Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 186 of 500
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གཽ་ཏ་མཱི་ཁྱོད་ཀྱ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      མི་འོང་བ་ཉིད་དུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ལན་གཉིས་སུ་ཚེ་དང་ལྡན་པ་དགའ་བྱེད་ལ་བཀའ་སྩལ་པ། དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་འདོམས་ཤིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགའ་བྱེད་དགེ་སློང་མ་…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      དགའ་བྱེད་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ། ཚེ་དང་ལྡན་པ་དགའ་བྱེད་སྟན་བཤམས་པ་ཉིད་ལ་འདུག་གོ །དེ་ནས་དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་དགའ་བྱེད་དགེ་སློང་མ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      དགེ་སློང་དག་རིགས་ཀྱི་བུ་དགའ་བྱེད་ཀྱིས་དགེ་སློང་མ་ལྔ་བརྒྱ་པོ་དག་ལ་ལེགས་པར་གདམས་ཤིང་ལེགས་པར་རྗེས་སུ་བསྟན་ནས་རྣམ་པར་གྲོལ་ཞིང་མཐར་ཐུག་པ་ཉིད་ཐོབ་སྟེ། འདིའི་ཚེ་དུས་བྱེད་པར་གྱུར་ན་དེ་དག་གིས་ལམ་གདགས་སུ་མེད་དེ་འདི་སྡུག་བསྔལ་གྱི་མཐར་གྱུར་པ་ལ་ལྟོས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ཟླ་བ་ཡར་གྱི་ངོ་དེ་ཉིད་ཀྱི་ཚེས་བཅ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      དག་ན་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་ལྟ་བུ་དག་བདག་ཅག་ལ་ཀུན་དུ་སྟོན་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲུག་སྡེ་དག་དགེ་སློང་མའི་སྟོན་པར་བསྐོ་བར་མི་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་མའི་སྟོན་པར་བསྐོས་ཏེ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་མ་ལ་སྟོན་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པའོ། །ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཕམ་པར་འགྱུར་བ་བཞི་པོ་དག་ལས་གང་ཡང་རུང་བའི་ལྟུང་བ་མ་བྱུང་བ་སྟེ། དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཇི་ལྟར་མང་དུ་ཐོས་པ་ཡིན་ཞེ་ན། དེས་སོ་སོར་ཐར་པའི་མདོ་གདོན་པ་རྒྱ་ཆེར་ཐོན་པ་དང་། ལོབས་པ་སྟེ་དེ་ལྟར་མང་དུ་ཐོས་པ་ཡིན་ནོ། །ཇི་ལྟར་གནས…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      བྲམ་ཟེ་དེས་བུད་མེད་རྒན་མོ་དེ་བོས་ནས་དེ་ཡང་འོངས་སོ། །ཇི་ཙམ་ན་བཙས་པ་དང་དེ་ལས་ཁྱེའུ་ཞིག་བྱུང་ནས་བུད་མེད་རྒན་མོ་དེས་ཁྱེའུ་དེ་ཁྲུས་བྱས་ཏེ་རས་དཀར་པོས་དཀྲིས་ནས། དེའི་ཁ་ཞུན་མར་གྱིས་བཀང་སྟེ་བུ་མོ་ཞིག་གི་ལག་དུ་བྱིན་ནས། དེས་བུ་མོ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་ལམ་པོ་ཆེའི་བཞི་མདོར་ཟུང་ལ་གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་འག…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      བཅོམ་ལྡན་འདས་ཀྱང་སྔ་དྲོ་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་ནས་བུ་མོ་དེས་རྒྱ་ཆེར་རྗེ་ས་དང་བཅས། གུས་པ་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ཁྱེའུ་འདི་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུན་རིང་དུ་འཚོ་བར་གྱུར་…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      རོལ་དུ་སོན་པ་ཤེས་པས་རང་གི་སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་ནུས་པར་གྱུར་ཏོ། །དེའི་ཚེ་ན་བྲམ་ཟེ་ལམ་ཆེན་པ་དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་དག་བྲམ་ཟེའི་གསང་ཚིག་དག་འདོན་དུ་བཅུག་གོ །ཇི་ཙམ་དུས་གཞན་ཞིག་ན་ཡང་བྲམ་ཟེ་དེ་ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་སེམས…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      