཡན་ལག་གི་རྣམ་པ་ཚད་ལས་ཤིན་ཏུ་འདས་པ་དེའི་ཕྱིར་ཁྱེའུ་འདི་འཕྱང་བ་ཅན་ཞེས་བྱའོ་ཞེས་དེའི་མིང་འཕྱང་བ་ཅན་ཞེས་བྱ་བར་བཏགས་སོ། །དེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད་སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པདྨ་བཞི…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་རེ་ཞིག་གཞན་གྱི་ལ་ཡང་བཀག་ན་རང་གི་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་གཏི་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      བུ་དག་དང་བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དེ། དེ་ནི་དེ་ལྟ་མ་ཡིན་ཏེ་གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འདི་ལྟར་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕ་དང་མ་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      པོ་ཡང་རུང་བའི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིང་ཅེས་མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ། མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟང་གི་ག…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      ཁྱེའུ་མཛེས་དགའ་མ་མ་བརྒྱད་པོ། པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེད་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དེ་དག་གིས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད་སྐྱེད་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      བགྱིའོ། །དེས་སྨྲས་པ། བུ་ནོར་གྱི་རྣམ་པ་མང་པོ་ཡོད་ན་ཅིའི་ཕྱིར་ཡུལ་གཞན་དུ་འགྲོ། འདུག་ཅིག །དེས་སྨྲས་པ། ཡབ་ངན་བུ་གོར་མ་བཀུམ་པར་མཆིའོ། །དེད་དཔོན་དགའ་བོས་འདི་འདོད་པ་ལ་བབ་པར་བྱའོ་སྙམ་དུ་བསམས་ནས་དེས་ལྡེ་མིག་དང་ལྡེ་མིག་ཀྱོག་པོ་ལ་སོགས་པ་བླངས་ཏེ། དབྱིག་དང་གསེར་བྱས་པ་དང་མ་བྱས་པ་དེའི་མཛོད་གང་བ་བདུན་ཕྱེ་སྟེ་བསྟན་ན…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      དགའ་བོས། མཛེས་དགའ་བོས་ཏེ་སྨྲས་པ། བུ་ཁྱོད་ཀྱིས་ཟོང་མནོས་ཏེ་ཡུལ་གཞན་དུ་འགྲོའོ་སྙམ་དུ་སེམས་བསྐྱེད་པ་མ་ཉེས་ཏེ། ཁོ་བོ་འདས་ནས་ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་སྦྱོང་བར་འགྱུར་བས་དེའི་ཕྱིར་ཇི་སྲིད་ཁོ་བོ་གསོན་པ་དེ་སྲིད་དུ་ཟོང་མནོས་ཤིང་ཡུལ་གཞན་དུ་འགྲོ་ལ་རག་སྟེ། ཡུལ་གཞན་དུ་ཁྱོད་ལ་ཕའི་གྲོགས་དག་ཀྱང་མངོན་དུ་གྱུར་པས་དེ་ལྟ་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      ཅིག་ཏུ་ཟོང་བཙུད་དེ་འདུག་གོ། །དེའི་ཚེ་ན་མཉན་ཡོད་ན་གཟུགས་འཚོ་མ་བཟང་མོ་ཞེས་བྱ་བ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་སྐྱེས་བུ་དགའ་བ་ཞིག་འདུག་སྟེ། དེ་ཀར་ཤ་པ་ཎ་ལྔ་བརྒྱས་སྐྱེས་པ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ། །དེས་འཕགས་རྒྱལ་ན་དེད་དཔོན་དགའ་བོ་ཞེས་བྱ་བ་འདུག་པ་དེའི་བུ་མཛེས་དགའ་ཞེས་བྱ་བ་གཟུགས་བཟང་བ་བལྟ་ན་སྡ…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      ནས་གཟུགས་འཚོ་མ་བཟང་མོས་བུ་མོ་མངག་གཞུག་མ་ལས་ཐོས་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཁྱིམ་བྱུག་པས་བསྐུས་ཤིང་། བྱི་དོར་བྱེད་དུ་བཅུག་ནས་མེ་ཏོག་སྣ་ཚོགས་བཀྲམ་ཞིང་འདུག་སྤོས་ཞིམ་པོས་བདུགས་ཏེ། བླ་རེས་བྲེས་པ་དང་བཅས་པའི་མལ་བཤམས་ནས་གཙོ་ཆེར་དེད་དཔོན་མཛེས་དགའ་ལ་སྡོད་ཅིང་འདུག་གོ་།དེད་དཔོན་མཛེས་དགའ་ཡང་དྲི་དང་ཕྲེང་བ་རྒྱ…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      མཚན་ནི་གཟུགས་དང་འདྲ་ལ་གཟུགས་ཀྱང་མཚན་དང་འདྲ་སྟེ། གལ་ཏེ་ཡབ་ཡུམ་དག་གིས་ཁྱོད་ཀྱི་མཚན་བཟང་མོ་ཞེས་བགྱི་བར་མ་གསོལ་བར་གྱུར་ན། དེང་བདག་གིས་ཁྱོད་ཀྱི་མཚན་བཟང་མོ་ཞེས་བགྱི་བར་གསོལ་བར་འགྱུར་རོ། །མཛེས་དགས་སྨྲས་པ། བཟང་མོ་དགུང་གཅིག་གི་གླ་ཇི་ཙམ། དེས་སྨྲས་པ། རྗེའི་སྲས་ཀྱིས་མི་ཕལ་བ་བཞིན་དུ་མི་གཤའ་བ་ཞིག་བཀའ་སྩལ་ཏོ། །དེའ…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      གནས་སྐབས་སུ་ནོར་བསྒྲུབ་པ་མཛོད་ཅིག །མཛེས་དགས་པང་ཆེན་དེ་ལ་སྨྲས་པ། ཀྱེ་ཁྱོ་ག་སོང་ཞིག་དང་། འོང་ངོ་། །བང་ཆེན་དེ་སོང་སྟེ་ཚོང་པ་རྣམས་ལ་སྨྲས་པ། དེད་དཔོན་གྱི་ཞལ་ནས་སོང་ཞིག་དང་འོང་ངོ་ཞེས་གསུང་ངོ་། །ཚོང་པ་དེ་དག་འདུས་ཏེ་སྡོད་པ་ན་མཛེས་དགའ་ཐོགས་ནས། ཚོང་པ་དེ་དག་ཐམས་ཅད་འདུས་ཏེ་འཇུད་མཐུན་མའི་ཁྱིམ་དུ་དོང་ནས་ཚོང་པ་དེ་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      མ་མཆིས། གྲོང་མི་ཟོང་མ་ནོས་ཏེ་ཡུལ་གཞན་དུ་མཆི་བ་དག་ཀྱང་མ་མཆིས་ཏེ། ཁྱོད་ལྟ་བུ་དག་གི་དྲུང་ནས་གང་ཐོབ་བ་དེས་བདག་འཚོ་བར་འགྱུར་བ་ཁོ་ནར་བས་ན། ཡང་ན་ནི་ཀར་ཤ་པ་ཎ་དག་སྩོལ་ཅིག །ཡང་ན་ནི་སྐྱེས་པ་གཞན་གྱི་སྐབས་དབྱེ་བ་མཛོད་ཅིག །མཛེས་དགས་སྨྲས་པ། བཟང་མོ་ཁྱོད་ལ་སྡུག་པ་འགའ་ཡང་མེད་དམ། བཟང་མོས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས། ཚ…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      ཅིག་རྩེ་བར་བྱ། དགའ་བར་བྱ། དགའ་མགུར་སྤྱད་པར་བྱའོ་སྙམ་དུ་ཤེས་ཤིང་རིག་ནས། བཟང་མོས་མཛེས་དགའི་གོས་ཀྱི་མཐའ་ནས་བཟུང་སྟེ། འཛིན་ཅིང་སྨྲས་པ། རྗེའི་སྲས་ཁྱོད་ལ་ཁབ་ན་བཞད་གད་དག་མི་བགྱིད་དམ། དེ་ནི་བདག་གིས་བཞད་གད་བགྱིས་པ་ལགས་ཀྱིས་བཞེས་ཤིག །མ་བཞུད་ཅིག །མཛེས་དགའ་འདོད་ཆགས་ཤས་ཆེན་པོས་འདུག་པ་དང་། སྐྱེས་པ་གཞན་ཞིག་ཀར་ཤ་པ་…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      པ་ལས་འཇུད་མཐུན་མས་ཚུལ་མ་ལགས་པས་གནོད་པ་བསྒྲུབས་པར་གྱུར་ཏོ། །དགེ་སློང་དེས་སྨྲས་པ། བཞིན་བཟང་ཅིའི་ཕྱིར་རབ་ཏུ་མི་འབྱུང་། མཛེས་དགས་གལ་ཏེ་བདག་འཕགས་རྒྱལ་དུ་སོང་བར་གྱུར་ན། སུ་ཞིག་མཆིལ་མ་དག་ས་ལ་འདོར་བར་འགྱུར་ཏེ། བདག་ཁོ་ནའི་སྟེང་འབའ་ཞིག་ཏུའོ་སྙམ་དུ་ཤེས་ཤིང་རིག་ནས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་ངོ་། །དགེ་སློང་ད…
      DKG005 · སངས་རྒྱས་ཤཱཀྱ་ཐུབ་པ།
      ཕམ་པར་འགྱུར་བ་དང་པོ་བཤད་པ།
      སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་ན་ཁོ་བོ་ཇི་ལྟར་རབ་ཏུ་མི་འབྱུང་། བཟང་མོས་སྨྲས་པ། རྗེའི་སྲས་བུད་མེད་ཀྱི་ཡུལ་ནི་རྟག་ཏུ་ནོངས་པ་མཆིས་པས་བདག་ནོངས་པ་མཆིས་པ་དེ་བཟོད་པར་མཛད་ཅིང་། ད་ནི་བདག་དང་རྫས་ཀྱང་ཁྱོད་ཀྱི་ལགས་ཀྱིས་ཚུར་སྤྱོན་བདག་དང་ལྷན་ཅིག་དགའ་མགུར་སྤྱད་དུ་གསོལ། མཛེས་དགས་སྨྲས་པ། དེའི་ཡང་ཁྱོད་…