Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 70 of 500
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      དེ་དྲང་པོ་ཞིག་པས་ཐལ་བས་བཏབ་པ་དང་སོས་པར་གྱུར་ཏོ། །མིག་ནད་ཀྱིས་ཐེབས་པ་གཞན་ཞིག་ཡོད་པ་དེ་ཡང་འཚོ་བྱེད་ཀྱི་དྲུང་དུ་སོང་བ་དེ་བྲམ་ཟེ་དེས་མཐོང་ནས་དྲིས་པ། ཀྱེ་ནང་རྗེ་གང་དུ་འགྲོ། །དེས་ཇི་ལྟར་གྱུར་པ་སྨྲས་པ་དང་དེས་སྨྲས་པ། ཁྱོད་ལ་འཚོ་བྱེད་ཅི་དགོས། དེས་ཁོ་བོ་ལ་གང་བསྟན་པ་དེ་བྱོས་ཤིགཐདེ་ཡིད་ཆེས་པར་གྱུར་ནས་དེས་ཐལ་བས་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཚོ་བྱེད་སྨན་པའི་རྒྱལ་པོར་དབང་སྐུར་ཅིག །མི་ལོང་བ་དེས་སྨྲས་པ། ལྷ་ཅི་སྲས་ལ་བྱམས་པས་སམ། འོན་ཏེ་སྨན་མཁས་པས་དབང་བསྐུར་བར་མཛད། རྒྱལ་པོས་སྨྲས་པ། སྨན་མཁས་བས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ལགས་ན་འདིས་བདག་ནི་སོས་པར་མ་བགྱིས་སོ། །འཚོ་བྱེད་ཀྱིས་སྨྲས…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      གྱུར་ཏོ། །དུས་གཞན་ཞིག་ན་ལུས་འཕགས་མོའི་མདོམས་ཀྱི་ཕྱོགས་སུ་ཕོལ་མིག་ཕྱུང་ངོ༌། །དེས་རྒྱལ་པོ་ལ་སྨྲས་པ་དང་རྒྱལ་པོས་འཚོ་བྱེད་ལ་བསྒོ་བ། མ་ཡར་མོའི་དཔྱད་བྱོས་ཤིག །དེས་ཁས་བླངས་སོ། །དེ་ནས་ཟན་བྱས་ཏེ་མ་མ་ལ་བྱིན་ནས་ཁྱོད་ཀྱིས་འདིའི་སྟེང་དུ་འདུག་ཏུ་ཆུག་ཅིགཐདེས་དེ་འདུག་ཏུ་བཅུག་པའི་ཟན་འཚོ་བྱེད་ཀྱིས་མཐོང་ནས་བསམས་པ། ཕྱོ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      དབང་ཕྱུག་ཆེན་པོའི་ལྷས་དུར་ཁྲོད་དུ་ཆར་ཕབ་པའི་འོད་པའི་ཆུ་དེ་ལ་འཐུངས་ལ། ཀོ་དྲའི་ཆན་ཟོས་ཤིང་མར་ཕྱུང་བའི་ཞོ་འཐུངས་ན་དེ་ལྟ་ན་ཁྱོད་སོས་པར་འགྱུར་ཏེ། བདག་གིས་དེ་ལས་བསམས་ནས་སྨན་རྙེད་པར་དཀའོ་ཞེས་སྨྲས་པ་ཡིན་ནོ། །དེས་སྨྲས་པ། ཤིན་ཏུ་ལེགས་པར་ཤེས་ཏེ། དེ་བཞིན་དུ་བདག་གིས་ཟོས་སོ། །དེ་ནས་དགའ་བར་གྱུར་ནས་སྨྲས་པ། ལྷ་འདིས་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      གཟིགས་པར་མི་འགྱུར་རོ། །དེ་ནས་དེས་བསྟན་ནས་ཁྱིམ་དུ་ཁྲིད་ནས་བཞག་གོ །དེ་ནས་འཚོ་བྱེད་ཤའི་དོན་དུ་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སོང་བ་ལས་བསིལ་བའི་ཚལ་གྱི་དུར་ཁྲོད་ནི་ཤི་བའི་རོས་སྟོང་པ་མ་ཡིན་པས་དེ་ནས་རོའི་ཤ་བླངས་ཏེ་ཡོ་བྱད་ཀྱི་ཁྱད་པར་དག་དང་གཡོས་བྱས་ནས་རྒྱལ་པོའི་དྲོ་ལ་བབ་པའི་དུས་སུ་བསྟབས་སོ། །དེ་ནས་རྒྱལ་པོ་མ་སྐྱ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      འདས་ཀྱིས་དགོངས་པ། སྨན་པའི་རྒྱལ་བོ་འཚོ་བྱེད་ཀྱིས་དགེ་བའི་རྩ་བ་བསྐྱེད་ན་ཅིའི་ཕྱིར་བདེན་པ་རྣམས་མ་མཐོང་བར་གྱུར་སྙམ་ན། དྲེགས་པའི་སྙེམས་པ་ལས་གྱུར་པར་གཟིགས་ནས་དེའི་དྲེགས་པ་སྤང་བར་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་བཀའ་སྩལ་པ། འཚོ་བྱེད་ཁྱོད་ཀྱིས་རིའི་རྒྱལ་པོ་གངས་ཅན་མཐོང་ངམ། བཙུན་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་བྱུང་བ་སྤོང་བ་ལ་མཁས་པ་ཡིན། སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ། །ནད་ཀུན་ནས་སློང་བ་ལ་མཁས་པ་ཇི་ལྟ་བུ་ཞེ་ན། འདི་ལ་སྨན་པ་ཟུག་རྔུ་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      བཞིན་དུ་རབ་ཏུ་མཁྱེན་ཏོ། །འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤང་བའི་སྨན་མི་ཤེས་སོ། །རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤང་བའི་སྨན་མི་ཤེས་སོ། །འཚོ་བྱེད་དེ་བཞིན་གཤེག…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      གྱིས་ཐེབས་པ་དང་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་བསམས་པ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་བདག་ཉིད་ཁོ་ནས་བཅོམ་ལྡན་འདས་ལ་རིམ་གྲོ་བྱའོ་སྙམ་མོ། །དེ་ནས་འཚོ་བྱེད་ཀྱིས་མེ་ཏོག་ཨུཏྤ་ལ་སུམ་བཅུ་རྩ་གཉིས་དང་བཀྲུ་སྨན་གྱི་རྫས་དང་སྦྱར་ནས། བཅོམ་ལྡན་འདས་ལ་ཕུལ་ཏེ། བཅོམ་ལྡན་འདས་འདི་རྣམས་ཤངས་ཀྱིས་བསྣམ་དུ་གསོལ། …
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་འདི་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་འཚོ་བྱེད་གཞོན་ནུས་བསྐྱེད་ལས་བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་བཞེས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོ་བཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      