Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 165 of 500
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་བཞི་པ། ལོ་དྲུག་ཏུ་བཅང་བའི་སྤང་བ་བསྟན་པ།
      པ་དང་། བཞི་པ་དང་། ལོ་ལྔ་པ་ལ་སྟན་གཉིས་པ་རྩོམ་པར་བྱེད་ན་གཉིས་པ་རྩོམ་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་ཡང་ཉེས་བྱས་སུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་གིས་ལོ་གང་ལ་སྟན་རྩོམ་པར་བྱེད་པའི་ལོ་དེ་ཉིད་ལ་སྟན་གཉིས་པ་བརྩམས་ནས་སྔ་མ་ཟིན་པར་བྱེད་ན་གཉིས་པ་རྩོམ་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། བྱས་ཟིན་ན་སྤང་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།
      འདུལ་བ་རྣམ་པར་འབྱེད་པ། བམ་པོ་སུམ་བཅུ་རྩ་གཉིས་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ར་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་མཁྱེན་བ་ཐུགས་སུ་ཆུད་པ་དེའི་ཚེ་ན་ཐམས་ཅད་དུ་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་ཞེས་གྲག་གོ་ཞེས་སྒྲ་གྲགས་སོ། །བྱང་ལམ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།
      ལྡན་འདས་ཚོང་པ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་།…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།
      འདས་གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པས། རྫས་ལས་བྱུང་བ་ནི་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་ལ་མོན་པར་ཐུགས་སུ་ཆུད་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའི་ར་བ་ནས། ཀུན་དགའི་ར་བར། གཙུག་ལག་ཁང་ནས་གཙུག…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།
      མཛད་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ། དགེ་སློང་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཏེ་བོར་ཟས་བསོད་ཅིང་དགེ་སློང་གི་དགེ་འདུན་ཚིམ་པར་བགྱིས་སོ། །དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས། གཙུག་ལག་ཁང་གི་སླད་རོལ་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅོ་ལྔ་པ། མཐོ་གང་གི་སྤང་བ་བསྟན་པ།
      བཞིན་དུས་དང་བརྟག་པ་དང་། །ཁད་ཀྱིས་ཡོངས་སུ་སྤྱད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང་། སྤང་བ་དང་། བརྟག་པ་དང་། །ཁད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་དྲུག་པ། བལ་ཐོགས་པའི་སྤང་བ་བསྟན་པ།
      སོ། །དེལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་ཀླན་པར་ཇི་ཙམ་ཅུང་ཟད་དུ་གདིང་བ་སར་པ་སྤྱོད་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གདིང་བ་རྙིང་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤ་ཟད་པ་དང་། བུག་རྡོལ་དུ་གྱུར་པ་དང་། བཅོས་སུ་མི་རུང་བ་ཡིན་ན་ལྟུང་བ་མེད་དོ། །…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་དྲུག་པ། བལ་ཐོགས་པའི་སྤང་བ་བསྟན་པ།
