Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 189 of 500
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་དོང་བ་དང་། ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་དག་བཅད་པར་གྱུར་ནས་དགེ་སློང་མ་རྣམས་ཀྱིས་སྒོ་བཙལ་བ་དང་། སྒོ་བས་སྨྲས་པ། སྒོ་བཅད་ལགས་སོ། །དེ་དག་གིས་སྨྲས་པ། ཕྱེ་ཤིག་ལྡེ་མིག་དག་རྒྱལ་པོའི་ཕོ་བྲང་དུ་འཚལ་ཏོ། །དེ་དག་གིས་བསམས་པ། འདི་ཉིད་དུ་འཁོད་དོ་སྙམ་ནས་མཉན་ཡོད་དང་ཧ་ཅང་མི…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
སློང་དག་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་ཉི་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་པས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ཉི་མ་ནུབ་པ་ལ་ཡིད་གཉིས་ཟ་བས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
སྨྲས་པ། ཅིའི་སླད་དུ་མི་བཀྲི། ཁྱིམ་བདག་གིས་སྨྲས་པ། དེར་འདིའི་གཡོག་སུ་བྱེད་པར་འགྱུར། དེ་དག་གིས་སྨྲས་པ། དེར་བདག་ཅག་གིས་འདིའི་གཡོག་བགྱིའོ། །ཁྱིམ་བདག་དེས་དེ་ཁྲིད་དེ་སོང་ནས་དོན་མཐུན་དེ་དག་དགོན་པའི་ལམ་ཞིག་ཏུ་མཚན་མོ་བཏབ་པ་དང་། དོན་མཐུན་དེ་དག་ལམ་གྱིས་དུབ་པས་ཉལ་ནས། ཁྱིམ་བདག་གི་ཆུང་མ་དེ་མེལ་ཚེ་བྱེད་དོ། །ཇི་ཙམ་…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
བ་དང་རྗེས་སུ་ཡི་རང་བ་བྱས་ཏེ་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་འདི་སྐད་ཅེས་གསོལ…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
སྒོ་ན་འཆག་ཅིང་འདུག་གོ །ཉེ་དགའས་དགེ་སློང་མ་དེ་མཐོང་ནས་དེ་ལ་དྲིས་པ། ཁྱེར་ཏེ་འོངས་པ་འདི་ཅི། འོ་ཐུག་གོ །སུ་ལ་བླུད། འཕགས་པ་དགའ་བྱེད་དོ། །གལ་ཏེ་ཉེ་དགའས་ཀྱང་འོ་ཐུག་རྙེད་པར་འགྱུར་ན་རྟག་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ཁ་ཅིག་གིས་ནི་ཞོ་ཐུག་ཁྱེར་ཏེ་འོངས། ཁ་ཅིག་གིས་ནི་ཧྭགས་ཀྱི་ལ་དུ་…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་དག་ཅེས་བྱ་བ…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
ཅེས་དེས་ཆུང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་གན་དུ་ཁྲིད་དེ་སྨྲས་པ། འཕགས་མ་བདག་གི་མཆིས་འབྲང་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ན་འཕགས་མས་འདི་རབ་ཏུ་དབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་གསོལ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་དེ་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་སོ། །དེས་…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེ…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པ…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་རྨས་པ། དགེ་སློང་ཁྱོད་དགེ་སློང་མ་ཉེ་ད…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
ན། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
འཚལ་ནས་མདུན་དུ་འདུག་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་རས་ཡུག་ཆེན་མཐོང་ནས་དེ་ལ་སྨྲས་པ། སྦེད་མ་གང་ལ་རས་ཡུག་ཆེན་འདི་ལྟ་བུ་ཡོད་པ་དེས་རས་སར་བ་ལས་སྣམ་སྦྱར་ཉི་རིམ་བྱས་ཏེ་སྙིང་ལས་ཆུང་ངུས་དགེ་བའི་ཕྱོགས་ལ་ཏྲོན་བྱས་པར་འགྱུར་རོ། །སྦེད་མས་སྨྲས་པ། འཕགས་པ་བདག་ཁྱོད་ལ་རས་ཡུག་ཆེན་མི་འབུལ་བ་ནི་མ་ལགས་ན་འདི་ལྟར་བདག་གི་ཆོས་…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
བཞིན་ཁོ་ནར་དབྱར་ཁང་དུ་འཕགས་པ་དང་། དེ་ལ་དགེ་སློང་མ་ཁྲིམས་ཟླས་སྨྲས་པ། སྦེད་མ་འཕགས་པ་འཆར་ཀས་སྣམ་སྦྱར་ཇི་ལྟར་བཙེམས་པ་བལྟས་འོན་ཅིག །སྦེད་མས་དེ་ལ་སྨྲས་པ། འཕགས་པ་འཆར་ཀ་ན་རེ་རེ་ཞིག་ཇི་སྲིད་དུ་ཚོན་གྱིས་མ་བཅལ་བ་དེ་སྲིད་དུ་མ་དབྱེ་ཤིག། ལྟུང་བ་དང་བཅས་པར་གྱུར་ཏ་རེ་ཞེས་ཟེར་རོ་ཞེས་ལྟར་མ་སྟེར་རོ། །སྦེད་མ་དབྱར་ཁང་དུ་…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
ཀ་ཁྱོད་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཡིད་གཉིས་ཟ་བས་གོས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གོས་བྱེད་པའི་ལྟུང་བྱེད་དེ་ཉི་ཤུ་ལྔ་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
ལམ་རྒྱགས་མང་པོ་དག་སྟ་གོན་གྱིས་ཤིག །དེ་དག་གིས་ལམ་རྒྱགས་མང་པོ་དག་སྟ་གོན་བྱས་སོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་དག་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་དགེ་སློང་མའི་དབྱར་ཁང་དུ་དོང་བ་དང་། དེ་དག་ལ་བཅུ་གཉིས་སྡེ་དག་གིས་སྨྲས་པ། ཇོ་བོ་ཅག་ཇེ་ཞལ་ཚུས་…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་འདུག་གོ །དེ་བཞིན་དུ་ཉེ་དགའ་དང་། གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ་། །དོན་མཐུན་དེ་དང་བྲམ་ཟེ་ཞིག་འགྲོ་བ་དེས་དེ་དག་མཐོང་ནས་དེས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན། དེའི་ཆུང་མ་ནི་འདི་ཡིན། དེའི་བུ་ནི་འདི་ཡིན། དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་འདི་ཡིན། …
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི…
DKG007
· སངས་རྒྱས་ཤཱཀྱ་ཐུབ་པ།
བཅུ་ཚན་གསུམ་པ། མ་བསྐོས་པ་ལ་སོགས་པའི་སྡེ་ཚན།
དག་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ་དགེ་སློང་མའི་དབྱར་ཁང་དུ་དོང་བ་དང་དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། ཕུ་ནུ་མོ་དག་ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ། །ཕུ་ནུ་མོ་དག་ཇི་ལྟར་བདག་ཅག་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བཏང་བ་དེ་ལྟར་ནི་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་གིས་ཀྱང…