Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 74 of 500
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཅད་ལས་ཡིད་བྱུང་བར་བྱའོ། །དེ་ལྟ་བས་ན་དགེ་སློང་གིས་ཡོ་བྱད་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱ་ཞིང་གང་ལ་སྐྱེ་བ་དེ་ཡོངས་སུ་སྤང་པར་བྱའོ། །མ་སྦངས་ན་འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་གལ་ཏེ་ནད་པ་རང་གི་ཡོ་བྱད་སློང་ན་རིམ་གྲོ་བྱེད་པས་མྱུར་བ་མྱུར་བར་སྦྱིན་པར་བྱའོ། །མ་བྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཏེ་ལངས་ནས་རེ་ཞིག་བདག་གི་ཆེད་དུ་ཆོས་བསྒྲགས་པ་མ་བྱས་པར་ཆོས་གོས་རྣམས་འགེད་པར་བྱེད་དམ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཆེད་དུ་ཆོས་བསྒྲགས་པ་དང༑ དེའི་ཆེད་དུ་ཡོན་བསྔོ་བ་བྱས་ནས་ཆོས་གོས་རྣམས་བགོ་བར་བྱའོ།། །།སྡོམ་ལ། ནད་པ་དང་ནི་ཚོང་དཔོན་དང༌། །དངོས་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      བདེ་བར་གཤེགས་པ་བདག་ལ་མགོན་མ་མཆིས་སོ། །ཞེས་སྐད་ངན་བཏོན་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ང་ཁམས་གསུམ་གྱི་མགོན་པོའི་རྗེས་སུ་ཁྱོད་རབ་ཏུ་བྱུང་ན་ཅིའི་ཕྱིར་དེ་སྐད་དུ་བཅོམ་ལྡན་འདས་བདག་ལ་མགོན་མ་མཆིས་སོ། །བདེ་བར་གཤེགས་པ་བདག་ལ་མགོན་མ་མཆིས་སོ་ཞེས་དུ་སྐད་འདོན། བཙུན་པ་བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་འགའ་ཡ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      མཐའ་གཅིག་ཏུ་བཞག་སྟེ། སྨྱུག་གི་ཚལ་པས་བཞར་ནས་ས་དཀར་པོས་དྲིལ་ཕྱིས་བྱས་ཏེ་བཀྲུས་སོ། །དེ་ནས་སྐྱིལ་མོ་ཀྲུང་འཆར་བཅུག་སྟེ། དེའི་ཆོས་གོས་རྣམས་བཀྲུས་ཏེ། ཕྱོགས་དེ་ཡང་བའི་ལྕི་བ་འཇམ་པོས་བྱུག་པ་མཛད་དོ། །དེ་ནས་ཕྱག་དང་ཞབས་བསིལ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ནང་པ་ལ་རིམ་གྲོ་བྱ་བ་སྔོན་དུ་འགྲོ་བའི་ཆོས་བཤད་པས་ཡང་དག་པ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      མཛད་དེ། བསོད་སྙོམས་ཀྱི་ཕྱེད་ཀྱང་གནང་གིས་བདག་དད་པས་བྱིན་པ་ལོངས་སྤྱད་ནས་ལེ་ལོས་དུས་འདས་པར་བྱེད་པ་ནི་བདག་ལ་རིགས་པ་མ་ཡིན་པས། མ་ལ་བདག་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་པར་བྱའོ་སྙམ་ནས། དེས་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་པ་ན་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      གྱིས་ནད་ཀྱི་གནས་སྐབས་ལ་བརྟགས་ནས་རིམ་གྲོ་བ་གཅིག་གམ། གཉིས་སམ། མང་པོ་སྦྱིན་ཏེ་མཐར་ན་དགེ་འདུན་ཀུན་གྱིས་ཀྱང་རིམ་གྲོ་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་བ་བཅོམ་ལྡན་འདས་ཉིད་ཀྱིས་དགེ་སློང་དེའི་ལུས་ཀྱི་རིམ་གྲོ་མཛད་ནས་དེས་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་པ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ལ་བསྒོ་བ། ཤེས་ལྡན་དག་དཔྱད་བྱོས་ཤིགཐདེ་རྣམས་ཀྱིས་སྨྲས་པ། ལྷ་འདིའི་སྨན་ནི་དཀོན་ལགས་སོ། །རྒྱལ་པོས་སྨྲས་པ། དཀོན་པ་དེ་དག་ཅི་འདྲ་བ་ཞིག་ཡིན། ལྷ་གང་ཞིག་བཙས་ཚུན་ཆད་སྔོན་ལན་འགའ་ཡང་སུ་ལ་ཡང་ཁྲོ་མ་མྱོང་བ་དེའི་ཁྲག་ལས་ནས་ཐུག་བགྱིས་ཏེ་ཟླ་བ་དྲུག་ཏུ་སྩལ་ན་དེ་ལྟ་ན་འདི་སོས་པར་འགྱུར་ལགས་ཀྱི་གཞན་གྱིས་མ་ལགས་སོ། །རྒྱལ་པོས་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཅིག །ལོ་བཅུ་གཉིས་སུ་བཅུད་ཐམས་ཅད་བསོགས་ན་འདིའི་ཡང་ཤང་ཤང་ཏེའུ་ཡི་ཤམ་རྙེད་དོ། །སྨན་པ་རྣམས་ཀྱིས་བྱ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་མེ་ལོང་དང་བྱ་གག་ཁྱེར་ཏེ་རྒྱ་མཚོའི་འགྲམ་དུ་དེང་ལ་དེར་རྙི་ཚུགས་ཏེ་བྱ་གག་གི་མདུན་དུ་མེ་ལོང་ཞོག་ཅིག་དང༌། བྱ་གག་རང་གི་གཟུགས་བརྙན་མཐོང་ནས་འདི་བྱ་གག་ཡིན་ནོ་སྙམ་སྟེ། སྐད་ཕྱུང་བ་དང༌། ཤང་…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཕྱི་ནས་བྱ་བ་འདི་དག་གོ །དེ་ནས་རྒྱལ་པོ་བླུན་པ་སྟེ། །བླུན་པོའི་དཀྱིལ་འཁོར་ལེགས་པར་རྫོགས། །ཞེས་སྨྲས་ནས་སོང་ངོ༌། །དེ་ནས་རྒྱལ་པོས་སྨན་པ་རྣམས་བཀུག་སྟེ་དྲིས་པ། ཤེས་ལྡན་དག་ཤང་ཤང་ཏེའུའི་ཁྲུས་བྱས་པའི་ཆུ་དེ་ཤའི་མཐུ་ཡོད་པར་བྱེད་བ་བདེན་ནམ། དེ་རྣམས་ཀྱིས་སྨྲས་པ། ལྷ་མད་ལགས་ཀྱིས་མར་དང་སྒྲོལ་ཅིག །དེ་རྣམས་ཀྱིས་བཅུད་ཐམས…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཕྱིར་སྒོར་རྒྱུན་དུ་དྲིལ་འདོགས་ཏེ། གང་གི་ཚེ་སློང་བ་པོ་སྒོ་ན་འདུག་པ་དེའི་ཆེ་དེ་དཀྲོལ་བར་བྱེད་དོ། །ཅི་ཙམ་ན་རང་སངས་རྒྱས་འོངས་ནས་དྲིལ་ཏེ་དཀྲོལ་ཏོ། །དེ་ནས་རྒྱལ་པོའི་བུས་ཕ་དང་མ་ལ་སྨྲས་པ། ཡབ་ཡུམ་སློང་བ་པོ་ཞིག་མཆིས་ཀྱིས་ཅི་ཞིག་སློང་སྨྲོས་ཤིགཐདེ་གཉིས་ཀྱིས་སྨྲས་པ། བུ་བདག་ཅག་གིས་ལོ་བཅུ་གཉིས་སུ་རྫས་རྣམས་བསོགས་ཏེ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་གནས་པ་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་འདི་གཉིས་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      པ་གང་ཡིན་པ་དེ་ནི་མ་ལེགས་པ་ཞིག་བྱས་སོ། །ལྷ་བདག་ཀྱང་འགྱོད་པར་གྱུར་གྱིས། གལ་ཏེ་ལྷ་དགྱེས་ན་འདི་ཕྱིར་སྔོན་གྱི་ཇི་ལྟ་བ་བཞིན་དུ་བགྱིའོ། །དེས་སྨྲས་པ། གནང་གིས་བྱོས་ཤིག །དེས་དེ་ལ་སྨན་བྱིན་ནས་སོས་པར་གྱུར་ཏོ། །དེ་ནས་དེ་གཉིས་ཀྱིས་རང་སངས་རྒྱས་ཤིག་ལ་བྱ་བ་བྱས་ནས་སྨོན་ལམ་གདབ་བར་བརྩམས་པ། གང་ཡང་བདག་ཅག་གིས་ཡོན་གནས་དམ་པ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      དང༌། ཚལ་གྱི་ལྷ་དག་དང༌། བཞི་མདོའི་ལྷ་དག་དང༌། སུམ་མདོའི་ལྷ་དག་དང༌། གཏོར་མ་ལེན་པའི་ལྷ་དག་དང༌། ལྷན་ཅིག་སྐྱེས་པ་དང༌། ཆོས་མཐུན་པའི་ལྷ་དག་དང༌། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་དག་གསོལ་བ་འདེབས་པའི་རྒྱུ་ལས་བུ་ཕོ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དེ། དེ་ནི་དེ་ལྟ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      