      བཟངས་དག་ཁོ་བོ་ཅག་ཀྱང་ཁྱེད་དང་ལྷན་ཅིག་འདོང་ངོ་། །འཕགས་པ་དག་བལ་ཡུལ་ནི་རྔ་མོའ་རྒྱབ་འདྲ་བ་ལགས་པས། ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ། །བཞིན་བཟངས་དག་གལ་ཏེ་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་། ཡུལ་མཐོང་བར་འགྱུར་བས་འདོང་བར་བྱའོ། །འཕགས་པ་དག་གལ་ཏེ་དེ་ལྟན་ཚུར་སྤྱོན་བཞུད་དོ། །དྲུག་སྡེ་དག་དོན་མཐུན་དེ་དག་དང་ལྷན་ཅིག་བལ་ཡུལ་དུ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་དྲུག་པ། བལ་ཐོགས་པའི་སྤང་བ་བསྟན་པ།
      འོང་བར་འགྱུར་ཞིང་དེ་དག་གིས་དང་པོར་བདག་ཅག་བསད་པར་འགྱུར་ལ་དེའི་འོག་ཏུ་ནོར་ཡང་ཕྲོགས་པར་འགྱུར་གྱིས། བདག་ཅག་གིས་གཅེས་པ་དག་ཁྱེར་ཏེ་འདོང་ངོ་སྙམ་ནས་ཡིད་མི་དགའ་ཞིང་འཁོད་པ་དང་། དྲུག་སྡེ་དག་ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ཡིད་མི་དགའ་ཞིང་འཁོད། འཕགས་པ་དག་ཤིང་རྟའི་སྲོག་ཤིང་ཆག་སྟེ་གལ་ཏེ་ཤིང་རྟའི་སྲོ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་དྲུག་པ། བལ་ཐོགས་པའི་སྤང་བ་བསྟན་པ།
      ཞིང་དེར་རྙེད་པ་འགྲུབ་པར་འགྱུར་རོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གལ་ཏེ་དོན་མཐུན་དང་ལྷན་ཅིག་འདོང་ན་ཐོ་འཚམ་པ་མང་དུ་འབྱུང་གིས་དོན་མཐུན་གྱི་མདུན་དུ་འདོང་ངོ་ཞེས་དེ་དག་དོན་མཐུན་གྱི་མདུན་དུ་འཕགས་ཏེ་དོང་བ་དང་། རི་བྲགས་ཤིག་ན་ཆོམ་རྐུན་པ་གཅད་པའི་ཕྱིར་ཡང་རྒོད་ཀྱི་མི་མང་པོ་བཀོད་ཅིང་འཁོད་བ་དེ་དག་གིས་དེ་དག…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་དྲུག་པ། བལ་ཐོགས་པའི་སྤང་བ་བསྟན་པ།
      ལྷུང་བཟེད་ནག་པོ་ཅན་དག་ལས་ཐོ་འཚམ་པ་མང་དུ་འབྱུང་གིས་སྒེའུ་ཆུང་ནས་འཇུག་པར་བྱའོ་ཞེས་དེ་དགེ་སྒེའུ་ཆུང་ནས་ཞུགས་པ་དང་། རྒན་ཞུགས་ཞིག་གིས་མཐོང་ནས་དེས་སྲས་པ། ཨེ་མའོ་ཁུར་ཙ་བ་དག་ཅིའི་ཕྱིར་གྲོང་དྲལ་ཏེ་འཇུག་པར་བྱེད། རྒན་ཞུགས་ཁོ་བོ་ཅག་ཁྱོད་ཀྱི་ཁུར་ཙ་བ་དག་ཡིན་ནམ། དེས་སྨྲས་པ་ཁྱེད་སུ་ཡིན། ཚེ་དང་ལྡན་པ་དྲུག་སྡེ་དག་ཡིན་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་དྲུག་པ། བལ་ཐོགས་པའི་སྤང་བ་བསྟན་པ།
      གྲངས་དུ་མས་རྣམ་པར་སྨད་པ་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ལམ་དུ་ཞུགས་པས་ལུག་བལ་དག་རྙེད…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་བདུན་པ། བལ་རྨེལ་དུ་འཇུག་པའི་སྤང་བ་བསྟན་པ།
      ཀྱི་མཐར་ཕྱིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ །ཆུ་རྡུལ་དྲུག་ལ་ལྕག་རྡུལ་གཅིག་གོ །ལྕག་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ །རི་བོང་རྡུལ་དྲུག་ལ་ལུ་རྡུལ་གཅིག་གོ །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་བདུན་པ། བལ་རྨེལ་དུ་འཇུག་པའི་སྤང་བ་བསྟན་པ།
      པས་རྙེད་པ་གང་གྲུབ་པ་དེ་ཡང་ཁོ་བོ་ཉིད་ཀྱིར་བྱའོ། །ཉེ་དགས་བསམས་པ་འདི་འདི་ན་འདུག་འདུག་པས་རྙེད་པ་མང་པོ་གྲུབ་གོར་མ་ཆག་སྙམ་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དུས་ཐམས་ཅད་དུ་དྲུག་སྡེ་ཡིན་ན་ད་ཅིའི་ཕྱིར་ལྔ་སྡེར་འགྱུར་བར་བྱ། ཆུ་དྲུག་ཁོ་ནར་བྱའོ་སུ་དགོད་དུ་གཞུག །བཙུན་པ་འཆར་ཀ་མ་དུབ་པ་ཡིན་གྱིས་དེ་འགོད་དུ་གཞུག་གོ …
