Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 313 of 500
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ཤེས་རབ་ཉི་ཟེར་ཟླ་རྒྱས་ཐབས། །འབར་བའི་ཕུང་པོ་ཆོས་ལ་བརྟེན། །དེ་ལས་གཟུང་ཐབས་གཉིས་ཀྱིས་ནི། །འབྲུ་ལྔ་ཕྱག་རྒྱ་ཉིད་དུ་སྟེ། །དེ་ལས་རྡོ་རྗེ་ཕྱག་བསྣམས་གསོར། །དེ་ལས་འཁོར་ལོ་ཕྱག་བསྣམས་གསོར། །དེ་ལས་ནོར་བུ་ཕྱག་བསྣམས་པ། །དེ་ལས་པདྨ་ཕྱག་བསྣམས་འཛིན། །དེ་ལས་རལ་གྲི་ཕྱག་བསྣམས་གཅོད། །དེ་ཉིད་རྡོ་རྗེ་ཕྱག་བསྣམས་པ། །ཐབས་ཆེན་ད…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ཡུལ་ལ་མངོན་དུ་སྣང་བར་འགྱུར། །མི་བསྐྱོད་རྡོ་རྗེ་ཐབས་ལྡན་པས། །ཨོཾ་དང་ཧཾ་ནི་མ་ཐལ་བར། །ལན་གསུམ་གསོར་ཆེན་ཐུགས་ཀར་བསྒོམ། །ལྷན་ནེའི་དཀྱིལ་འཁོར་མཆོག་ཏུ་འགྱུར། །ཨཱོཾ་དང་ཧཾ་ནི་ཐལ་ཙམ་དུ། །ཀུན་ཏུ་གྲུ་བཞིར་བདག་གནས་ཏེ། །ལན་གསུམ་གསོར་བར་གང་བརྩོན་པ། །ཚེ་དང་སྐལ་བ་འཕེལ་བར་འགྱུར། །ལོངས་སྤྱོད་ཅི་འདོད་འཕེལ་བར་འགྱུར། །དེ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      པ་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་བསྙམས་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ལྟེ་བ་རྩིབས་དང་ལྡན་པ་ཡི།…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཆར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །གསལ་ལྡན་མ་འམ་བྱིན་བརླབས་ལ། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། །དབྱིངས་ན་དཀྱིལ་འཁོར་སྤྱན་དྲངས་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །གོས་རྒྱན་མཛེས་པའི་ཡིད་འོང་གྲོགས། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཉི་ཤུ་འམ་ནི་རྩ་ལྔར་བྱ། །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། …
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་སྔོན་བྱུང་སྐྱོབ་པ་དང་། །བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་མཐུའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ནས་མཉམ་ཉིད་དཀྱིལ་འཁོར་ལ། །ཐབས་དང་ཤེས་རབ་ལྡན་བྱས་ཏེ། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཐམས་ཅད་མ་ལུས་མནྡྷ་ལའི། །དེ་བཞིན་ཉིད་ཀྱི་གཞལ་ཡས་ནི། །རིག་པ་རང་དབང་གྱུར་པ་ཡིས། །མཉམ་ལ་མཉམ་པར་མི་དམིགས་པའི། །ཆོས་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ། །འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ། །རང་བཞིན་དཀྱིལ་འཁོར་གནས་མོད་ཀྱང་། །གཟུང་འཛིན་རྣམ་རྟོ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      བྱང་ཆུབ་ཕྱོགས་རྣམས་རབ་ཏུ་རྫོགས། །འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར། །ཨ་ཧོ། ཆོས་སྐུའི་ཕྱག་རྒྱ་དེ་དག་ལས། །ལས་ལྔའི་དཀྱིལ་འཁོར་རབ་ཏུ་བསྒྲུབ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དྲག་པོ་གཏུམ་པོ་གདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      