Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 163 of 500
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བརྒྱད་པ། སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
པ་དང་། ཆུང་མས་སྨྲས་པ། རྗེའི་སྲས་བདག་ཅག་ལ་འཕགས་པ་ཉེ་དགས་ཕན་བཏགས་ཀྱིས་རས་ཡུག་ཆེན་འཇོལ་ལ་དེ་ལ་ཕུལ་ཅིག །ཁྱིམ་བདག་དེ་ཉེ་དགའ་དང་ལྷན་ཅིག་སྲང་དུ་སོང་ནས། ཚོང་ཁང་དུ་ཕྱིན་པ་དང་། ཉེ་དགས་བསམས་པ། ཚོང་བ་འདི་ང་རྒྱལ་བསྐྱེད་པར་བྱ་སྟེ། དེས་ན་རས་ཡུག་ཆེན་བཟང་པོ་སྟེར་བར་འགྱུར་རོ་སྙམ་ནས་ཉེ་དགས་ཁྱིམ་བདག་ལ་སྨྲས་པ། ཁྱིམ་བདག་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བརྒྱད་པ། སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་གང་བྱིན་པས་མི་མགུ་ཞིང་ལྷག་པ་སློང་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བརྒྱད་པ། སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར་རམ་དངུལ་ལོ། །གོས་འདི་དང་འདི་ལྟ་བུ་ཞིག་ཅེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ཏེའོ། །དགེ་སླ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བརྒྱད་པ། སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དེ་དེ་ལྟར་རིན་ཐང་ལས་སོ། །ཇི་ལྟར་ཁ་དོག་ལས་ཞེ་ན། དགེ་སློང་གིས་གོས་སྔོན་པོ་ཐོབ་པ་ན། དེ་དེ་ལས་ལྷག་པར་སློང་ན། ལྷག་པ་སློང་བ་དེ་ལ་ཉེས་སུ་འགྱུར་ལ། ཐོ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། དེ་ལྟར་ཁ་དོག་ལས་སོ། །ཇི་ལྟར་ཁྲུ་ཚད་ལས་ཞེ་ན། དགེ་སློང་གིས་གོ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
དགུ་པ། སོ་སོ་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །ཁྱིམ་བདག་དེ་གཞན་གྱི་ཆུང་མ་ལ་ཆགས་པར་གྱུར་ནས་དེ་ལ་ཆུང་མས་རྗེའི་སྲས་དེ་ལྟ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
དགུ་པ། སོ་སོ་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
ཉེ་དགའ་ལ་བརྟེན་ནས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པས་འདི་ལྟར་འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ལགས་པས་སུ་ཞིག་སུའི་བྲན་ལགས། བྲན་མོ་འདི་ལ་རྡེག་པར་མ་མཛད་ཅིག །བཟང་མོ་ཁྱོད་ཟེར་བ་མ་ཉེས་སོ། །བུ་མོ་ཚུར་ཤོག་ཁྲུས་གྱིས་ལ་ཤོག་ཤིག །བུ་མོ་དེས་ཁྲུས་བྱས་ཏེ་འོངས་པ་དང་། དེས་དེ་ལ་གོས་ཕྲུགས་གཅིག་བསྐོན་ནས་སྨྲ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
དགུ་པ། སོ་སོ་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
བསོད་སྙོམས་ལ་ཞུགས་ཏེ་མཐར་གྱིས་བསོད་སྙོམས་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང་། བུ་མོ་དེས་ཁྱིམ་དག་ལེགས་པར་བྱུགས་ཤིང་ཕྱག་དར་བོར་ནས་དེས་ཉེ་དགའ་མཐོང་བ་དང་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགྱེས་པ་སྦྲན་པར་བགྱིའོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་འདི་ཁྱོད་ལ་སོ་སོ་ནས་རས་ཡུག་ཆེན་འབུལ་བར་འགྱུར་རོ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
དགུ་པ། སོ་སོ་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་ནི་མེད་དེ་རས་ཡུག་ཆེན་འདི་དག་ནི་མཆིལ་ལྷམ་ཕྱི་བའམ། སྐར་ཁུང་ཀླན་པར་རུང་སྟེ། འདི་དག་ནི་ཆོས་གོས་ཀྱི་གདང་ལ་ཡོངས་སུ་ཟས་པ་དང་མཐར་ཐུག་པར་འགྱུར་རོ། །འོ་ན་ཇི་ལྟར་བགྱི། རས་ཡུག་ཆེན་བཟང་པོ་གཞན་དག་བྱིན་ཅིག །རས་ཡུག་ཆེན་དག་མ་མཆིས་སོ། །ཚོང་དུས་ནས་ཉོས་ཏེ་བྱིན་ཅིག །རིན་དག་མ་མཆིས་སོ། །དུ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
དགུ་པ། སོ་སོ་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
བཏབ། བུ་ལོན་པས་བཟུང་སྟེ་འདུག་གོ། །ཁྱོད་ཀྱི་ཕས་ཀྱང་བུ་ལོན་དག་ཡོད་པར་མ་བྱས། མེས་པོ་དག་གིས་ཀྱང་མ་བྱས་ན་བུ་ལོན་པ་ག་ལས་བྱུང་དེས་སྨྲས་པ། གང་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ལ་དད་པར་བྱེད་པ་དེ་དག་འདི་ལྟར་འགྱུར་ཏེ། འདི་ལྟར་གང་བྱིན་པ་དེ་མི་ལེན་པར་ལྷག་པ་སློང་བར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