སྙམ་ནས་དེ་རྣམས་ཡིད་གཉིས་སུ་གྱུར་ཏེ་རྒྱལ་པོ་ལ་སྨྲས་པ། ལྷ་སུ་ལ་ཕྱག་བགྱིས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ལའོ། །ལྷ་དེ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་ལགས་ཏེ། འཚོ་བ་པ་ལགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྙམ་དུ་སེམས་ཏེ། བདག་གི་དོན་འདི་ཁོ་ན་གསོལ་ལོ་སྙམ་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། བཅོམ་ལ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      སྟེང་གི་ནམ་མཁའ་ལས་གཤེགས་ནས་ལུས་འཕགས་ཀྱི་རི་བོ་ལ་བཞུགས་སོ། །དེའི་ཚེ་མ་ག་དྷཱའི་མི་རྣམས་ཀྱི་ཞིང་མཉམ་ཞིང་ཉེ་འཁོར་མཉམ་པ་རྣང་གི་ཁྱད་པར་སྣ་ཚོགས་དག་རྣང་སྒལ་གྱིས་འབྲེལ་ཅིང་མཛེས་པ་དག་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཞིང་མཉམ་ཞིང་ཉེ་འཁོར་མཉམ་ལ་རྣང་གི་ཁྱད་པར་སྣ་ཚོགས་པ་དག་རྣང་སྒལ་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      དེ་ནས་ཚ་དང་ལྡན་པ་ཀུན་དགའ་བོས་ལག་པ་གཉིས་བཀྲུས་ནས་སྣམ་སྦྱར་གྱིས་བཅོམ་ལྡན་འདས་ཀྱི་སྟེང་དུ་གཡོགས་ཏེ། བཅོམ་ལྡན་འདས་ཀྱིས་ན་བཟའ་ཆོས་གོས་གསུམ་གྱིས་མཚན་མོ་དེ་འདས་བར་མཛད་དོ། །དེ་ནས་ནམ་ནངས་ནས་དགོངས་པ་འཇིག་རྟེན་ན་ཤིན་ཏུ་སྐྱིད་པ་བདེ་བ་འདོད་པ་གང་ཡིན་པ་སུ་ཡང་རུང་དེ་རྣམས་ཀྱི་མཆོག་ནི་ང་ཡིན་ཏེ། ང་ཡང་ཆོས་གོས་གསུམ་གྱིས…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་སོ་ཞེས་བྱ་བ་ནས་དེ་བཞིན་དུ་ཁྱེའུ་བདུན་བཙས་ཏེ། དེ་ལ་དྲུག་གི་མིང་ནི་ཅི་དགའ་བར་བཏགས་སོ། །ཐ་ཆུངས་གང་ཡིན་པ་དེའི་མིང་ནི་ས་ག་ཞེས་བྱ་བར་བཏགས་སོ། །ཇ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ནི་ལུས་སྒྱུར་བར་བྱེད། ཁ་ཅིག་ནི་གླུ་ལེན་པར་བྱེད། འདི་དག་དང་གཞན་ཡང་སྤྱོད་ཚུལ་ངན་པ་དག་བྱེད་དོ། །དུལ་བ་ཕུན་སུམ་ཚོགས་པ་དེ་ནི་གོམ་པ་དལ་གྱིས་དེ་དག་དང་ལྷན་ཅིག་འགྲོའོ། །ཇི་ཙམ་ན་སྐྱེད་མོས་ཚལ་དུ་ཕྱིན་པ་དང་བུ་མོ་དེ་རྣམས་ནི་རྫིང་གི་འགྲམ་དུ་གོས་རྣམས་བཞག་ནས་མོད་ལ་ཞུགས་ཏེ་རྩེ་བར་བརྩམས་སོ། །དེ་ནི་ཇི་ཙམ་ཇི་ཙམ་ཆུར་ནུབ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      