Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 164 of 500
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
སྐྱོངས་ནས་སྨྲས་བ། འཕགས་པ་གཞན་ཏུ་གསོལ། ཉེ་དགས་ཀཱར་ཥཱ་པ་ཎ་དེ་དག་དེར་བཞག་སྟེ་ཁྱིམ་བདག་གི་ཁྱེའུ་དེ་ཕྱིར་བཏག་སྟེ་སོང་ངོ་། །ཚོང་པའི་ཚོགས་ཀྱིས་ཀྱང་བདག་ཅག་ལས་གང་ཉི་མ་ཤར་ན་འོང་བ་དེ་བདག་ཅག་གིས་ཀཱར་ཥཱ་པ་ཎ་དྲུག་བཅུ་འཇལ་དུ་གཞུག་གོ་ཞེས་ཁྲིམས་སུ་བྱ་བ་བཅས་ནས་སྤོས་འཚོང་གི་ཁྱེའུ་དེ་ལ་མས་སྨྲས་པ། བུ་ཅི་ནས་ཀྱང་བདག་ཉིད་ཀ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
དག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ལ་མངོན་པར་དད་པར་བྱེད་པ་དེ་དག་འདི་ལྟར་འགྱུར་ཏེ། དད་པའི་མྱུ་གུ་སྐྱེས་མ་ཐག་པ་ཉིད་ཉམས་པར་བྱས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདིལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
འཕགས་པས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ན་དགེ་སློང་དེས། ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་བར་བྱའོ། །གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་པ་རྣམས…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བརྩལ་ཏེ། གོས་གྲུབ་པ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ཡིད་བརྟན་པའི་ཕོ་ཉས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའ་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅི་ཡང་མ་གྲུབ་ཀྱིས། ཤེ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
ཞེས་བྱ་བ་ནི་རུང་བ་བྱེད་པའོ། །དགེ་བསྙེན་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་སོང་བ་བསླབ་པའི་གཞི་ལྔ་བླངས་པའོ། །ཕྱོགས་སུ་ཞེས་བྱ་བ་ནི་ཕྱོགས་བཞི་པོ་དག་ཏུ་སྟེ། ཕྱོགས་བཞི་པོ་དག་གང་ཞེ་ན། འབོད་གནས་དང་། ཁྱིམ་གནས་དང་། ལས་ཀྱི་མཐའ་དང་། ལས་ཀྱི་གནས་དག་གོ །འབོད་གནས་ཇི་རྫ་མཁན་གྱི་གནས་དང་། འདྲེག་མཁན་གྱི་གནས་དང་། ཁྱིམ་གནས་ནི་ཁ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་པ། སྐུར་བའི་སྤང་བ་བསྟན་པ།
ན་ཡིད་བསྟན་པའི་ཕོ་ཉ་ལས་ཞེས་བྱ་བ་ནི་ལྷན་ཅིག་གནས་པའམ་ཉེ་གནས་ལས་སོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལདེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ཞལ་ཏ་བྱེད་པ་དེ་དགེ་སློང་དེའི་གན་དུ་འོངས་ནས་འདི་སྐད་ཅེས་འཕགས་པ་གོས་འདི་དག་བཞེས་ཤིག་ཅེས་ཟེར་ན་དགེ་སློང་དེས་ཞལ་ཏ་བྱེད་པ་དེ་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གཅིག་པ། སྲིན་བལ་གྱི་སྤང་བ་བསྟན་པ།
སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གཅིག་པ། སྲིན་བལ་གྱི་སྤང་བ་བསྟན་པ།
བྱེད་དེ། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གགཉིས་པ། བལ་ནག་པོ་འབའ་ཞིག་གི་སྤང་བ་བསྟན་པ།
ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཆུན་པོ་དང་། འདའ་བ་དང་། ཕུང་པོ་ལས་ཏེ། དགེ་སློང་གིས་སྲིན་བལ་དག་གི་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གགཉིས་པ། བལ་ནག་པོ་འབའ་ཞིག་གི་སྤང་བ་བསྟན་པ།
དུ་འཇུད་དེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུག་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། ལུག་བ་ལ་ནག་པོ་འབའ་ཞིག་འདོ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གགཉིས་པ། བལ་ནག་པོ་འབའ་ཞིག་གི་སྤང་བ་བསྟན་པ།
