Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 370 of 500
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
བླངས་པ་ཞེས་བགྱི། ཨུ་པཱ་ལི་མ་བླངས་པ་སྟེ། གདོད་ལོང་ཤིག །བཙུན་པ་མཚམས་སྔ་མ་མ་བཀྲོལ་བར་སླད་མ་དགུམ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །གླེང་གཞིའི་ནང་ནས་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་སུམ་བཅུ་རྩ་གཅིག་པ། མདོར་ན། བསྐོར་བ་དང་ནི་འཇིག་པ་དང་། །ཤིང་དང་ས་ཡི་སྐྱེ་བ་དང་། །མི་འབྱུང་…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
འོ་དོད་འབོད་པ་ཆེན་པོ་དང་། འཚིག་པ་དང་། རབ་ཏུ་འཚིག་པ་དང་། བསྟིར་མེད་པ་དང་། ཆུ་བུར་དང་། རྒྱུན་དུ་ཆུ་བུར་དང་། ཨ་ཏ་ཏ་དང་། ཧ་ཧ་པ་དང་། ཧུ་ཧུ་པ་དང་། ཨུཏྤལ་ལྟ་བུ་དང་། པད་མ་ལྟ་བུ་དང་། པད་མ་ཆེན་པོ་ལྟ་བུ་རྣམས་སུ་ཕྱིན་ནས། གང་ཚ་བའི་སེམས་ཅན་དམྱལ་བ་དེ་དག་ལ་བབ་ན་བསིལ་བར་གྱུར། གྲང་བའི་སེམས་ཅན་དམྱལ་བ་དེ་དག་ལ་བབ་ན་དྲོ་…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
བརྩམ་པར་བྱོས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱོས། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །དེ་ནས་འོད་ཟེར་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྐོ…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
འདས་ལ་གསོལ་པ། ཁ་དོག་སྣ་ཚོགས་དུ་མ་སྟོང་། །ཞལ་ནས་བྱུང་བ་མང་པོ་སྟེ། །ཕྱོགས་ཀུན་དེས་ནི་སྣང་གྱུར་པ། །ཉི་མ་ཇི་ལྟར་ཤར་བ་བཞིན། །ཚིགས་སུ་བཅད་དེ་ཡང་སྨྲས་པ། རྒོད་དང་ཞུམ་ལས་རྣམ་བྲལ་ང་རྒྱལ་སྤངས། །སངས་རྒྱས་སྐྱེ་བོ་མཆོག་གི་རྒྱུར་གྱུར་པ། །རྐྱེན་མེད་དུང་དང་པད་མོའི་རྩ་ལྟར་དཀར། །རྒྱལ་བ་དགྲ་ཐུལ་འཛུམ་པ་ཉེ་བར་སྟོན་མི་མཛད…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
གསུངས་ནས་གདན་བཏིང་བ་དེ་ལ་བཞུགས་སོ། །བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཕྱོགས་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་ངོ་། །འདི་ནི་འཆག་སའོ། །འདི་ནི་སྟེགས་བུའོ། །འདི་ནི་སྒོ་ཁང་ངོ་། །འདི་ནི་ཞབས་འཁྲུ་བའི་སའོ། །འདི་ནི་བསྲོ་ཁང་ངོ་། །འདི་ནི་རུང་བའི་ཁང་པའོ། །འདི་ནི་དུག…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
ངམ། ཨུ་པཱ་ལི་མི་རུང་ངོ་། །དེ་སྟེ་ཟམ་པ་བརྟན་པོ་ཞིག་ཡོད་ན་རུང་ངོ་། །དེ་སྟེ་བཙུན་པ་ཟམ་པ་ཆད་དམ་ཞིག་པར་གྱུར་ན། ཇི་ཙམ་གྱིས་ན་མི་འཇིག་པ་ཞེས་བགྱི། ཨུ་པཱ་ལི་སླར་ཡང་བཅིང་བར་བྱ་བའི་སེམས་ཡོད་ན་ཞག་བདུན་དུ་འཇིག་པར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་དགེ་སློང་གིས་མཚམས་འགུམ་པའི…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
བླངས་པར་གྱུར་པའོ། །ས་ལ་མཆིས་པ་དག་གིས་ཤིང་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དད་པ་བྱིན་པ་ནི་རུང་སྟེ། དེ་སྟེ་ས་ལ་གནས་པ་དག་མང་པོར་ཚང་ལ་ཤིང་ལ་གནས་པ་རྣམས་ལས་དད་པ་ཡང་་བླངས་པར་གྱུར་པའོ། །བཙུན་པ་ས་ལ་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