ག་གེ་མོ་ཞིག་ཏུའོ། །དེ་དག་གིས་སྨྲས་པ། ཁྱེའུའི་མིང་ཅིར་གདགས། ཁྱེའུ་འདི་ལམ་ཕྲན་དུ་བཟུང་བས་འདིའི་མིང་ལམ་ཕྲན་པ་ཞེས་གདགས་སོ་ཞེས་དེའི་མིང་ལམ་ཕྲན་པ་ཞེས་བཏགས་སོ། །ཁྱེའུ་ལམ་ཕྲན་པ་དེ་བསྲིངས་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ན་ཡི་གེ་ལ་བཅུག་ན་དེས་སིད་ཅེས་བརྗོད་ན་བརྗེད་པར་བྱེད་ལ། ཞེས་…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      དང་། འབྲས་བུའི་སྨན་དག་གིས་བསྙེན་བཀུར་བྱས་ཀྱང་ཉམས་པ་ཉིད་དུ་གྱུར་ནས་དེ་ལམ་ཆེན་པ་བོས་ཏེ་སྨྲས་པ་བུ་ཁོ་བོ་འདས་ནས་ཁྱོད་ནི་མྱ་ངན་བྱ་མི་དགོས་ཀྱིས་ཁྱོད་ཀྱི་ནུ་བོ་ལམ་ཆུང་བ་འདི་ལ་ཁྱོད་ཀྱིས་མཁོ་བ་བསྟབས་པར་གྱིས་ཤིག་ཅེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ནི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་ས…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      པ། མཁན་པོ་དེ་སྐད་མ་གསུང་ཤིག །དེ་གཉིས་ནི་བདག་ཉིད་ཆེན་པོ་ལགས་པས་གལ་ཏེ་མཁན་པོས་དེ་གཉིས་ལས་ཆོས་གསན་པར་གྱུར་ན་མཁན་པོའི་ཐུགས་མངོན་པར་དད་པར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་སོ། །ལམ་ཆེན་པས་བསམས་པ། བརྟག་པར་བྱས། རེ་ཞིག་གང་གི་ཚེ་བྲམ་ཟེའི་ཁྱེའུ་དག་མི་ཀློག་པར་འགྱུར་བ་དེའི་ཚེ་བདག་ཀྱང་འགྲོ་བར་བྱའོ་སྙམ་མོ། །བྲམ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      ཟེ་དེ་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་དགེ་སློང་དེས་བྲམ་ཟེ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པ་རྒྱ་ཆེར་བསྟན་ཏོ། །བྲམ་ཟེ་དེ་མངོན་པར་དད་པར་གྱུར་ནས་སྨྲས་པ། དགེ་སླ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ་བོང་བ་དང་གསེར་དུ་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་མཚུངས་…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      དེ་ལྟར་མི་འགྲོ་སྙམ་ནས་ལམ་ཆུང་བ་ཡང་འཕགས་པ་ལམ་ཆེན་པ་བལྟ་བའི་ཕྱིར་སོང་ངོ་། །ཚེ་དང་ལྡན་པ་ལམ་ཆེན་པས་དེ་མཐོང་ནས་སྨྲས་པ་ལམ་པ་འཚོའམ། འཕགས་པ་འཚོའོ། །ཇི་ལྟར་འཚོ་དེས་སྨྲས་པ་འཕགས་པ་ཚེགས་ཆེན་པོས་སོ། །ཚེ་དང་ལྡན་པ་ལམ་ཆེན་པས་སྨྲས་པ། ཇི་ལྟར་རབ་ཏུ་མི་འབྱུང་ངམ། ལམ་ཆུང་བས་སྨྲས་པ། འཕགས་པ་བདག་ནི་བུལ་བ་མཆོག་ཏུ་བུལ་བ་ཆུང་བ…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      ལ་དབྱར་ཉེ་བར་བསྒྲུབ་པའི་ཚེ་གདམས་ངག་མནོས་ཏེ། གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་དབྱར་གནས་པར་ཁས་ལེན་པ་དེ་དག་ནི་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལ་ལྷགས་ནས་ཇི་ལྟར་ཐོབ་པ་ནི་རྗོད་པར་བྱེད། མ་ཐོབ་པ་ནི་ཐོབ་པར་བྱ་བའི་ཕྱིར་འོག་ཏུ་འདྲི་བར་བྱེད་པས་ཚེ་དང་ལྡན་པ་ལམ་ཆེན་པའི་ལྷན་ཅིག་གནས་པ་དང་། ཉེ་ག…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      ཞིག་ཁ་ཏོན་དག་སྩོལ་ཅིག །ཚེ་དང་ལྡན་པ་ལམ་ཆེན་པས་བསམས་པ། ཅི་འདི་རེ་ཞིག་རང་གི་བློས་གསོལ་པར་བྱེད་དམ། འོན་ཏེ་གཞན་གྱིས་བཏང་སྙོམས་སུ་བསམས་ན། དེ་གཞན་གྱིས་བཏང་བར་མཐོང་ནས་ཚེ་དང་ལྡན་པ་ལམ་ཆེན་པས་བསམས་པ། ཅི་འདི་རེ་ཞིག་སྨད་པས་གདུལ་བ་ཡིན་ནམ། འོན་ཏེ་བསྟོད་པས་འདུལ་བ་ཡིན་སྙམ་དུ་བསམས་ན། སྨད་པས་གདུལ་བ་ཡིན་པར་མཐོང་ནས་དེས་…
      DKG007 · སངས་རྒྱས་ཤཱཀྱ་ཐུབ་པ།
      བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
      གསུང་རབ་འདི་ཡང་དག་པར་བསྒྲུབས་པ་མ་ཡིན་གྱི། ངས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱ་དཀའ་བ་འབུམ་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཏེ་ཐུབ་པའི་དབང་པོའི་གསུང་རབ་འདི་ཡང་དག་པར་བསྒྲུབས་པ་ཡིན་ན་ཁྱོད་དེ་བཞིན་གཤེགས་པ་ལས་ཀློག་ནུས་སམ། བཙུན་པ་བདག་ནི་བུལ་བ། མཆོག་ཏུ་བུལ་བ། ཆུང་བ། མཆོག་ཏུ་ཆུང་བ་ལ…