Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 97 of 500
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཅིང་། དགེ་སློང་དག་ངས་དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ་ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་པ་ན་ཚེ་དང་ལྡན་པ་ཀཽཎྜི་ནྱ་དང་། ལྷ་བརྒྱད་ཁྲི་ལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      དབྱངས་བསྒྲགས་སོ། །བཅོམ་ལྡན་འདས་ཀྱིས་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཆོས་དང་ལྡན་པ་བསྐོར་བས་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་ཚིག་བླ་དགས་སུ་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གཉིས་སུ་ཡང་ལྔ་སྡེའི་དགེ་སློང་རྣམས…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་སྟེ། དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། ཡང་སྲིད་པའི་སྲེད་པ་དགའ་བའི་འདོད་ཆགས་དང་ལྡན་པ། དེ་དང་དེ་ལ་མངོན་པར་འདོད་པ་སྟེ། དེ་སྤང་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སྡུ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་སྙམ་དུ་ཡང་འཐོབ་པར་ཡང་འགྱུར་རོ། །དགེ་སློང་དག་གང་གི་ཕྱིར་གཟུགས་བདག་མ་ཡིན་པ་དེའི་ཕྱིར་གཟུགས་ལ་གནོད་པ་དང་། སྡུག་བསྔལ་བར་འགྱུར་ཞིང་། གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་སྙམ་དུ་ཡང་འཐོབ་པར་མི་འགྱུར་རོ། །དགེ་སློང་དག་ཚོར་བ་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བདག་མ་ཡིན། བདག་ནི་དེ་མ་ཡིན། དེ་ནི་བདག་གི་བདག་མ་ཡིན་ནོ་ཞེས་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །དགེ་སློང་དག་དེ་ལྟ་བས་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཇི་སྙེད་པ་གང་ཅི་ཡང་རུང་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཤེས་སྐྱེས་པར་གྱུར་ཏོ། །དེ་ནས་རིགས་ཀྱི་གཙོ་བོའ་བུ་གྲགས་པ་མལ་ཆེན་པོ་ལས་བབས་ཏེ། རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་གཅིག་གོན་ནས་ཉལ་ཁང་གི་སྒོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་གྲོགས་པོ་བདག་ནི་གཙེས་སོ། །གྲོགས་པོ་བདག་ནི་ཉམས་སོ་ཞེས་སྐད་ངན་ཕྱུང་བ་དང་། དེའི་སྒོ་མི་མ་ཡིན་པ་རྣམས་ཀྱིས་ཕྱེ་ནས་སྐད་ཀྱང་མི་གྲག་པར་བྱས་སོ། །…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ལོགས་སུ་གཤེགས་ནས་བྱོན་པ་དང་། གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་གཙོ་བོའ་བུ་གྲགས་པ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་པ་གང་ཡིན་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའ་བར་དུ་སྲོག་དང་ཡང་བསྡོས་ཏེ། སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ།། །།འདུལ་བ་གཞི། བམ་པོ་བརྒྱད་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཉིད་ལ་འདུག་བཞིན་དུ་མི་མཐོང་བ་དེ་ལྟ་བུ་ཞིག་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་འདུ་མཛད་པས། ཁྱིམ་བདག་རིགས་ཀྱི་གཙོ་བོས་གཞོན་ནུ་གྲགས་པ་སྟན་དེ་ཉིད་ལ་འདུག་བཞིན་དུ་མི་མཐོང་བ་དེ་ལྟ་བུ་མཛད་དོ། །དེ་ནས་ཁྱིམ་བདག་རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      སེམས་དང་། སྐལ་བ་དང་ལྡན་པ་དང་། ཡང་དག་ཕུལ་གྱི་ཆོས་བཤད་ན་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ་གང་ཡིན་པ་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྒྱ་ཆེར་བཤད་དོ། །དཔེར་ན་གོས་གཙང་མ་ནག་ནོག་མེད་པ་ཚོན་རྩི་འོས་པའི་ནང་དུ་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      སྤྱོད་པར་འགྱུར་རམ། བཙུན་པ་མ་ལགས་སོ། །ཁྱིམ་བདག་ཇི་ལྟར་ཁྱོད་ཀྱིས་སློབ་པའི་ཤེས་པ་དང་། སློབ་པའི་ལྟ་བས་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་པ་དེ་བཞིན་དུ་གཞོན་ནུ་གྲགས་པས་མི་སློབ་པའི་ཤེས་པ་དང་། མི་སློབ་པའི་ལྟ་བས་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། ས…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      དེ་ནས་ཚེ་དང་ལྡན་པ་གྲགས་པའི་མ་དང་ཆུང་མ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ནི་འཕགས་སོ། །བདག་ཅག་ནི་མངོན་པར་འཕགས་ལགས་ཏེ། བདག་ཅག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་ཅག་དག…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      པ་གྲགས་པས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་མཆིས་འབྲང་གི་འཁོར་ན་མཆིས་ན། རང་གི་མཆིས་འབྲང་ལ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཤིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲགས་པ་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། ར…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་པས་དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེན་མ་རྣམས་ནི་སྤངས་ལ་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཚེ་དང་ལྡན་པ་དེ་དག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་སྟེ། དེ་ལྟར་རབ་ཏུ་བྱུང་ནས། ཚེ་དང་ལྡན་པ་དེ་དག་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་གིས། མ་ལ་བདག་ཅག་ཀྱང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་བྱའོ་སྙམ་མོ། །དེ་ནས་གྲོང་གི་མི་གཙོ་བོ་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུ་པོ་དག་ཝཱ་རཱ་ཎ་སཱི་ནས་བྱུང་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཁྱེད་ཀྱང་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་ཡང་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཆེད་དུ་རྒྱུ་ཞིང་དེང་ལ་ཁྱེད་གཉིས་ཤིང་ནི་གཅིག་ཏུ་མ་འགྲོ་ཞིག །ང་ཡང་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་གང་ན་བ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      གཉིས་སུ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དགེ་སློང་དག་ཁྱེད་ཀྱང་ལྷ་དང་མི་རྣམས་ཀྱི་འཆིང་བ་གང་ཡིན་པ་ཐམས་ཅད་ལས་གྲོལ་བ་ཡིན་གྱིས། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། ཞེས་བྱ་བ་ནས་རྒྱུ་ཞིང་དེང་ཞིག་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །ང་ཡང…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཅག་རྩེ་བར་བགྱིད། དགའ་བར་བགྱིད། དགའ་མགུར་སྤྱོད་པར་བགྱིད་པ་ན་བུད་མེད་ཅིག་དམ་བཅས་པ་དྲལ་ཏེ་བྲོས་ནས་བདག་ཅག་ཚོལ་ལགས་སོ། །གཞོན་ནུ་དག་ཇི་སྙམ་དུ་སེམས། བུད་མེད་ཚོལ་བ་གང་ཡིན་པ་དང་། བདག་ཉིད་ཚོལ་བ་གང་ཡིན་པ་གང་བདམ། བཙུན་པ་བདག་ཅག་ལ་བུད་མེད་ཀྱིས་ཅི་བགྱི། བདག་ཅག་ནི་བདག་ཉིད་ཚོལ་བ་གང་ལགས་པ་དེ་འདམ་ལགས་སོ། །གཞོན་ནུ་དག་ད…