འདི་ཁྱིམ་དུ་བསྐྱལ་ན་བདག་ཅག་གིས་ཉིན་མཚན་དུ་འདིའི་དཔྱད་བགྱིའོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་དུ་སྐྱོལ་ལ་དེར་ཡང་དེའི་རིམ་གྲོ་བྱེད་པ་སྦྱིན་པར་བྱའོ། །དེའི་ནད་དེ་ཡུན་རིང་པོར་གྱུར་ནས་དེའི་སྐྲ་རིང་པོ་རིང་པོར་སྐྱེས་པས་ཁྱིམ་བདག་དེ་ཁྱིམ་བདག་མགོ་ར…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      འདས་ཀྱིས་བཀའ་སྩལ་པ། ཅི་རིགས་པར་བགོ་བར་བྱ་སྟེ། དེ་ལ་ཞིང་གི་གཞི་དང༌། ཁྱིམ་གྱི་གཞི་དང༌། ཚོང་ཁང་གི་གཞི་དང༌། གནས་མལ་དང༌། ལྕགས་ནག་གི་མགར་བའི་ལག་སྤྱད་དང༌། ལྕགས་མགར་གྱི་ལག་སྤྱད་དང༌། རྫ་མཁན་གྱི་ལག་སྤྱད་དང༌། ཤིང་མཁན་གྱི་ལག་སྤྱད་དང༌། སྨྱུག་མ་མཁན་གྱི་ལག་སྤྱད་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཞིང་ཐན་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །སྨན་རྣམས་ནི་ནང་ཁང་རུང་བར་གཞག་པར་བྱ་ཞིང་དེ་ནས་དགེ་སློང་ནད་པ་རྣམས་ཀྱིས་ལོངས་སྤྱད་པར་བྱའོ། །རིན་པོ་ཆེ་རྣམས་ལས་མུ་ཏིག་མ་གཏོགས་པར་ནོར་བུ་དང༌། བཻ་ཌཱུརྱ་དང༌། དུང་གཡས་སུ་འཁྱིལ་པ་ལ་སོགས་པ་ནི་ཆ་ཉིས་སུ་བྱས་ཏེ། གཅིག་ནི་ཆོས་ལའོ། །ཅིག་ཤོས་ནི་དགེ་འདུན་ལའོ། །ཆོས་ཀྱི་གང་ཡིན་པ་དེ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ལ་སྤྱན་འདྲེན་གྱིས་གཤེགས་སོ། །དེས་སྨྲས་པ། བདག་གི་ཆོས་གོས་དང་ལྷུང་བཟེད་ཕྱིར་སུ་ལ་བཅོལ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཐུགས་ལས་ཆུང་ངུར་མཛོད་ཅིག་དང༌། བདག་ཅག་གིས་གཞག་པར་བགྱིའོ། །དེས་དེ་རྣམས་ལ་གཞག་པ་དང་དེ་རྣམས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དོ། །སྐྱེ་དགུའི་བདག་མོ་ཆེན་མོས་ཀྱང་ཚེ་དང་ལ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤི་བའི་ཡོ་བྱད་ཀྱི་སྐྱིན་པར་དགེ་སློང་ཀུན་དགའ་བོ་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབ་པ་ཡང་འདི་ལྟར་བྱ་སྟེ། གཎྜཱི་བརྡུངས་ལ་དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང༌། དགེ་སློང་གཅིག་གིས་གསོལ་བར་བྱའོ། །འདི་ལྟར་བྱ་སྟེ། གནས་མ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      ཆོས་གོས་དང་གོས་ཀྱི་རིན་དང་བཅས་པ་ལ་ཆ་གསུམ་དུ་བྱས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། །དགེ་འདུན་གྱི་ནི་དགེ་སློང་རྣམས་ཀྱིས་བགོ་བར་བྱའོ། །སངས་རྒྱས་ཀྱི་ནི་སངས་རྒྱས་ལ་མཆོད་པ་དང༌། དྲི་གཙང་ཁང་དང་མཆོད་རྟེན་གྱི་ལག་གི་བླའི་སར་སྤྱད་པར་བྱའོ། །དམ་པའི་ཆོས་ཀྱི་ནི་སངས་རྒྱས་ཀྱི་གསུང་བྲི་བར་བྱའོ། །སེང་གེའི་ཁྲི་བརྒྱན་པ…
      DKG003 · སངས་རྒྱས་ཤཱཀྱ་ཐུབ་པ།
      གོས་ཀྱི་གཞི་འཆད་པ།
      མཚམས་ཀྱི་ནང་ལ་ཡིད་གཉིས་ཀྱིས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་སྟེ། གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་གི་འདུ་ཤེས་ཀྱིས་འགེད་པར་བྱེད་ན་མ་བགོས་པ་ཉེས་པར་བགོས་པ་ཡིན་ཏེ། སླར་ཡང་མཚམས་ན་འདུག་པ་རྣམས་དང་ལྷན་ཅིག་བགོ་བར་བྱ་…