འགྲོ་བར་བྱེད་དོ། །དེས་སྨྲས་པ་བུ་མོ་ཐམས་ཅད་ནི་ཕ་དང་མས་བཙོང་བའི་རྫས་ཡིན་ན། གལ་ཏེ་བདག་གིས་མཆོངས་སམ་འགྲེས་ནས་རྐང་པའམ་ལག་པ་ཆག་པར་གྱུར་ན། བདག་ལ་སུ་ཞིག་སློང་བར་འགྱུར་ཏེ། ངེས་པར་བདག་ཇི་སྲིད་འཚོ་བའི་བར་དུ་ཕ་དང་མ་ཁོ་ནའི་གསོན་མར་འགྱུར་རོ། །བུ་མོ་ལེགས་ཏེ། དེ་ནི་ཁོང་དུ་ཆུད་དོ། །གཞན་ཡང་འདི་དྲི་སྟེ། བུ་མོ་འདི་དག་ན…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      གྲིབ་མ་ལ་ཐོགས་པར་བྱེད་ན། འདི་ལ་རིགས་པ་ཅི་ཞིག་ཡོད། ཁུ་གུ་འཇིག་རྟེན་བླུན་མོད་ཀུན་དགའ་ར་བ་ཁོ་ནར་གདུགས་བཅང་འཚལ་ཏེ། དེ་ཅིའི་སླད་དུ་ཞེ་ན། ཀུན་དགའ་ར་བ་ནི་རྟག་ཏུ་སྤྲེའུ་དང་བྱ་རྣམས་ཀྱིས་གང་བས་བྱ་རྣམས་ནི་གཅིན་རྟུག་འཐོར་ཞིང་རུས་པའི་དུམ་བུ་དག་འཐོར་རོ། །སྤྲེའུ་རྣམས་ཀྱང་བཤང་བ་དང་གཅི་བ་བྱེད་ཅིང་འབྲས་བུའི་ཟ་འཕྲོ་དག…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      པ་ཡིན་ན། འོན་ཀྱང་ཡུལ་ཧ་ཅང་ཡང་ཐག་རིང་ཆེས་སོ། །དེས་སྨྲས་པ། རིང་པོ་ཁོ་ན་ལ་བུ་མོ་སྦྱིན་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཉེ་ན་རེ་ཞིག་གལ་ཏེ་བདེ་བར་གྱུར་པ་ཐོས་ན་དགའ་བ་སྐྱེད་པར་ཟད། ཉེ་ན་སྡུག་བསྔལ་བར་གྱུར་ན་སྦྱིན་པ་དང་མཆོད་པ་དང༌། བཀུར་སྟི་བྱ་བས་དུབ་པར་འགྱུར་ཞིང་ནོར་འགེད་པར་ཡང་འགྱུར་རོ། །དེ་རྣམས་ཀྱི་སྨྲས་པ། གལ་ཏེ་དེ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཁྱིམ་དུ་བུ་མོ་ཉེ་དུའི་ཁྱིམ་དུའོ། །ཁྱོད་ཀྱིས་ཁང་པ་དེ་ཡིན་ནམ། འོན་ཏེ་འདི་ཡིན་འདི་ཡིན་ནོ། །བདག་ཀྱང་འདིར་སྐྱེས་ལ་དེར་བདག་གནས་པར་བསལ་འདུ་བ་མཆིས་ན་གདོན་མི་ཟ་བར་མཐར་འབྲལ་བར་འགྱུར་ན། བཤུམས་སུ་ཅི་མཆིས་ཅང་མ་གསུང་ཤིག །དེ་ནས་རི་དགས་འཛིན་ནི་ཐང་ལ་སོང་ངོ༌། །ས་ག་མ་ནི་ཁྱིམ་ཐབ་དང༌། རང་གི་ཁྱིམ་ནས་ཐོབ་པའི་འཁོར་གྱི་སྐྱེ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      བཏབ་སྟེ་འཁོད་པ་ལས་རི་དགས་འཛིན་གྱི་མ་ལ་ལྷ་ཁང་སྟོང་པ་ཞིག་ཏུ་བཅས་པ་དང་ས་ག་མས་མཐོང་ནས་དྲིས་པ། འདི་སུའི་མལ། དཔོན་པོའི་འོ། །སྤོས་ཤིག །ཅིའི་ཕྱིར་གལ་ཏེ་ལྷ་ཁང་རྡིབ་སྟེ། དེས་ནོན་ན་ཤི་བར་འགྱུར་ཏེ། བདག་ལ་ཞེས་བྱ་བ་ནས་མི་སྙན་པ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །མལ་དེ་ཡང་སྤོས་པ་ལས་ལྷ་ཁང་ཞིག་པ་དང་སྐྱ…