བྱིན་ན་རུང་སྟེ། དེ་སྟེ་ཤིང་ལ་གནས་པ་དག་གིས་གྲངས་སུ་བསྐངས་ལ་ས་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ་ཤིང་ལ་གནས་པ་དག་གིས་རྩིག་པ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །དེ་སྟེ་ཤིང་ལ་གནས་པ་དག་གིས་གྲངས་སུ་བསྐངས་ལ་ས་ལ་གནས་པའི་རྣམས་ལས་དད་པ་ཡང་བླངས་པར་གྱུར་ནའོ། །བཙུན་པ་ཤིང…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
ཨུ་པཱ་ལི་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་གཟའ་དང་། འོད་ཟེར་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་རྣམས་མི་བརྟན་པའི་ཕྱིར་རོ། །བཙུན་པ་ཆུ་རླབས་ཀྱིས་མཚམས་དགུམ་དུ་རུང་ངམ། ཨུ་པཱ་ལི་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་ཆུ་རླབས་ནི་མི་བརྟན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། …
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
མཚམས་ཀྱི་ནང་དུ་བྱིན་གྱིས་བརླབས། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་མཚམས་ཆེན་པོ་ཆོད་ཅིག་ཅེས་གསུངས་ན། བཙུན་པ་མཚམས་ཆེན་པོ་དེའི་ཚད་ཇི་ཙམ་ལགས། ཨུ་པཱ་ལི་དཔག་ཚད་ཕྱ…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
བསམས་བཞིན་དུ་ཆོས་མ་ལགས་པའི་ཕྱོགས་ཀྱི་ནང་དུ་མཆིས་ན་དབྱར་ཆད་པ་་་ཞེས་བགྱིའམ། དབྱར་མ་ཆད་པ་ཞེས་བགྱི། ཨུ་པཱ་ལི་དེ་སྟེ་དེ་དག་གིས་ལྟ་བ་ལ་ཡང་དད་ལ་དེར་སོང་ནས། སྐྱ་རེངས་ཤར་ན་དབྱར་ཆད་པ་ཞེས་བྱའོ། །དེ་སྟེ་ལྟ་བ་ལ་ཡང་མ་དད་ལ་དེར་སོང་ནས། སྐྱ་རེངས་མ་ཤར་ན་དེ་དབྱར་མ་ཆད་པ་ཞེས་བྱའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དབྱར་ཚུལ་ན་གན…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
བགྱི། ཐམས་ཅད་ཀྱང་སྔ་མ་བཞིན་དུའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཞག་བདུན་དུ་བྱིན་གྱིས་བརླབ་པར་བྱས་ན། དགེ་བསྙེན་གྱི་དོན་ལ་མཚམས་ཀྱི་སླད་རོལ་དུ་སོང་ཤིག་ཅེས་གསུངས་ན། བཙུན་པ་དེ་སྟེ་མུ་སྟེགས་ཅན་ཞིག་མཆིས་ན་དེའི་དོན་ལ་ཡང་མཆི་བར་བགྱིའམ། ཨུ་པཱ་ལི་དེ་སྟེ་སྡིག་པ་ལ་ལྟ་བ་དེ་ལས་དབྲལ་བར་འདོད་ན་འགྲོ་བར་བྱའོ། །བཙུན་པ་གཉེན་…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
པའི་གོས་འཚལ་ཏེ། ཀུན་ཏུ་རྒྱུ་བའི་གནས་སུ་མཆིས་སུ་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །བཙུན་པ་མ་དྲས་པའི་གོས་འཚལ་ཏེ། སླད་རོལ་དུ་མཆིར་རུང་ངམ། ཨུ་པཱ་ལི་མི་རུང་མོད་ཀྱི་དེ་ལྟ་བུའི་རྐྱེན་གྱིས་ན་རུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱི…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
ལྷམ་ཡང་བཅང་བར་མི་བགྱིའམ། ཨུ་པཱ་ལི་དེའི་པགས་པའི་ལྷམ་ཡང་བཅང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་དེ་དག་མགྱོགས་པ་དང་ལྡན། སྟོབས་དང་ལྡན་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སེང་གེ་དང་། སྟག་དང་གཟིག་གི་པགས་པ་ལས་བགྱིས་པའི་ལྷམ་མ་འཆང་ཤིག་ཅེས་གསུངས་ན། བཙུན་པ་་་གཅན་གཟན་མི་སྲུན་པ་གཞན་དག་ཀྱང་མཆིས་ན། དེ་དག་ག…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
དང་། རི་དགས་གསོད་པ་རྣམས་སོ། །འོ་ན་བཙུན་པ་སུས་བླང་ཞིང་བྱིན་ལེན་བགྱི། ཨུ་པཱ་ལི་དགེ་བསྙེན་དད་པས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་དུས་ན་དགེ་སློང་གཞན་ཞིག་ན་བར་གྱུར་ནས་དེ་སྨན་པའི་དྲུང་དུ་སོང་སྟེ། ནད་མེད་ཅིག་ཅེས་སྨྲས་ནས་བཞིན་བཟངས་བདག་ནད་འདི་དང་འདི་ལྟ་བུ་ཞིག་གིས་བཏབ་ན་དཔྱད་ཅིག་སྟོན་་་ཅིག །དེས་འཕགས་…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
གྱུར་པའོ། །འབྲུའི་ཆང་ལས་ཚར་གྱུར་པ་ནི་གང་འབྲུ་རྣམས་ལས་སྦྱར་ནས་མ་རུང་སྟེ་སྐྱུར་པོར་གྱུར་པའོ། །ཞོའི་ཆུ་ནི་ཞོ་ལས་ཆུ་བྱུང་བའོ། །དར་བའི་ཁུ་བ་ནི་དར་བ་ཞོའི་ཆུ་ལྟ་བུར་གྱུར་པའོ། །རྩབ་མོ་ནི་རྩབ་མོ་ཉིད་ཡིན་ནོ། །དེ་དག་གི་ནང་དུ་ཆུས་བསླད་ལ་རས་ཀྱི་ནང་དུ་བཙགས་ཏེ། ཇི་ལྟར་མདའ་རྒྱུའི་ཁ་དོག་བཞིན་དུ་གྱུར་པ་དེ་ནི་དུས་དང་།…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
འབྲུམ་གྱི་ནད་ཀྱིས་གཟིར་བ་ལ་སེན་མོ་ལ་སོགས་པས་བཅད་དམ། གཅོད་དུ་བཅུག་ན་འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱའི་གྲོང་འདབ་ཚོང་པ་སྦུ་བུ་ཅན་ཞེས་བྱ་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཞན་ཞིག་བདག་ཉིད་དང་། བདག་ཉིད་མོས། བདག་ཉིད་དགའ་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ། ཚེ་དང་ལྡན་པ་སྒྲ་ཅན་འཛིན་གང་ཟག་གཅིག་པ…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
འཕགས་པ་སྒྲ་ཅན་འཛིན་གཙུག་ལག་ཁང་དེར་ཇི་སྲིད་ཅིག་གི་བར་དུ་འདུག་ནས་ལྷུང་བཟེད་དང་་་ཆོས་གོས་ཁྱེར་ཏེ་གཞོངས་སྤྱོད་དུ་སོང་ངོ་ཞེས་ཐོས་སོ། །དེ་སྐད་ཐོས་པ་དང་། ཁྱིམ་བདག་དེས་ཡང་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ན་བཙུན་པ་དེ་ལ་་་བདག་གིས་ད་ཇི་ལྟར་བགྱི་ཞེས་གསོལ་པ་དང་། སྒྲ་ཅན་འཛིན་ཚུར་ཤོག །ཁྱིམ་བདག་དེ་གང་ན་བ་དེར་སོང་སྟེ་དྲ…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
ཚོང་པ་སྦུ་བུ་ཅན་ཞེས་བྱ་བ་ན་གནས་ཤིང་འཁོད་པའི་དགེ་སློང་ཐམས་ཅད་འདུན་ཁང་དུ་སྡུས་ཤིག་ཅེས་བཀའ་སྩལ་པ་་་དང་། བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། ཤཱཀྱའི་གྲོང་འདབ་ཚོང་པ་སྦུ་བུ་ཅན་ཞེས་བྱ་བ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་བསྡུས་ནས། བཅོམ་ལ…
DKG013
· སངས་རྒྱས་ཤཱཀྱ་ཐུབ་པ།
འདུལ་བ་གཞུང་དམ་པ་ལས། > གླེང་གཞིའི་སྒོ་དང་པོ་བཤད་པ།
བྱིན་ཏེ་གང་ཟག་གཅིག་ལ་བྱིན་ནམ། གཉིས་ལའམ། མང་པོ་ལ་བྱིན་ནམ། དགེ་འདུན་གཞན་ལ་བྱིན་ན་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དག་བྱེ་སྟེ། ཕྱོགས་དང་ཕྱོགས་མ་ཡིན་པར་གནས་པ་ལས་ཕྱོགས་གཅིག་ལ་སྦྱིན་པ་དེ་གཞན་ལ་བྱིན་ན་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡ…