Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 336 of 500
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      གྲོགས། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཡང་ན་རྒྱང་གྲགས་དཔག་ཚད་ཙམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །མ་མཐོང་རྨོངས་ལ་…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་པས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བ་ཐིག་ལེའི་ངོ་བོ་ཉིད། །ཏྲཱྃ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། །གསང་བ་གསང་ཆེན་གསང་མཆོག་ལས། །གསང་བ་ཀུན་ལ་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་ཡིན། །གསལ་བའི་འཁོར་ལོ་གཞལ་ཡས་སུ། །གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཅད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། སྒྱུ་འཕྲུལ་དྲ་བའི་རྒྱལ་པོ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་གོས་པ་མེད། །སྣོད་བཅུད་རྒྱུ་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་དུ་བཟང་པོའི་ཞིང་། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡིས། །རྣལ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      གྱིས་སུ། །འོད་ཟེར་རྣམ་པ་མང་པོ་འཕྲོ། །གཉིས་སུ་མེད་པར་བསྡིམ་པར་བྱ། །དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་འགྱུར་བ། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །མཁའ་དཀྱིལ་དག་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་ཀུན། །མ་ལུས་བར་ནི་བསྒོམ་པར་འགྱུར། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་དུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡིས། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟས་ཤིང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བ། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་དབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བའི། །རོལ་མོ་དཀྱིལ་འཁོར་མཐའ་…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      བ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་ཕྱར་བས་གལ་ཏ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པ་དང་། བརྟགས་པ་ལ་མངོན་པར་ཞེན་པས་ཡང་དག་པའི་ལམ་དང་བྲལ་བ་དག །གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      པ་དང་། རབ་ཏུ་འཇིགས་པའི་རླུང་ནག་དང་། གྲང་བ་དང་། ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་དུ་ཁམས་འཁྲུག་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      ཁམས་ན་གནས་པའི་དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་སྐྱི་བུང་ཞེས་བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང་། སྐུ་སྨུག་གནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      འདས་དགྱེས་པ་ཆེན་པོ་དབུ་དགུ་ཕྱག་བཅྭ་བརྒྱད་ཞབས་བརྒྱད་དུ་གནས་ནས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས་རྔམ་པའི་སྐད་ཀྱིས། ཧཱུྃ་ཧཱུྃ་ཧཱུྃ་ཧ་ཧ་ཧ་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་ཆེན་པོ་དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུང་། ནང་གྲོལ་ཀུན་དྲངས་ཡན་ལག་ཀུན་བཅད་གཏུབས་…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      ཆགས་པའི་ཡིད་གཡོས་ནས་པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་དང་། དགའ་བ་མོ་དང་། གསོད་བྱེད་མ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་གདོང་ཆེན་མོའི་ཚོགས་དང་། བཞད་གདོང་ཆེན་མོའི་ཚོགས་དང་། ཀཱང་ཀའི་གདོང་ཆེན་མོའི་ཚོགས་དང་། དུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཤར་གྱི་ཕྱོགས་ནས་འཁོར…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་རབ་ཏུ་དྲེད་ཅིང་ཞུམ་པའི་ང་རོས་སྨྲས་པའི་ཚིག །འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། །མགོ་དང་ལུས་ནི་བརྒྱར་འགས་ཤིང་། །སྙིང་ཡང་འགས་ཤིང་གཏུགས་འགྱུར་ཅིང་། །རུལ་མྱགས་ཚིག་ནས་བརླག་པ་དང་། །དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་བཙུན་མོའི་ཚོགས་དང་བཅས་པ་དེ་དག་གིས། སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ཡེ་ཤེས་རྔམ་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      ཁཱ་ཧི་ཧོཿཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀུན་ཚིག །རབ་ཏུ་ཚིག །ཀུན་ཏུ་རབ་ཏུ་ཚིག་གོ། །འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་རོ། །ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་དུ་རབ་ཏུ་གང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་ཚོགས་ཆེན་པ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །དེ་ལ་མཆོད་སྦྱིན་དམ་པ་འདི། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་དབ…
      DNG011 · རྩོམ་མཁན།
      དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།
      སྤྱོད་པ། །བརྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཉིད་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ…