Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 355 of 500
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
གཉིས་སུ་མེད་པར་ཞུགས་པ་ཡིན། །ཡེ་ཤེས་ནམ་མཁའི་འཁོར་ལོ་དེ། །གསང་བའི་ཐབས་ཀྱིས་འགུགས་པ་ཡིན། །གསང་བའི་ཡེ་ཤེས་བསྐྱོད་པའི་ཕྱིར། །རིམ་ནས་རིམ་པར་ཐིམ་པར་བྱ། །ཐབས་ཀྱིས་རང་བྱུང་བདེ་སྐྱེས་པ། །མ་སྐྱེས་རང་བྱུང་བརྗོད་དུ་མེད། །བདེ་ཆེན་རང་རིག་མི་རྟོག་པ། །ངེས་སྐྱེས་ཕྱིར་མི་ལྡོག་པར་བསྟན། །འཁོར་ལོ་གསང་བའི་གཞལ་ཡས་ཁང་། །ལྷ་…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
གཉིས་ཚུལ་གྱིས་རང་བཞིན་གནས་པའོ། །རང་བཞིན་ཐབས་ཀྱིས་བྱིན་རླབས་པ། །གནས་གསུམ་གསང་བའི་འཕྲོ་འདུ་ཡིས། །མ་ལུས་ཁྱབ་པ་བྱིན་རླབས་པ། །རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། །ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་ཉིད། །རྗེས་མཐུན་འོད་ཀྱི་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །རང་སེམས་དྭངས་མའི་ཐིག་ལེ་ཉིད། །མ་ལ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཐབས་ཆེན་དངོས་ཉིད་གསལ་འགྱུར་བ། །གསང་ཆེན་ཐུགས་ཀྱི་རྒྱས་བཏབ་པའོ། །ཐབས་དང་ཤེས་རབ་ལྡན་པ་ཡི། །དབྱེར་མེད་བདེ་བ་ཆེན་པོ་ནི། །གང་གིས་གང་ལ་རྒྱས་བཏབ་པ། །དེ་དང་དེ་ཡི་ངོ་བོར་འགྱུར། །མཐའ་དང་དབུས་བྲལ་རང་རིག་ཉིད། །དེ་བཞིན་བདེ་བ་ཆེན་པོ་ཉིད། །གཉིས་མེད་ཟུང་དུ་འཇུག་པ་ནི། །མཐར་ཐུག་ཡེ་ཤེས་ཉིད་དུ་བཤད། །རང་གནས་ཐབས་ཀྱིས་གོམས…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཐབས། །བསྐུལ་བའི་རང་བཞིན་བསྟན་པ་ཡིན། །འགྲོ་བ་ཆགས་ཅན་གང་ཟག་ལ། །ཐབས་ཆེན་གསང་བ་འདི་བསྟན་པས། །མེ་ཏོག་ལ་ནི་ཆུ་བཞིན་དུ། །བདེ་ཆེན་འབྲས་བུ་ཐེ་ཚོམ་མེད། །རང་བཞིན་དམན་དང་ཐེག་པ་དམན། །དབང་དང་མན་ངག་མེད་པ་ལ། །བསྐལ་པ་བྱེ་བར་ཅི་བསྟན་ཀྱང་། །དོན་མེད་ངན་འགྲོར་ལྟུང་བར་འགྱུར། །གསང་ཡུམ་ཐབས་ཀྱི་སྤྱོད་པ་ཡིས། །ཤེས་རབ་གསུམ་ལ་ཉ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཐིག་ལེའི་ཆུ། །མ་ལུས་བདེ་བ་ཆེན་པོ་སྟེ། །ཁྱབ་པ་རང་རིག་མི་རྟོག་པ། །རང་བྱུང་ཡེ་ཤེས་རྒྱུ་འབྲས་འདས། །བདེ་བ་ཆེན་པོ་ནམ་མཁའི་ཁམས། །མ་ལུས་འདུས་པའི་ཐིག་ལེ་ནི། །དྭངས་མའི་སྙིང་པོ་བདེ་ཆེན་པོ། །གསང་བའི་ཐབས་ལ་བརྟེན་པ་ཡིན། །མ་ལུས་བདེ་བ་ཆེན་པོར་འགྱུར། །དྭངས་སྙིགས་ཕྱེ་བའི་ཐིག་ལེ་ཡིས། །ཁུ་བ་རྩི་ཡི་ཚུལ་དག་གིས། །ཁྱབ་པས་བ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཆེན་ཕྱག་རྒྱ་བསམ་མི་ཁྱབ། །བཅུ་དྲུག་བདེ་ཆེན་འགྲོ་འོང་མེད། །ཐིག་ལེ་བདེ་བས་རྒྱས་བཏབ་པའོ། །གསང་བའི་ཐིག་ལེ་ཆེན་པོ་ནི། །ཡོན་ཏན་རྫོགས་པའི་བདག་ཉིད་དེ། །མ་ལུས་བདེ་བར་རྒྱས་ཐེབས་པས། །ཐམས་ཅད་གཅིག་པའི་ཕྱག་རྒྱར་གསལ། །བདེ་ཆེན་ཐིག་ལེའི་ཕྱག་རྒྱ་འདིས། །ཇི་སྙེད་ཕྱི་ནང་དངོས་པོ་དག །ནམ་མཁའི་དབྱིངས་དང་མཉམ་པ་དག །མ་ཐེབས་པ་ནི…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ལ་སྦྱར་བ་དང་། །བླང་བའི་དམ་ཚིག་སྤྱད་པ་ནི། །རྣལ་འབྱོར་སྐྱེས་བུར་ཤེས་པར་བྱ། །ཉོན་མོངས་ལྔ་དང་འདོད་ཡོན་ལྔ། །རྟེན་དང་ཤེས་པ་ལ་སོགས་པ། །རྣལ་འབྱོར་སྐྱེས་བུས་ཉམས་སུ་བླངས། །འདི་ནི་ཐུན་མོང་དམ་ཚིག་སྟེ། །རྣལ་འབྱོར་པ་ཡིས་བསྲུང་བར་བྱ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །འབྱུང་ལྔ་ལུས་ཀྱི་བདུད་རྩི་དག །འཁོར་ལོ་ཐབས་ཀྱི་ཁྱད་པར་ད…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
འབྱོར་སྐབས་ཀྱི་ལས་ལྡན་ལ། །ལུས་དང་དབང་པོ་དར་བ་དང་། །འདོད་རྟེན་བརྟུལ་ཞུགས་ལྡན་པ་ཡི། །གང་ཟག་ཕོ་མོ་སྤྱོད་ཡུལ་ཡིན། །ཐུན་མོང་མིན་པའི་དམ་ཚིག་འདི། །དམན་དང་དཀའ་ཐུབ་དྲན་པ་དང་། །རྒས་དང་རྒུད་དང་བྱ་བ་མང་། །འདོད་པ་བྲལ་མཐའི་བཏང་སྙོམས་པ། །མ་རབས་རྣམས་ཀྱི་སྤྱོད་ཡུལ་མིན། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། གསང་བ་དམ་ཚིག…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
མ་ལུས་ཞི་བའི་ཕྱིར། །བསྲུང་བའི་ཆོ་གས་རྩམ་པར་བྱ། །ལུས་དང་རྩ་དང་ལོ་གྲངས་སོགས། །ཇི་བཞིན་མ་ཡིན་ཐབས་མཚོན་པས། །སོར་བཞི་ནམ་མཁའ་དབྱིངས་ཀྱི་བར། །ཉམས་ཀྱི་ཚད་ཀྱང་བསྟན་པ་ཡིན། །གྲུ་བཞི་ཚད་ལྡན་དཀྱིལ་འཁོར་ལ། །ཇི་ལྟར་རྒྱུ་བའི་རང་བཞིན་དག །འདི་དག་དཀྱིལ་འཁོར་མཚོན་པ་སྟེ། །མི་གྲུབ་མཚོན་པ་ལེགས་པར་བཤད། །ལུས་ངག་ཕུང་ཁམས་སྐྱེ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
བདེ་བ་འབྱུང་། །དུག་ལ་ཐབས་དང་ལྡན་བྲལ་ལྟར། །འཆིང་དང་གྲོལ་བར་སྣང་བ་ཡིན། །གང་ཞིག་ཐབས་ཀྱིས་མ་ཟིན་པར། །ཆགས་པའི་བདེ་བ་གང་བསྟེན་པ། །ཐར་མེད་འཁོར་བའི་ས་བོན་ཏེ། །བསྐལ་པ་བྱེ་བར་སྲིན་བུར་ལྟུང་། །མ་ཆགས་ཐབས་བྲལ་འཁོར་བ་སྟེ། །ཆགས་པ་ཐབས་བྲལ་འཁོར་བ་ཉིད། །ཐབས་ཆེད་ལྡན་པའི་རྣལ་འབྱོར་ལ། །ཐམས་ཅད་བདེ་བ་ཆེན་པོར་གནས། །ཐིག་ལེ་…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཟིན་པ། །གང་གིས་ཞེན་པས་དེ་སྤྱད་པས། །ཐ་མལ་པ་དང་མུ་སྟེགས་ཀྱི། །ལོག་པའི་ལམ་དུ་ལྟུང་འགྱུར་བས། །ཟག་པས་རྒས་དང་རྒུད་པ་དང་། །ཉམས་དང་བརྒྱལ་དང་ནད་གཟིར་དང་། །ལོག་པའི་གདུང་བས་གཟིར་བ་དང་། །རིགས་ངན་མངལ་དུ་སྐྱེ་བར་འགྱུར། །རྟག་ཏུ་འདོད་ལ་ཞེན་པ་ནི། །དེ་བཞིན་ཞེན་པས་སེལ་བར་བྱེད། །སྤོང་དང་འགེག་པ་སྲེད་འཕེལ་ཏེ། །དབུལ་པོ་ཡོ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
པ་པོས་ཀྱང་གསོལ་བ་གདབ། །ཐབས་དང་ཤེས་རབ་ཉི་ཟླའི་འབྲུ། །ཕྲ་མོ་གསལ་བའི་རང་བཞིན་ལ། །རྒྱལ་བའི་དཀྱིལ་འཁོར་ལྷུན་རྫོགས་པ། །གསལ་བར་གནས་པ་བྲིས་པ་ཡིན། །ཐལ་མོ་ཞེས་བྱ་སྡེབས་པའི་སྒྲ། །དབང་པོ་ཡུལ་དུ་རབ་སྦྱོར་བས། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །བརྟུལ་ཞུགས་ཆེན་པོའི་ཕང་དུ་བླངས། །རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ། །ཏིལ་འབྲུ་…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཤེས་ལྔ། །སྔགས་རྫས་དགོངས་པས་གང་བསླངས་པ། །ཀུན་ནས་ལྡན་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །སྤྱི་མགྲིན་སྙིང་དང་ཡན་ལག་སོགས། །རང་བྱུང་རྟེན་གྱི་ཐིག་ལེ་ལས། །རིགས་ཀྱི་ཕྱག་རྒྱ་གསལ་ལྡན་པ། །གཉིས་མེད་ཐིམ་པའི་བྱིན་རླབས་ཀྱིས། །ནུས་པ་ལྔ་ལྡན་ཕྱག་རྒྱར་སྨིན། །ཐབས་ཀྱི་ཆོ་ག་དབང་བསྐུར་བས། །རྒྱལ་མཆོག་རྒྱས་བཏབ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཡས། །ཀུན་དང་གཞན་ཉིད་རང་གསལ་བས། །བཅུ་གསུམ་ཡི་གེ་འཁོར་ལོ་བརྗོད། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །དབྱེར་མེད་ཐིག་ལེ་ངོ་བོ་ཉིད། །དབང་བསྐུར་ལྔ་ཡི་ཁྱད་པར་ཏེ། །སྐལ་ལྡན་རྣམས་ལ་བསྟན་པ་ཡིན། །གོང་དུ་བསྐལ་པ་བྱེ་བ་ཡི། །ཐུན་མོང་ཐུན་མོང་མ་ཡིན་པའི། །སྡིག་པ་བྱས་པ་གང་ཡིན་དང་། །དཀའ་ཐུབ་སྡོམ་པས་ལུས་གདུངས་ཤིང་། །སྡུག་བསྔལ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
ཉིད་བདེ་ཆེན་བརྟུལ་ཞུགས་སྤྱོད་པ་འདི། །ཐེག་དམན་ལོག་རྟོག་སྤངས་པ་ཡི། །བྱང་ཆུབ་རྡོ་རྗེ་ཅན་སོགས་པའི། །བདེ་ཆེན་སྲས་དང་བཅས་པའི་དོན། །ལྟ་སྤྱོད་གོལ་ཞིང་ལོག་པ་ནི། །རྩི་སྨན་རང་གི་སྲོག་གཅོད་ལྟར། །ཐབས་བྲལ་སྤྱོད་པས་གྲོལ་འདོད་པའི། །རྣལ་འབྱོར་བདུད་ཀྱིས་བསླུས་པར་འགྱུར། །གང་དུ་རྣལ་འབྱོར་སྐལ་ལྡན་པས། །ཐབས་བྲལ་རྣམས་ཀྱིས་…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
བཞིན་ཆད་པ་ནུས་མཐུ་དང་། །རིམ་པ་བཞིན་དུ་བརྟག་པར་བྱ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་མ། །བཅྭ་བརྒྱད་ཉི་ཤུ་གཉིས་ལྔ་སོགས། །ཡིད་འོང་ལུས་མཛེས་ཁ་དོག་ལེགས། །དུལ་ཞིང་བློ་གྲོས་ལྡན་པ་དང་། །རོལ་པའི་ཐབས་ལ་མཁས་ཤིང་བརྩོན། །འདི་ནི་རྐྱེན་ལས་མེ་བྱུང་ལྟར། །རིག་པ་བཞིན་དུ་ནན་ཏན་བྱ། །མཛེས་ཤིང་ཆགས་པས་བལྟ་བ་ལྟར། །འབྱུང་བ་དང་ནི་འཁ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
སྣ་ཚོགས་པ། །མོས་པ་གདུལ་བྱའི་དོན་དུ་སྣང་། །ངོ་བོ་བདེ་བ་ཆེན་པོར་སྣང་། །དེ་ནས་གཞན་ཡང་བཤད་བྱ་བ། །ཐིག་ལེ་འགྲོ་འོང་མེད་པའི་ལམ། །ལམ་གྱི་ཁྱད་པར་གང་བསྟན་པ། །དཔའ་བོ་ཐབས་ཀྱི་ལམ་རྙེད་ནས། །བར་ཆད་ཉམས་ཀྱིས་བསལ་ནས་ཀྱང་། །མཐར་ཕྱིན་ལམ་ལ་གནས་ཀྱི་བར། །བདེ་ཆེན་འཕེལ་འགྲིབ་མེད་པར་བསྒོམ། །ཤེས་རབ་ཐབས་ཀྱི་ཉམས་ལྡན་པ། །རང་རིག་…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
སྒྱུ་འཕྲུལ་ཐབས་ཀྱི་རང་བཞིན་ཏེ། །དྲ་བ་ཤེས་རབ་ཟབ་མོའི་དབྱིངས། །གཉིས་མེད་འདྲེལ་བའི་བདེ་ཆེན་པོ། །རྒྱུད་ཀུན་གྱི་ནི་རྒྱལ་པོ་ཉིད། །ཕྱི་ནང་སྣོད་བཅུད་མ་ལུས་པ། །བདེ་ཆེན་ཐིག་ལེར་རང་གནས་པ། །ལུང་དང་མན་ངག་ལྡན་པ་ཡིས། །དངོས་པོ་ཇི་བཞིན་རྟོགས་པར་བྱ། །དད་དང་དམ་ཚིག་ཀུན་ལྡན་ཞིང་། །སློབ་དཔོན་མཉེས་ཤིང་དབང་ཐོབ་པས། །བརྩོན་འ…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
པས་སངས་རྒྱས་ཀུན། །མི་འགྲུབ་ནམ་མཁར་མྱུ་གུ་བཞིན། །བདེ་བས་འཁོར་ལོ་བཞི་དག་ལ། །བྱ་བ་གཞན་སྤངས་རྩེ་གཅིག་གནས། །འབྱུང་བ་ལུས་དང་རིག་པ་སེམས། །བརྟེན་པའི་སྣང་བའི་ཆོས་ཉིད་རྒྱུད། །ཐོག་མ་ཐ་མ་མེད་པའི་བར། །མཐར་ཐུག་བར་ནི་ནན་ཏན་བྱ། །དམ་ཚིག་དབང་ལྡན་རྣལ་འབྱོར་པས། །ཆགས་ལམ་དབང་ཐོབ་རབ་འབྲིང་གིས། །མོས་པའི་ཚད་དང་སྦྱར་ནས་ནི། །…
DNG011
· རྩོམ་མཁན།
སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ།
གསལ། །ནམ་མཁའི་དཀྱིལ་འཁོར་བཞུ་བ་ཡིས། །བདག་ལུས་ཁྱབ་པར་བྱིན་བརླབས་པས། །ཐམས་ཅད་བདེ་བ་ཆེན་པོར་གསལ། །ཐབས་དང་ཤེས་རབ་ཚད་ལྡན་པས། །བྱིན་རླབས་ཐབས་ལ་མཁས་བྱ་སྟེ། །དབང་པོ་ལྔ་ཡི་སྦྱོར་བ་ཡིས། །ཐབས་ཀྱིས་ཁྱད་པར་ཅི་རིགས་པར། །རང་རིག་ཉམས་ཀྱི་བདེ་ཆེན་ནི། །འཕེལ་འགྲིབ་མེད་པར་བསྒོམ་པར་བྱ། །ཆགས་པ་དང་ནི་མེད་པ་དང་། །འཛིན་པ་ལ་ས…