Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 156 of 500
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྤང་བའི་ལྟུང་བྱེད་སུམ་ཅུ་ལས། དང་པོ། འཆང་བའི་སྤང་བ་བསྟན་པ།
      ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་གོས་མང་བོ་དག་ཅིག་རྙེད་ཅིང་དེས་ཚེས་གཉིས་ལ་ཡང་གཞན་མང་པོ་དག་ཅིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྡམ་དག་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱིམ་དག་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་དག་བྱིན་གྱིས་བརླབ་བར་བྱ་ཞིང་སྔ་མ་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་ཆོས་གོས་མང་བ་ཉིད་དི་ལྟ་བུ་འདི་བྱུང་སྟེ། དགེ་སློང་དབྱར་གནས་པར་ཁས་བླངས་པ་གང་ཡང་རུང་བས་ཆོས་གོས་རྙེད་ནས་དེས་དེ་བཀྲུས་ཤིང་དྲས་ཏེ་དྲུབས་ནས་ཁ་བསྒྱུར་ཏེ་གཏུར་བུའི་བམ་པོ་བསྒྲེས་ནས་དགེ་སློང…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་ས…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      པའི་ཡོན་ཏན་དང་། མཛེས་པ་ཉིད་དང་། ཚོད་ཤེས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་བཅའ་བར་བྱ་སྟེ། དགེ་སླ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ཀྱང་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཕྱིས་པར་གྱུར་ཏོ། །ཚེ་དང་ལྡན་པ་དག་འདི་ན་བདག་གསོ་སྦྱོང་གི་གནས་སུ་འཕགས་པ་ན་ཆུ་ཀླུང་དབྱར་བཟང་ལྡན་རྒལ་བ་དང་ཆུ་རླབས་ཆེན་པོ་བྱུང་བ་དེས་བདག་གི་སྣམ་སྦྱར་གཤེར་བར་གྱུར་ནས། བདག་སྣམ་སྦྱར་འཚིར་བ་དང་། འདིང་བ་དང་། སྐེམས་པ་ན་ཡུན་རིང་ཞིག་ཐོགས་པར་གྱུར་ཏོ། །ཚེ་དང་ལྡན་པ་དག་ད་ལྟར་བདག་དགེ་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུང་འདི་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ་འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་འདི་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་ག…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ཅན་ལགས་ལ། བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ན་བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ་འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་འདིདགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ཤཱ་རིའི་བུ་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ཞེས་བྱ་བ་ནི་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དེ། སྔ་མ་བཞིན་དུ་མུ་བཞིར་རྒྱས་པར་སྦྱར་རོ། །གལ་ཏེ་ནུབ་གཅིག་ཀྱང་ཞེས་བྱ་བ་ནི་ནུབ་གཅིག་གི་མཐར་ཡང་ངོ་། །ཆོས་གོས་གསུམ་ལས་ཆོས་གོས་གང…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ཀོར་ཐ་དད་པ་དང་། སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་གཅིག་པ་དང་། མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་ཐ་དད་པ་དང་། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      དང་། ཀུན་དགའི་ར་བ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ལམ་དུ་འགྲོ་བ་ལ་སོགས་པ་དང་། ཐད་ཀར་འགྲོ་བ་ལ་སོགས་པ་དང་། མཚམས་གཞན་དག་གི་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་གིས་དགེ་སློང་ཆོས་གོས་དང་མི་འབྲལ་བ་དང་འབྲལ་བའི་ལྟུང་བ་རྣམ་བར་བཞག་པའི་བྱེ་བྲག་རྒྱ་ཆེར་སྟོན་ཏོ། །དེ་ལ་ཁྱིམ་གཅིག་དང་ལྡན་པའི་གྲོང་གང་ཞེ་ན། འདི་ལྟ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རིབ་མས་བསྐོར་བའི་གྲོང་གང་ཞེ་ན། འདི་ལྟ་སྟེ། གྲོང་རིབ་མས་བསྐོར་བ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་ར་ལུག་བཏོན་པ་དག་གི་རྨིག་པས་བསླང་བའི་རྡུལ་འབབ་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གྲོང་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་གང་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་རབ་ཏུ་མང་པོ་དག་ཡོད་པ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །གྲོང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ཁྱིམ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ་མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བ་དག་གི་ཁྱིམ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྒོའོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེེ་སྒོར་སྐྱ་རེང་འཆར་བར་བྱེད་ན་ལྟུང་བ་མེད་དོ། །སྒོར་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེང་འཆར་བར་བྱེ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      མོང་ཕང་དང་ཕང་ལོ་འཇོག་པར་བྱེད་པ་དང་། གང་དུ་རྡུང་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། འཆའ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་དེ་ནི་དེའི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེང་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེང་འཆརབར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་ངག་བཞག་སྟེ་གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ་མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      སྟེགས་ཅན་གྱི་ཁྱིམ་དུ་ཆོས་གོས་དག་བཞག་སྟེ་ལྷའི་གནས་སུ་སྐྱ་རེང་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ལྷའི་གནས་སུ་ཆོས་གོས་དག་བཞག་སྟེ་མུ་སྟེགས་ཅན་གྱི་ཁྱིམ་དུ་སྐྱ་རིང་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །མུ་སྟེགས་ཅན་གྱི་ཁྱིམ་མམ་ལྷའི་གནས་སུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རིང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ཚོང་རྡལ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཚོང་རྡལ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་ཟོང་འཇོག་པར་བྱེད་པ་དང་། ཉོ་བར་བྱེད་པ་དང་། འཚོང་བར་བྱེད་པ་དང་། བགྲང་བར་བྱེད་པ་དང་། འཇའ་བར་བྱེད་པ་དང་། འཇོག་པར་བྱེད་པ་དེ་ནི་དེའི་ཉེན…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      དོ་། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚོང་རྡལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ་མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བ་དག་གི་ཚོང་རྡལ་རབ་ཏུ་མང་པོ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      གཉིས་པ། འབྲལ་བའི་སྤང་བ་་བསྟན་པ།
      ནང་ངམ་འདུག་སྟེགས་སུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚོང་ཁང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བདག་གི་ཚོང་ཁང་རབ་ཏུ་མང་པོ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་ཟོང་…