དགུ་པ། སོ་སོ་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
གན་དུ་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་གཉིག་འདུས་ཏེ་བདག་ལ་གོས་རུང་བཅིག་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཞེས་བྱ་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
དགུ་པ། སོ་སོ་སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་བསྟན་པ།
གིས་ཀཱར་ཥཱ་པ་ཎ་ལྔ་རི་བའི་གོས་ཐོབ་པ་ན་དེ་དེ་ལས་ལྷག་པ་སློང་ན་ལྷག་པ་སློང་བ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །ཀཱར་ཥཱ་པ་ཎ་ལྔ་རི་བ་ཇི་ལྟ་བ་དེ་བཞིན་དུ་ཀཱར་ཥཱ་པ་ཎ་བཅུ་རིབ་དང་། ཀཱར་ཥཱ་པ་ཎ་ཉི་ཤུ་རི་བ་དང་། ཀཱར་ཥཱ་པ་ཎ་ལྔ་བཅུ་རི་བའི་བར་གྱི་གོས་ཐོབ་པ་ན་དེ་དེ་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ནས་གཞན་ཞིག་རྙེད་ན་དེ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློང་གི་གོས་སྤང་བར་གྱུར་ན་ཇི་སྲིད་དུ་དངོས་པོ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུ་དང་། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་ག…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
འཇུད་མཐུན་མའི་ཁྱིམ་ཡང་མ་ལགས། ཆང་པའི་ཁྱིམ་ཡང་མ་ལགས། རྒྱལ་པོའ་ཕོ་བྲང་ཡང་མ་ལགས། གདོལ་པའི་གནས་ཀྱང་མ་ལགས་ཏེ། འདི་ལྟར་འདི་ནི་བྲམ་ཟེ་དབྱར་ཚུལ་གྱི་སྡུམ་པ་ལགས་སོ། །ཀྭའི་ནང་རྗེ་སོང་ལ་བྲམ་ཟེ་དབྱར་ཚུལ་ལ་ཉེ་དགའ་ཤེས་ལྡན་ལྟ་བར་འདོད་ཅིང་སྒོ་ན་སྡོད་དོ་ཞེས་གྱིས་ཤིག །སྒོ་བས་སྨྲས་པ། ཁྱོད་རྒྱལ་པོ་གཟུགས་ཅན་སྙིང་པོའ་སྙིང་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་བ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་རྣམས་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱོད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
དྲུག་ཅུ་འཆོར་བའི་མྱ་ངན་བྱེད་དོ་སྙམ་ནས་སྨྲས་པ། བཙུན་པ་ཉེ་དགའ་གང་དང་གང་དུ་གནས་པར་བདག་གིས་ཀཱར་ཥཱ་པ་ཎ་དྲུག་བཅུ་བསྐུར་བར་བགྱིའོ། །ཨ་རོག་གྱ་དེ་ལྟ་ན་ཕན་ཕུན་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ཡིན་ནོ་ཞེས་སྨྲས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་ད…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོགས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་། སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྦྲིན་ལྟར་ཆུ་དང་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་ཡོགས་སུ་བསྐོར་ཅིང་མདུན་དུ་བདར་ནས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཏེ་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
དེ་དང་ཁོ་ན་ཡོད་པ་ཡིན་ནོ་སྙམ་ནས་དེ་དགེ་སློང་གཞན་ཞིག་གི་གན་དུ་སོང་སྟེ་དྲིས་པ། འཕགས་པ་དགེ་སློང་གི་ཚུལ་དང་མཐུན་པའི་གོས་དག་ཇི་ལྟ་བུ་ལགས། བཞིན་བཟངས་ཅི་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་བྱེད་དམ། འཕགས་པ་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་མི་བགྱིད་དེ་འདི་ལྟར་བྲམ་ཟེ་དབྱར་ཚུལ་གྱིས་བཙུན་པ་ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
བསམས་པ། འདི་དང་དེ་གཉིས་སུ་མཐུན་གྱིས་ཁྱིམ་དུ་སོང་ལ་དེ་ཉིད་དུ་དེ་འོགས་པ་ལ་བདེ་བར་ཚིག་གི་ལན་གདབ་བོ་སྙམ་ནས་སྨྲས་པ། འཕགས་བ་བཙུན་བ་ཉེ་དགའ་ལ་ཁྱིམ་བདག་གི་མཆིད་ནས་འདི་སྐད་ཅེས་བདག་གི་སྡུམ་པ་ནི་ཕྱོགས་ག་གེ་མོ་ཞིག་ན་མཆིས་ཀྱིས་གལ་ཏེ་ཀཱར་ཥཱཔ་ཎ་བཞེད་ན་གཤེགས་སུ་གསོལ་ཞེས་གསུངས་ཤིག་ཅེས་སྨྲས་ཏེ་སོང་ངོ་། ཉེ་དགའ་ཡང་གཙུག་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
ཀྱིས་བཞེས་ཤིག །ཨ་རོག་ཁྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་ལོངས་སྤྱོད་ཀྱང་ཐོབ་པར་གྱུར་ཅིག །འཕགས་པ་ཅིའི་སླད་དུ་བདག་གི་མིང་གིས་ཡོན་བཤད་པ་མཛད། བྲམ་ཟེ་དབྱར་ཚུལ་གྱི་མིང་གིས་ཡོན་བཤད་པ་མཛོད་ཅིག །བཀྲེན་པ་འདི་ལ་དགོས་པ་ཅི…