Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 432 of 500
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་སྟོང་པ་ཉིད་གཟུགས་སྟོང་པ་ཉིད་ཀྱིས་སྟོང་སྟེ། གཟུགས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་སྟོང་པ་ཉིད་མ་ལགས། གཟུགས་སྟོང་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་བྱེད་སྟོང་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པར་ཤེས་པ་སྟོང་ངོ་ཞེས་བགྱི་བར་གནས་པར་…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚོར་བ་མཚན་མ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་ཚོར་བ་མཚན་མ་མེད་པ་ཉིད་ཚོར་བ་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། ཚོ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་མཚན་མ་མེད་པ་ཉིད་འདུ་བྱེད་མཚན་མ་མེད་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་མཚན་མ་མེད་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་འདུ་བྱེད་མཚན་མ་མེད་པ་ཉིད་མ་ལགས། འདུ་བྱེད་མཚན་མ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་མཚན་མ་མེད་པ་ཉིད་ཀྱང་སྟོང་པ་ཉིད།སྟོང་པ་ཉིད་ཀྱང་འདུ་བྱེ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་སྨོན་པ་མེད་པ་ཉིད་མ་ལགས། གཟུགས་སྨོན་པ་མེད་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སྨོན་པ་མེད་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་འདུ་བྱེད་སྨོན་པ་མེད་པ་ཉིད་འདུ་བྱེད་སྨོན་པ་མེད་པ་ཉིད་ཀྱིས་སྟོང་སྟེ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་གཟུགས་དབེན་པ་ཉིད་གཟུགས་དབེན་པ་ཉིད་ཀྱིས་སྟོང་སྟེ། གཟུགས་དབེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་གཟུགས་དབེན་པ་ཉིད་མ་ལགས། གཟུགས་དབེན་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་མ་མཆིས་ཏ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
མཆིས་ཏེ། འདུ་ཤེས་དབེན་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་འདུ་ཤེས་དབེན་པ་ཉིད་དོ། །བཅོམ་ལྡན་འདས། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་ཤེས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདུ་བྱེད་དབེན་ནོ་ཞ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དེ་བཞིན་ཉིད་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི། འདི་ལྟར་དེ་བཞིན་ཉིད་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེའང་དེ་བཞིན་ཉིད་མ་ལགས། དེ་བཞིན་ཉིད་ལས་གུད་ན…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །བཅོམ་ལྡན་འདས༑ རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་ལ་གནས་པར་མི་བགྱིའོ༑ ༑བཅོམ་ལྡན་འདས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་སྐ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན། དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལུས་ལ་གནས་ན། དེ་ལུས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡིད་…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
དེ་དྲི་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རོ་ལ་གནས་ན། དེ་རོ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
པ་ལ་གནས་ན། དེ་མིག་གི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རྣ་བའི་རྣམ་པར་ཤེས་པ་ལ་གནས་ན། …
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ན། དེ་ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ན…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ལྕེའི་འདུས་ཏེ་རེག་པ་ལ་གནས་ན། དེ་ལྕེའི་འདུས་ཏེ་རེག་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་ན། དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མ…
DKG014
· སངས་རྒྱས་ཤཱཀྱ་ཐུབ་པ།
ལྔ་པ། ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ། སྟོད་ཆ།
མེའི་ཁམས་ལ་གནས་ན། དེ་མེའི་ཁམས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་རླུང་གི་ཁམས་ལ་གནས་ན། དེ་རླུང་གི་ཁ…