Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 8 of 500
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་ལོ་ལྔ་ལོན་པ་ཆོས་ལྔ་དང་ལྡན་པས་མི་གནས་པར་ལྗོངས་རྒྱུར་འགྲོ་བར་རྗེས་སུ་གནང་ངོ་། ལྔ་གང་ཞེ་ན། ལྟུང་བ་ཤེས་པ་དང་།5A ལྟུང་བ་མ་ཡིན་པ་ཤེས་པ་དང་། ཡང་པ་ཤེས་པ་དང་། ལྕི་བ་ཤེས་པ་དང་། སོ་སོར་ཐར་པའི་མདོ་གདོན་པ་དང་། རྒྱས་པ་བཀླགས་པ་དང་། ཐོན་པ་སྟེ། ལོ་ལྔ་ལོན་པ་ཆ…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་རྒན་ཞུགས་བྱིས་པ།5B རྨོངས་པ། མི་གསལ་བ། མི་མཁས་པ་ཞིག་གིས་གཞན་མུ་སྟེགས་ཅན་ཞིག་རབ་ཏུ་ཕྱུང་ཞིང་བསྙེན་བར་རྗོགས་པར་བྱས་པན་དགེ་སློང་རྣམས་དང་ལྷན་ཅིག་རྩོད་པ་འགའ་ཞིག་བྱུང་ནས་བསླབ་པ་ཕུལ་ཏེ་སྔོན་གྱི་མུ་སྟེགས་ཅན་གྱི་ག…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
དགེ་སློང་དག་གཞན་མུ་སྟེགས་ཅན་གནས་པ་སྤྱད་ནས་སེམས་མགུ་བར་གྱུར་ན་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྦྱིན་པར་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཀྱིས་ཇི་ལྟར་སྦྱིན་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ད…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བྱ་བ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བ་གྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ནས། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི་ཟླ་བ་བཞི…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བྱ་ཞིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པ་བརྗོད་པར་བྱའོ། །ཉེ་བ་འཁོར་གལ་ཏེ་གཞན་མུ་སྟེགས་ཅན་སངས་རྒྱས་ཀྱི་བསྔགས་པ་ཡང་དག་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་ཡང་དག་པ་བརྗོད་ཅིང་མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པ་བརྗོད་པ་ན་ནང་བར་བྱེད། འཁྲུག་པར་བྱེད། ཁྲོ་བར་བྱེད་ཅིང་ཡུལ་ཡུལ་པོར་འདུག་པར་…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བའི་སྒྲ་གསན་ཏོ། །གསན་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་རྨེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
དང་།ངན་པ་འོངས་པ་དག་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་བྱུང་ངོ་ཅོག་བཟོད་ཅིང་ཟག་པ་དག་ལ་ཇི་མི་སྙམ་པར་བྱ་བ་ཡང་བཟོད་ཅིང་དང་དུ་ལེན་ནུས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་གང་ཟག་ལོ་ཉི་ཤུ་མ་ལོ…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
དེ་ལ་ཆགས་པས་གཉི་ག་ཡང་རབ་ཏུ་ཕྱུང་ནས་དེའི་འོག་ཏུ་ཉི་མ་གཉིས་སམ་གསུམ་དུ་ཀུན་དུ་སྤྱད་པའི་ཆོས་དག་སློབ་ཏུ་བཅུག་ནས་སྨྲས་པ། བཞིན་བཟངས་དག་རི་དགས་ཀྱིས་རི་དགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་ཡུལ་ཡིན་གྱིས་བསོད་སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །དེ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། …
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
འདོད་པ་འོངས་ན་དེས་དེ་ལ་ལོ་བཅྭ་ལྔ་ལོན་ན་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་གཞི། བམ་པོ་བདུན་པ། སྡོམ་ལ། དགེ་ཚུལ་གཉིས་དང་བྲན་དང་ནི། །བུ་ལོན་ཆགས་དང་མ་གནང་དང་། །ཞུ་བ་དང་ནི་ནད་པ་དང་། །ཤཱཀྱའི་སྡེ་ཚན་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བསྙེན་པར་རྫོགས་པར་བྱ་ཞིང་ཅིག་ཤོས་དགེ་ཚུལ་དུ་ཉེ་བར་གཞག་པར་བྱའོ། །གལ་ཏེ་གཉི་ག་ལོ་ཉི་ཤུ་མ་ལོན་ན་གཅིག་བདག་ཉིད་ཀྱིས་ཉེ་བར་གཞག་པར་བྱ་ཞིང་། ཅིག་ཤོས་དགེ་སློང་གྲོགས་པོ་འགའ་ལ་གཏད་པར་བྱའོ། །གང་ལ་གཏད་པ་དེ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་གང་གི་ཡིན་པ་དེས་བསྙེན་པར་རྫོགས་པར་བྱའོ། …
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས་དེས་བསམས་པ། དེ་བདག་གི་འཕྲལ་གྱི་བྱ་བ་ཐམས་ཅད་ལ་སྔོན་དུ་འགྲོ་བ་ཡིན་ན། བདག་གིས་ཅིའི་ཕྱིར་སྤྱོས་སྙམ་མོ། །དེས་བསམས་པ། གལ་ཏེ་ད་མཐོང་ན་བ…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
འགྲོ་བ་ཞིག་ཡོད་དོ། །དུས་གཞན་ཞིག་ན་དེས་བྲན་དེ་སྤྱོས་པ་དང་བྲན་དེས་བསམས་པ། ཁྱིམ་བདག་འདི་མགུ་དཀའ་བར་གྱུར་པས་བདག་གིས་འདིའི་སེམས་སྲུང་བར་བྱེད་མི་ནུས་ཀྱིས་འབྲོས་སུ་འགྲོའོ་སྙམ་མོ། །དེས་བསམས་པ། ཡུལ་གཏོང་བ་ནི་དཀའ་བ་བྱེད་པ་ཡིན་གྱིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་ནི་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པས་འད…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་བྲན་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་བྲན་རབ་ཏུ་དབྱུང་བར་མི་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་བྲན་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས་དེས་བསམས་པ། དེ་བདག་ལ་དུས་དང་དུས་སུ་དངོས་དང་སྐྱེད་འབུལ་བ་ཡིན་ན་བདག་གིས་ཅིའི་ཕྱིར་བཟུང་སྙམ་མོ། །དེས་བསམས་པ། གལ་ཏེ་ད་མཐོང་ན་བཟོད་པ་གསོལ་ལོ་སྙམ་ནས་དེས་མཉན་ཡོད་ཀྱི་སྒོར་བསྡད་དོ། །དག…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བར་བྱེད་དོ། །དུས་གཞན་ཞིག་ན་ཁྱིམ་བདག་དེས་བུ་ལོན་ཆགས་པ་དེ་མ་ཚོར་བ་ཁོ་ནར་བཟུང་ནས་སྨྲས་པ། དངོས་དང་སྐྱེད་ཅིག་ཅར་ཕུལ་ཅིག་ཅེས་དེས་དེ་དུས་ཅུང་ཟད་ཅིག་བཟུང་ནས་བཏང་བ་དང་། དེས་བསམས་པ། ཁྱིམ་བདག་འདི་མགུ་དཀའ་བར་གྱུར་པས་བདག་གིས་དངོས་དང་སྐྱེད་ཅིག་ཅར་འཇལ་མི་ནུས་ཀྱིས་འབྲོས་སུ་འགྲོའོ་སྙམ་མོ། །དེས་བསམས་པ། ཡུལ་གཏོང་བ་ནི་…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་བུ་ལོན་ཆགས་པ་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་བུ་ལོན་ཆགས་པ་རབ་ཏུ་དབྱུང་བར་མི་བྱའོ། །འགའ་ཞིག་གི…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བྱེད་པའི་དགེ་སློང་ལ་ཡང་གསོལ་བ་བཏབ། གང་གིས་དེ་ལ་གསང་སྟེ་སྟོན་པའི་དགེ་སློང་ལ་ཡང་གསོལ་བ་བཏབ། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་བཏབ་ནས་དེ་བསྙེན་པར་རྫོགས་པར་བྱེད་པ་ན། ཁྱིམ་བདག་དེ་འོངས་ནས་དྲིས་པ། འཕགས་པ་ཁྱེའུ་འདི་འདྲ་བ་ཞིག་མཆིས་པ་གཟིགས་སམ། དེས་སྨྲས་པ། དེ་ཞུ་བར་བྱེ། དེ་སྐྲ་…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
3B ཅིག་བསྲེལ་ན་ཅི་ནོངས་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་རབ་ཏུ་འབྱུང་བར་འདོད་པ་ཕ་མས་མ་གནང་བ་ཞག་བདུན་མི་བསྲེལ་བ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་ཕ་མ་…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
བ་དང་། དེ་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །མས་ཁྱེའུ་དེ་ཉེ་དུའི་མཐུ་དང་ལག་མཐུས་བསྙོད་ཅིང་གསོས་ཏེ་བསྐྱེད་ནས། དེས་ཁྱེའུ་དེ་ཡིག་དཔོན་ལ་བཅོལ་བ་དང་། ཁྱེའུ་དེའི་ན་ཟླ་རྣམས་ཀྱིས་ནི་ཡིག་འབྲུའི་ཡི་གེ་དག་ལོབས་ནས་ཕྱི་རོལ་གྱི་བསྟན་བཅོས་དག་བཀླག་པར་བརྩམས་སོ། །དེ་ནི་ཡིག་འབྲུའི་ཡི་གེ་དེ་དག་ཉིད་ལ་སློབ་པར་…
DKG001
· སངས་རྒྱས་ཤཱཀྱ་ཐུབ་པ།
རབ་ཏུ་འབྱུང་བའི་གཞི་འཆད་པ།
ཤོག་མཁན་པོའི་གན་དུ་འདོད་ཞེས་དེས་དེ་ཁྲིད་དེ་མཁན་པོའི་གན་དུ་སོང་ནས་སྨྲས་པ། རིགས་ཀྱི་བུ་འདི་རབ་ཏུ་འབྱུང་བར་འཚལ་གྱིས་འདི་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་ཕྱུང་ངོ་། །དེའི་མ་ཡིག་དཔོན་གྱི་གན་དུ་སོང་སྟེ་སྨྲས་པ། ཁྱེའུ་དེ་དེ་གར་མཆིས། དེ་དེ་རིང་ཁོ་བོས་གཞུས་སོ། །དེས་ཀྱང་སྨྲས་པ། བདག་གིས་ཀྱང་དེ་དེ་རིང་གཞུས་སོ། །…