བསྒོམ་ཐེ་ཚོམ་མེད་པར་འགྲུབ། །དེ་ནི་རྒྱལ་བ་ཀུན་དང་མཉམ། །ཐེ་ཚོམ་མེད་པར་ངེས་འགྲུབ་འགྱུར། །འཇིག་རྟེན་པ་ཡི་ལྷ་བསྒྲུབ་ན། །ལྷ་ཡི་སྙིང་པོ་གང་ཡང་རུང་། །བྲིས་ཏེ་དཀྱིལ་འཁོར་ནང་བཅུག་ན། །ལྷ་དེ་ཉེ་བར་འགྲུབ་པར་འགྱུར། །ཆོས་ཉིད་རྟེན་ཅིང་འདྲེལ་བྲིས་ནས། །ཆོས་ཀྱི་དོན་རྣམས་རྟོགས་པར་འགྱུར། །རང་དང་སྤྱི་ཡི་དོན་རྟོགས་ནས། །སྐ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ལག་པའི་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧཱཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། །ཨོཾ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      པར་འགྱུར། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དབང་སྦྱིན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ། མཉམ་པ་ཉིད་ལ་བཞུགས་ ནས། ལྷག་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཉེ་བར་ལེན་པའི་ཐབས་འདི་གསུངས་སོ། །དེ་བ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ཡི་གེ་ཧཱུཾ་གནས་པ། །ཤིན་ཏུ་ཕྲ་ཞིང་ཉུང་འབྲུ་འབར། །གནས་གཅིག་དང་ནི་གནས་གསུམ་དང་། །གནས་ལྔ་དག་ཏུ་རབ་ཏུ་བསྒོམ། །ཤེས་རབ་སྤྱན་ལ་འདྲིས་པ་དང་། །ནྲྀ་ཡི་མིག་གིས་བལྟར་ཡོད་པར། །ཤིན་ཏུ་ཕྲ་ཞིང་གསལ་བར་བསྒོམ། །ཤིན་ཏུ་བློ་གསལ་འདྲིས་གྱུར་ནས། །ཕྱོགས་བཅུའི་སྟོང་ཁམས་རྡུལ་སྙེད་དུ། །ཐུགས་རྗེའི་བྱིན་རླབས་བསམ་ཡས་སྤྲོ། །སྤྲོས་ཀ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །རྒྱུ་གཅིག་དང་ནི་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་ད…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་གོ་ཐོགས་མེད་འགྲུབ། །བཟའ་དང་བཏ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      འགྲོ་དྲུག་དུས་གནས་མིང་ཚོགས་ཁྱད་པར་རབ་སྣང་བའི། །ཟབ་ཆེན་སྤྱོད་ཡུལ་ལོག་པར་རྟོག་བརྟག་མིང་ཙམ་དུ། །ཨཱ་ལི་ཀཱ་ལི་ལ་སོགས་འདོད་པའི་སྙིང་པོ་ཉིད། །ཕྱག་རྒྱ་གླུ་ཚིག་སྐུ་གསུང་ཐུགས། །ཐུགས་ཀྱི་ཐུགས་ཆེན་ཡོན་ཏན་རྫོགས་པའི་སངས་རྒྱས་ནི། །ཉིད་དེ་མཉམ་པའི་ཐུགས་སུ་རབ་ཏུ་གསལ། །མཉམ་ཉིད་ཁྱབ་པའི་སྟངས་དཔྱལ་ཡོན་ཏན་མཆོག་སྟེ་སྔགས་ཀྱ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཉེས་པར་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་བསམ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟེན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བ། །བདག་ཅག་གཞན་དུ་འཚོལ་བས་སངས་མི་རྒྱ། །དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་། །བགྲོད་པར་འདོད་པས་ཕྱིན་པར་མི་ནུས་ཏེ། །ཤེས་རྒྱུད་ཅི་ཡིན་གང་གིས་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་གྱི་ནར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པ་བྱང་ཆུབ་ཐོབ། །མ་སྤངས་མཚན་མ་ཀུན་བྲལ་ཡོངས་མེད་པས། །བྲན་བྱེ…
      DNG010 · Author: not yet catalogued
      གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།
      བརྙན་མི་སྣང་ངོ་། །གང་ན་གསང་ཆེན་འདི་ཡོད་པར། །མེ་མ་མུར་གྱི་དོང་འབོག་ལ། །སྤུ་གྲིའི་སོ་ནི་གཏམས་པ་ལ། །འཛེགས་ནས་བུ་དག་འགྲོ་བར་བྱོས། །ཁོངས་ན་གནས་པའི་ཡང་ཁོངས་སུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །དབྱིངས་ཉིད་ལ་ནི་དབྱིངས་སྤྱོད་ཕྱིར། །དབྱིངས་ཉིད་མཆོག་གི་གནས་ལ་སྤྱོད། །དེ་ཉིད་མི་གནས་མྱ་ངན་འདས། །རྡོ་རྗེ་གསང་བའི་ཚིག་…