ཆེ་བ་དང་། ཆོག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བ་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། གསོ་སླབ་དང་། དགང་སླབ་དང་། ཕྲིབ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གསུམ་པ། ཆ་གཉིས་སྲེལ་བའི་སྤང་བ་བསྟན་པ།
པོ་འབའ་ཞིག་དག་གི་ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། སྟན་བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་དག་གི་འདའ་བ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་ཇི་སྲིད་དུ་སྟན་མི་བྱེད་པ་དེ་སྲིད་དུ་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གསུམ་པ། ཆ་གཉིས་སྲེལ་བའི་སྤང་བ་བསྟན་པ།
ཀྱང་དེ་དག་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད་དོ། །དེ་འདོད་པ་དང་། དེའི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་གསུམ་པ། ཆ་གཉིས་སྲེལ་བའི་སྤང་བ་བསྟན་པ།
པར་བྱ། གསུམ་པ་ནི་དཀར་པོ་ལས། བཞི་པ་ནི་མཁོབ་བལ་ལས་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་ནི་དཀར་བོ་ལས། བཞི་བ་ནི་མཁོབ་བལ་ལས་མ་བཅུག་པར་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་བས་སོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་། ར…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་བཞི་པ། ལོ་དྲུག་ཏུ་བཅང་བའི་སྤང་བ་བསྟན་པ།
དགེ་སློང་གོས་སྟན་སྲང་ཉི་ཤུ་པ་དང་། སྲང་སུམ་བཅུ་པ་དང་། སྲང་བཞི་བཅུ་པ་དང་། སྲང་ལྔ་བཅུ་པ་བྱེད་ན་དེས་ལུག་བལ་ནག་པོ་འབའ་ཞིག་ལས་སྲང་ཉི་ཤུ་རྩ་ལྡ་དང་། དཀར་པོ་ལས་སྲང་ཕྱེད་དང་བཅུ་གསུམ་དང་། མཁོབ་བལ་ལས་སྲང་ཕྱེད་དང་བཅུ་གསུམ་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་བཞི་པ། ལོ་དྲུག་ཏུ་བཅང་བའི་སྤང་བ་བསྟན་པ།
རིངས་སོ། །འདི་ནི་ཧ་ཅང་ཐུངས་སོ། །ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད། སྟན་འདི་ནི་ཧ་ཅང་དོག་གོ །འདི་ནི་ཧ་ཅང་ཡངས་སོ། །འདི་ནིཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་། ཤ་ཟད་པ་དང་། བཅོས་དཀའ་བ་ཉིད་ཡིན་ནོ། །ཞེས་དེ་བོར་ནས་གཞན་བྱེད་དུ་འཛད་པས། དགེ་སློང་འདི་དག་སྟན་བྱས་ཤིང་སྟན་བྱས་ཤིང་འདོར་བ་ན་བྱ་བ་མང་བ་དང་། བྱེད་བ་མང་བར་འགྱ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་བཞི་པ། ལོ་དྲུག་ཏུ་བཅང་བའི་སྤང་བ་བསྟན་པ།
རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་ད…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་བཞི་པ། ལོ་དྲུག་ཏུ་བཅང་བའི་སྤང་བ་བསྟན་པ།
སྟན་གྱིས་མི་ཐུབ་པ་དེ་དག་གྲང་བ་དག་གིས་ལས་སར་པ་དག་རྒྱུན་བཀུམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ལག་གི་བླ་གང་ལ་ལོ་དྲུག་ཏུ་སྟན་གྱིས་མི་ཐུབ་པའི་དགེ་སློང་དེས་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་བར་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲ…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་བཞི་པ། ལོ་དྲུག་ཏུ་བཅང་བའི་སྤང་བ་བསྟན་པ།
བཅོས་དཀའ་བ་ཉིད་ཡིན་ན་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ལོ་དྲུག་ཏུ་སྟན་མི་བགྱིད་བ་ལས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང…
DKG006
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་བཞི་པ། ལོ་དྲུག་ཏུ་བཅང་བའི་སྤང་བ་བསྟན་པ།
ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་། མ་སྤངས་ཀྱང་རུང་། སྟན་སར་པ་གཞན་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་…