Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 99 of 500
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      མཐོང་ནས་ཀྱང་བདག་འདི་སྙམ་དུ་སེམས་ཏེ། ཨཱརྫུ་ནའི་ཡལ་ག་ཆེན་པོ་འདི་སྔོན་ནི་འདུད་པར་མ་གྱུར་ན། ད་འདི་སུ་ཞིག་གིས་བཏུད་སྙམ་བགྱིད་དོ། །འོད་སྲུང་ང་འདིར་ཕྱི་འབྲེད་དང་། ནང་དུ་ཡང་དག་འཇོག་ལས་བཞེངས་ནས་རྫིང་ལག་པས་བརྐོས་པ་གང་ན་བ་དེར་གཤེགས་ཏེ་བྱོན་ནས། རྫིང་ལག་པས་བརྐོས་པའི་འགྲམ་གྱི་མཐའ་གཅིག་ན་ན་བཟའ་ཆོས་གོས་རྣམས་བཞག་སྟེ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཕྱག་དར་ཁྲོད་པའི་ཤ་ནའི་རས་རྣམས་དགྲམ་དུ་གསོལ། དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་དར་ཁྲོད་པའི་ཤ་ནའི་རས་དག་བཀྲམ་མོ། །ལྟེང་རྒྱས་འོད་སྲུང་རལ་པ་ཅན་བསྟི་གནས་ན་འཆག་པ་ན་རྡོ་ལེབ་ཆེ་ལ་རིང་བ་དག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      སྲུང་རྡོ་ལེབ་ཆེ་ཞིང་རིང་བ་འདི་དག་ནི་གནོད་སྦྱིན་གྱིས་བླངས་པ་ཞེས་བྱའོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། འདི་ལྟར་དགེ་སྦྱོང་ཆེན་པོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། ཡ་མཚན་ཆེ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་ན་ལྟེང་རྒྱས་འོད་སྲུང་རལ་པ་ཅན་གྱི་བསྟི…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      སྲུང་ཁྱོད་ནི་དགྲ་བཅོམ་པ་མ་ཡིན། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་མ་ཡིན་ཏེ། དགྲ་བཅོམ་པའི་ལམ་གང་ཡིན་པ་དེ་ཡང་མི་ཤེས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་ཆེན་པོ་གཽ་ཏ་མའི་ཐུགས་ཀྱིས་བདག་གི་སེམས་མཁྱེན་ཏོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དག…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      པ་དེ་བགྱིས་ལགས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་གིས་འཁོར་ལ་བལྟས་ལགས་ཏེ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བད…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ལ། དེ་མཆོག་མ་ཡིན་ནམ། འོད་སྲུང་དག་འདི་ནི་མཆོག་ཡིན་ཏེ། དེ་ནི་མ་ཡིན་ནོ། །དེ་ནས་ཆུ་ཀླུང་འོད་སྲུང་དང་། ག་ཡ་འོད་སྲུང་སྤུན་དག་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བཤད་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་ལྟེང་རྒྱས་འོད་སྲུང་རལ་པ་ཅན་བཙས་ནས་ལོ་བརྒྱ་ཉི་ཤུ་ལྷག་ལོན་པ་རྒ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཆེན་པོ་བདག་ཅག་གིས་འཁོར་ལ་བལྟས་ལགས་ཏེ། དགེ་སྦྱོང་ཆེན་པོ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་ཅག་དགེ་སྦྱོང་ཆེན་པོའ་སྤྱན་སྔར་ཚངས་པར་སྤྱོད་པ་ས…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      སྐུའི་སྟོད་ནས་འབར་བར་མཛད་ལ་སྐུའི་སྨད་ནས་ཆུ་གྲང་མོའ་རྒྱུན་འབེབས་པར་མཛད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་རྣམས་བསྡུས་ཏེ། དགེ་སློང་གི་དགེ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་སྟེ། སྡུག་བསྔལ་གྱིས་ཀུན་ཏུ་འབར་བའོ་ཞེས་སྨྲའོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སྔོན་ཐམས་ཅད་རལ་པ་ཅན་དུ་གྱུར་པའི་དགེ་སློང་དེ་དག་ལ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བར་ལུང་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མ་ག་དྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས།…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      པའི་སངས་རྒྱས་སུ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་བ་དེ་ལྷ་ཁུམ་ཞིག །ལྷ་བས་གཙོ་བོ་བས་ཆེས་གཙོ་བོར་འགྱུར་དུ་མཆིའོ་ཞེས་ཁྱེད་ཅག་དེ་སྐད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། གྲོང་པ་དག་ཤཱཀྱ་རྣམས་ཀྱི་གཞོན་ནུ་ཞེས་བྱ་བ་ནས་བྱུང་བ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ན་དེའི་གཡོག་བྱ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཕྱིར་བདག་ཉེ་བར་འགྲོ་བ་དང་། ཉེ་བར་སོང་བ་ན་དེས་ཀྱང་བདག་ལ་ཆོས་བཤད་པ་དང་། བདག་གིས་ཀྱང་ཆོས་བཤད་པ་དེ་ཤེས་པ་དང་། བདག་གིས་ཆོས་ཤེས་ནས་བསླབ་པ་བཅས་ཤིང་བསླབ་པ་དེ་ཡང་བདག་གིས་བླངས་ཏེ་གནས་ཀྱང་ཅི་མ་རུང་སྙམ་མོ། །མ་ག་འི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའ་ཞོ་ཤས་འཚོ་བ་དག་ཅིག་ལྗོངས་རྒྱུ་པ་ན་ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རི…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བཅོམ་པ། ཟག་པ་ཟད་པ་ཞེས་བྱ་བ་ནས་ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བའི་བར་དུ་སྟེ། ལྷ་དེ་ལ་བཀུར་སྟི་མཛོད་ཅིག་དང་། དེ་ལྟ་ན་ལྷ་གཙོ་བོ་བས་ཆེས་གཙོ་བོར་འགྱུར་རོ། །དེ་ནས་མ་གའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་མི་ཞིག་ལ་བསྒོ་བ། ཀྭའེ་ནང་རྗེ་ཚུར་ཁྱོད་བཅོམ་ལྡན་འདས་གང…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཀྱིས་བསྙེན་བཀུར་བགྱིད་ན། བཅོམ་ལྡན་འདས་རྒྱལ་པོའ་ཁབ་ཏུ་གཤེགས་སུ་གསོལ་ཞེས་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མི་དེས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་སྔོན་ཐ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བཙོན་ར་ན་འདུག་གིས་དེ་དག་ཐོན་ཅིག །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་གདོན་ནོ་ཞེས་རྒྱལ་པོས་བཙོན་རྣམས་འདོན་དུ་བཅུག་གོ །ཡང་རྒྱལ་པོ་ཕྱིར་འབྱུང་བར་བརྩམས་པ་ན་དེའི་དབུ་རྒྱན་སྒོ་ལ་ཐུག་གོ། །དེས་ཡང་བསམས་པ། བདག་གིས་ནི་གདོན་མི་ཟ་བར་ལས་སྐྱོན་ཅན་ཞིག་བྱས་ཏེ། དེས་ན་བདག་ལ་ལྟས་ངན་པ་གཞན་སྒོ་ལ་དབུ་རྒྱན་ཐུག་པ་འདི་བྱུང་ངོ་སྙམ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ལགས་སོ། །རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་མ་ག་འི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་མ་ག་འི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡིན་ནོ། །རྒྱལ་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །དེ་ནས་མ་ག་འི་རྒྱལ་པོ་བཟོ་སྦྱངས་གཟུགས…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      དེ་བཞིན་རོ་ལ་ཡིད་ནི་མི་དགའ་ན། །ལྷ་མི་འཇིག་རྟེན་ལ་ཅི་ཁྱོད་ཀྱི་ཡིད། །དགའ་བ་ཡིན་ནམ་འོད་སྲུང་དྲི་ཡིས་སྨྲོས། །ཕུང་པོ་མ་མཆིས་ཞི་བ་ཅི་མ་མཆིས། །འདོད་སྲེད་མ་ཆགས་གཞན་དུ་འགྱུར་མ་མཆིས། །གཞན་གྱིས་མི་བཀྲིའི་གོ་འཕང་མཆོག་མཐོང་སྟེ། །དེས་བདག་མཆོད་སྦྱིན་མི་དགའ་སྲེག་བླུགས་མིན། །གོ་འཕང་མི་ཉམས་མཆོག་ནི་མ་མཐོང་བས། །མཆོད་སྦ…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་མངོན་བར་འདུ་བྱ་བ་དག་བསྡུས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྟང་ས་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      པོ་ཆེན་པོ་རིགས་ཀྱི་བུས་གཟུགས་ཡོངས་སུ་ཤེས་ན་གཟུགས་ལ་བདག་གམ་བདག་གིར་ཁས་མི་ལེན། མི་འཛིན་ལྷག་པར་མི་གནས། མངོན་པར་ཞེན་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུས་ཚོང་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་ན་བདག་གམ་བདག་གིར་ཁས་མི་ལེན། མི་འཛིན། ལྷག་པར་མི་གནས། མངོན་པར་ཞེན་པར་མི་བྱེད་དོ། །ར…
      DKG004 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཁོར་གྱི་སྡེ་ཚན།
      བཏགས་པའི་རྗེས་སུ་ལྷུང་བ་ཡིན་ཏེ། འདི་ལ་བདག་ཅེའམ་བདག་གི་མེད་ཀྱི། དགེ་སློང་དག་སྐྱེ་བ་ན་སྡུག་བསྔལ་འདི་སྐྱེ་ཞིང་འགག་པ་ན་ཡང་སྡུག་བསྔལ་འགག་གོ །སྐྱེ་བ་ན་འདུ་བྱེད་རྣམས་སྐྱེ་ཞིང་འགག་པ་ན་འདུ་བྱེད་རྣམས་འགག་པར་འགྱུར་ཏེ། རྒྱུ་དང་རྐྱེན་དེ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་འཇུག་གོ །དགེ་སློང་དག་དེ་བཞིན་…