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་བདུན་པ། བལ་རྨེལ་དུ་འཇུག་པའི་སྤང་བ་བསྟན་པ།
      དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་རོ་ཞེས་བཀའ་སྩལ་པ་དེ་ལེགས་པར་གསུངས་པ་ཡིན་ཏེ། ད་གཟོད་ཁོ་ན་བདག་ཀྱེ་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འོངས་ན་ཅི་མ་རུང་སྙམ་པའི་བློ་སྐྱེས་ན་ཁྱོད་ཀྱང་འདིར་འོངས་སོ། །བདག་གིས་བལ་ཉུང་ཞིག་རྙེད་པ་དེ་ཁྱེད་ཀྱིས་རྨེལ་དུ་ཆུག་སྟེ་བྱིན་ཅིག །འཕགས་པ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚ…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་བདུན་པ། བལ་རྨེལ་དུ་འཇུག་པའི་སྤང་བ་བསྟན་པ།
      པ་དང་ཇི་ཙམ་ན་ཕུང་བོ་ཆེན་པོར་རྣམ་པར་གནས་པར་གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་རྟ་གད་ཀྱིས་བཏབ་སྟེ་སྨྲས་པ། འཕགས་པ་འཆར་ཀ་ན་རེ་བལ་ཅུང་ཞིག་ཟེར་ན་གལ་ཏེ་མང་བར་གྱུར་ན་ཇི་ལྟ་བུར་འགྱུར། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྨྲས་པ། ནུ་མོ་དག་མགོ་བྲེགས་ཤིང་མཆན་ཁུང་རལ་བུ་ཅན་དག་ཡིན་ན་གོད་དུ་ཅི་ཡོད། འཕགས་པ་འཆར་ཀའི་མཆིད་ནས…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་བདུན་པ། བལ་རྨེལ་དུ་འཇུག་པའི་སྤང་བ་བསྟན་པ།
      མཱིའི་ལག་པ་གཉིས་འདི་ལྟ་སྟེ། དཔེར་ན་བཙོ་བླག་མཁན་གྱི་ལག་པ་དམར་བ་ལྟར་དམར་བ་དང་ཤིན་ཏུ་དམར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཅིའི་ཕྱིར་ཁྱོད་ཀྱི་ལག་པ་གཉིས་འདི་ལྟ་སྟེ། དཔེར་ན་བཙོ་བླག་མཁན་གྱི་ལག་པ་དམར་བ་ལྟར་དམར་བ་དང་ཤིན་ཏུ་དམར་བར་གྱུར།…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་བདུན་པ། བལ་རྨེལ་དུ་འཇུག་པའི་སྤང་བ་བསྟན་པ།
      ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །འཁྲུར་འཛུད་དམ་ཞེས་བྱ་བ་ནི་ཐ་ན་…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅོ་བརྒྱད་པ། གསེར་དངུལ་ལ་རེག་པའི་སྤང་བ་བསྟན་པ།
      བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་ལུག་བལ་དག་འཁྲུར་འཛུད་ན་ཉེས་བྱས་སུ་འགྱུར་རོ། །འཚེད་དུ་འཛུད་ན་ཉེས་བྱས་སུ་འགྱུར་རོ། །རྨེལ་དུ་འཛུད་ན་ཉེས་བྱས་སུ་འགྱུར་རོ། །འཁྲུར་འཛུད་པ་དང་འཚེད་དུ་འཛུད་དམ། འཁྲུར་འཛུད་པ་དང་རྨེལ་དུ་འཛུད་དམ། འཚེད་དུ་འཛུད་པ་དང་འཁྲུར་འཛད་ད…
      DKG006 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅོ་བརྒྱད་པ། གསེར་དངུལ་ལ་རེག་པའི་སྤང་བ་བསྟན་པ།
      ལྟ་བུ་འདི་བྱུང་བར་གྱུར་ཏེ། ཤེས་ལྡན་དག་ཅི་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ངམ། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དམ། འོན་ཏེ་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་ཅེས་མཆི་ནས། དེ་ན་ཁ་ཅིག་ནི་འདི་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞི…