Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 425 of 500
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      སྦྱངས། །དེ་ནས་གསང་ཆེན་སྔགས་ལ་འཇུག །ངེས་པ་དོན་གྱི་གདུལ་བྱ་རྣམས། །རང་བཞིན་གྱིས་ནི་སྣོད་གྱུར་པ། །སྐྱེ་བོ་མ་ངེས་ས་དག་ནས། །གསང་ཆེན་སྔགས་ལ་རབ་ཏུ་འཇུག །ཁ་ཅིག་སྦྱངས་པའི་རིམ་གྱིས་པ། །དཔག་མེད་སྔོན་ནས་ཚེ་འདིར་སྦྱངས། །ཁ་ཅིག་དུས་མཐའི་ཅིག་ཆར་བ། །རྒྱུད་ལུང་མན་ངག་ཆོས་ལ་འཇུག །སྔོན་གྱི་ལས་འཕྲོ་ཡོད་པ་དང་། །འཕྲལ་དུ་སྐལ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      དྲིས། །ལྷན་ཅིག་པ་ཡི་འཁོར་གྱིས་གསུངས། །དཔེར་ན་གཞལ་བྱ་རྫས་གཅིག་པ། །འཇལ་བྱེད་དྲེ་སྲང་ལྟ་བུ་ཡིན། །རྫས་མེད་དྲེ་སྲང་གཞལ་མི་བཏུབ། །སྲང་མེད་རྫས་ཀྱི་ཆེད་མི་ཤེས། །གཞལ་བྱ་རང་རིག་སྐད་ཅིག་མ། །འཇལ་བྱེད་གཏན་ཚིགས་དེ་ཉིད་གཏོང་། །གཞལ་བྱ་བྱས་ན་གཏན་ཚིགས་མེད། །གཏན་ཚིགས་བྱས་ན་གཞལ་བྱ་མེད། །ཁྱེད་ནི་དེ་ལྟར་འདོད་པ་ཡིན། །བདག་…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      རྡུལ་ཕྲན་འགྲོ་བ་ཐམས་ཅད་ལ། །ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ། །ཉོན་མོངས་ཀུན་གྱི་ནང་དུ་གནས། །འགྲོ་བ་ལྷ་མིའི་བྱང་ཆུབ་སེམས། །མོས་པ་རྒྱ་མཚོའི་འཁོར་ཀུན་ལ། །རང་རང་སོ་སོའི་སྐད་དུ་གསུངས། །ཚིག་དབྱངས་མེད་པའི་སྐད་ཀྱིས་གོ། །མངོན་སུམ་སྣང་བ་དངོས་མེད་ཉིད། །དབྱེར་མེད་བྱང་ཆུབ་ཆེན་པོར་རྟོགས། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      རྣམ་པ་ལྔ། །གདོད་ནས་སྐྱེ་བ་མེད་པའི་དོན། །སྐྱེ་བ་མེད་པར་སྨྲ་བརྗོད་བྲལ། །སེམས་ཉིད་དབྱེར་མེད་རང་ཤེས་པས། །ཆོས་ལ་འཛིན་པའི་དྲི་མ་མེད། །རང་རང་སྐད་དུ་གོ་བ་ཡིས། །འཁོར་བ་མྱ་ངན་འདས་པར་གྲོལ། །སྣོད་བཅུད་བེམ་རིག་སྟོང་པ་ཉིད། །མངོན་སུམ་སྣང་བས་ཆོས་ཚུལ་སྟོན། །ཀུན་རྫོབ་དོན་དམ་དབྱེར་མེད་གནས། །སྣང་སྟོང་དབྱེར་མེད་རྡོ་རྗེར…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ལ་ཕེབས་པར་འགྱུར། །སྟོན་པའི་བདག་ཉིད་སྐུ་ལྔ་ཉིད། །འཆད་པའི་སྐྱེས་བུ་རིག་འཛིན་ལྔས། །འཁོར་བར་སྣང་བའི་ལྷ་མི་དང་། །མཁའ་འགྲོའི་ཚོགས་ལ་རབ་བརྒྱུད་པས། །ལྷ་མིའི་འཇིག་རྟེན་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་རྒྱས། །རྨད་བྱུང་ཆེ་བའི་མཛད་པ་སྟོན། །སྤང་ལེན་མེད་པའི་དོན་རྟོགས་ནས། །ཕྱག་རྒྱ་ཆེན་པོ་མཆོག་ཉིད་ཀྱི། །དངོས་གྲ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      བའི་སྲས་པོ་ཅང་མི་གསུང་། །དཔྱད་དུ་ཡོད་པས་དཔྱད་ཡོད་པས། །ཕྱི་རོལ་སྣང་བའི་སྤྱོད་ཡུལ་བ། །དབང་པོ་རྣམ་ལྔས་དཔྱད་བྱས་ན། །དུག་གསུམ་སྐྱེ་བར་སྣང་བ་རྣམས། །མ་རྟོགས་ཁམས་གསུམ་འཁོར་བ་རྣམས། །མི་རྟོག་བདེ་སྟོང་ལམ་དུ་བྱས། །སྐུ་གསུམ་འབྲས་བུ་ཐོབ་འགྱུར་བ། །དཔྱད་དུ་ཡོད་པས་དཔྱད་པར་བྱ། །དཔྱད་དུ་མེད་པས་དཔྱད་མེད་པ། །རྣལ་འབྱོར་ས…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས། པདྨ་ཆགས་མེད་ཀྱི་དོན་འདི་ཆེད་དུ་བརྗོད་དོ། །སྟོན་པའི་སྒྲོན་མ་རབ་འབར་བས། །ལྟ་ངན་མུ་སྟེགས་བདུད་ལས་རྒྱལ། །རྣལ་འབྱོར་སེམས་ཉིད་འོད་གསལ་བ། །ཇི་ལྟར་འདོད་པ་གཏན་ལ་འབེབས། །གཅིག་གིས་གཏན་ལ་དབབ་པ་ནི། །འཁོར་འདས་བྱང་ཆུབ་སེམས་སུ་གཅིག །ཀུན་ག…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      མཐའི་དོན་རྣམས་མཐར་ཕྱིན་ནོ། །དྲུག་གིས་འཁོར་འདས་གཏན་འབེབས་པ། །གཞི་ལས་ཐམས་ཅད་སྣང་བ་ཡིན། །རྒྱུ་ལས་ཐམས་ཅད་སྐྱེ་བ་ཡིན། །རྐྱེན་གྱིས་མ་ལུས་བསྐྱེད་པར་བྱེད། །ལས་དང་མཐུན་པར་སྲིད་པ་ཡིན། །བག་ཆགས་དག་ལ་སྤྱོད་པ་ཡིན། །བརྟགས་ན་མི་རྙེད་སྟོང་པར་ཐིམ། །ཀུན་ལ་དེ་ལྟར་འབྱོར་བར་བྱ། །གཞི་དོན་མ་རྟོགས་འཁོར་བར་སྣང་། །མ་རིག་པ་ཡི་…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      འབྲས་བུ་དང་། །མཚན་གཞི་མཚན་ཉིད་མཚན་འབྲས་ཅན། །ཤེས་པའི་མཚན་ཉིད་ལྟ་བ་རྒྱུ། །འཇུག་པའི་མཚན་ཉིད་བསྒོམ་པ་རྐྱེན། །མངོན་འགྱུར་མཚན་ཉིད་འབྲས་བུར་བཟུང་། །བྱ་བྱེད་རྣལ་འབྱོར་རྒྱུ་ལམ་འབྲས། །ལྟ་བའི་མཚན་ཉིད་རབ་ཤེས་པ། །གསེར་བལྟ་གསེར་བསྟན་གསེར་བཞིན་དུ། །བདག་ཕྱིར་བྱ་བྱེད་མ་དམིགས་པས། །རྟོག་དཔྱོད་དམིགས་འཛིན་མི་འཚོལ་བར། །ད…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །རྡོ་རྗེའི་བཀའ་ལས་འདའ་མ་བྱེད། །གཏུབ་པར་བྱ་བའི་ཏིང་འཛིན་ནོ། །གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །དེ་ཡི་མཐུ་དང་དཔུང་མ་བྱེད། །མཐུ་དང་རྫུ་འཕྲུལ་དཔུང་མ་བྱེད། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །དབྱ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      པར་ཤོག །མནན་པ་རྒྱུན་གྱི་ཏིང་འཛིན་ཡིན། །ལྷ་འམ་ཀླུ་འམ་གནོད་སྦྱིན་ནམ། །འབྱུང་པོའམ་མ་མོ་ཀླུ་ལ་སོགས། །ལྷ་འདྲེ་འདུ་བའི་གནས་དག་ཏུ། །བདག་ཉིད་ལ་སོགས་ལས་མཁན་རྣམས། །བསྐུལ་ཞིང་བཀུག་ལ་བསད་པར་བྱ། །ལས་མཁན་གྱིས་གསོད་ཏིང་འཛིན་ཡིན། །རྡོ་རྗེའི་ཚིག་གིས་འདི་སྐད་བསྐུལ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ཐོབ་པའང་གསུམ། །ལྔ་གསུམ་བཅོ་ལྔའི་བདག་ཉིད་ཅན། །བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད། །རྟོག་བཅས་བརྒྱ་བཅུའི་འཁོར་ལོ་བསྐོར། །ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། །སྐུ་གསུང་ཐུགས་ཀྱི་དབང་རྣམས་རྫོགས། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །སྐུ་གསུང་ཐུགས་ནི་དབྱེར་མེད་ལས། །འབྲས་བུ་ཆོས་རྣམས་ལྷུན་གྱིས་གྲུབ། །བལྟ་བ་རྟོགས་པས་གྲུབ་…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ནི། །ཆོས་ཀྱི་དབྱིངས་ཀྱི་རྒྱུ་ལས་སྐྱེས། །ཐུགས་རྗེ་ཆགས་པའི་རྐྱེན་གྱིས་བསྐྱེད། །དོན་བྱེད་ནུས་པའི་ལྷ་སྐུར་སྣང་། །བཏགས་ན་ཆོས་ཀྱི་སྐུ་རུ་དབེན། །དཀོར་བདུན་ལྷུན་གྲུབ་སྨྲ་བརྗོད་འདས། །ཤེས་བསྒྲུབ་གཉིས་ཀའི་དོན་ཡང་ཡིན། །ཤེས་རབ་དམ་པའི་ཡུལ་ཡིན་པས། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །དེ་རྟོགས་ཡོན་ཏན་ཟད་མེད་འགྱུར། །ཡེ་ཤེས…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      དེ་ཁྲིད་ནས། །གསང་སྔགས་སྒོ་ཡང་ཀུན་མཐུན་ཞེས། །བརྗོད་ནས་དོན་ལ་གཞུག་པར་བྱ། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་སོགས། །མེད་འདོད་ཀུན་བརྟགས་ཡིད་འདོད་ལ། །གཞན་དབང་རྟག་འདོད་ཡོངས་གྲུབ་བསྟན། །དེ་སོགས་བསྟན་པས་དོན་ལ་བཟུང་། །ཡོན་ཏན་ཕྱོགས་ཀྱིས་དྲེགས་པ་དག །ཟིལ་གྱིས་མནན་ཏེ་དྲང་བ་ནི། །ཐེག་པ་གོང་འོག་མི་དང་ལྷ། །གཅིག་གི་གཉེན་པོ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ཉམས་དྲོད་གཏན་ལ་འབེབས། །དེ་བཞིན་ལྷག་མཐོང་ཤེས་རབ་ཀྱིས། །ལུང་དང་རིགས་པས་རིག་པ་ཐོབ། །ཐོས་པ་མ་ཡེངས་པ་དང་ནི། །ལྟ་བས་ཆོས་ཉིད་གཏན་ལ་འབེབས། །ཆོས་ཉིད་ཉམས་དྲོད་དེ་བསྒོམ་པ། །དེ་སྤྱོད་དེ་འབྲས་ཐོབ་པར་འགྱུར། །དེ་དག་གཏན་འབེབས་གཏན་ཚིགས་ཀྱིས། །རང་གནས་སེམས་ཀྱི་ཆོས་ཉིད་འདི། །གང་ནས་ཀྱང་ནི་བཙལ་མི་དགོས། །དེ་ཉིད་གར་ཡང་མི་འ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ཕྱིར་ན་གཏི་མུག་ལ། །མནར་སེམས་པ་ནི་ཞེ་སྡང་ཆེ། །མངོན་པའི་ཁེངས་པས་ང་རྒྱལ་ལ། །ཀུན་ནས་གདུང་བས་འདོད་ཆགས་ཡིན། །གཞན་མི་ཤོང་བས་ཕྲག་དོག་ཉིད། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །གཏི་མུག་མི་རྟོག་ཞེ་སྡང་གསལ། །ང་རྒྱལ་ཆོས་ལ་སྲན་ཚུགས་ཤིང་། །འདོད་ཆགས་བདེ་བ་ཆེན་པོ་ཉ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      མེད་རང་རིག་མངོན་སུམ་པ། །བདེན་པ་དབྱེར་མེད་དོན་མཐོང་བས། །རང་རིག་མངོན་སུམ་གསལ་བྱས་པས། །ཡུལ་མེད་རང་གསལ་ཉམས་རྙེད་པ། །མཐོང་ཞེས་བལྟ་བའི་ངེས་ཚིག་འགྲུབ། །དང་པོ་དོན་རྟོགས་མཐར་མི་གཏོང་། །རིན་ཆེན་ཆུ་སྲིན་ཁར་ཚུད་འདྲ། །རྟོགས་པའི་དོན་གོམས་མཐར་ཕྱིན་པས། །སངས་རྒྱས་དེ་ནས་འཁོར་མི་སྲིད། །ཅེས་གསུངས་སོ། །གླང་པོ་རབ་འབོག་གི…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ཉན་ཐོས་མཐུན། །ཀུན་རྫོབ་སྣང་བའི་ཁྱད་པར་ནི། །གཟུགས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན། །རྟེན་འདྲེལ་རྒྱུ་རྐྱེན་དབང་གྱུར་པས། །རྨི་ལམ་ཚུལ་ཏེ་ལོགས་ན་མེད། །དེ་ནི་ཀུན་རྫོབ་ཁྱད་པར་འཕགས། །སྤྱོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །གཞན་དོན་ཤས་འགའ་སྤྱོད་པའོ། །ཐེག་པ་ཆེན་པོ་དབུ་མ་པའི། །ཐེག་པ་ཕྱི་ནང་རྣམ་པ་གཉིས། །ཕྱི་པ་རྣམ་པར་རིག་པ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      མཆོད་པ་འབད། །གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །སྤྱོད་པ་བྱ་བའི་རྗེས་མཐུན་ཡང་། །ལྟ་བ་རྣལ་འབྱོར་རྗེས་འཇུག་ཕྱིར། །རིགས་དང་ལྟ་བས་ཁྱད་པར་འཕགས། །རྣལ་འབྱོར་པ་ཡི་འདོད་པ་ཉིད། །རང་རིག་དངོས་སྟོན་ཡང་སྟོང་མཚན་མ་གཉིས། །དབྱེར་མེད་དབྱིངས་དག་ཡེ་ཤེས་ལས། །བྱིན་བརླབ་རྡོ་རྗེ་དབྱིངས་ཀྱི་སྐུར། །ཤར་བལྟར་གྲོགས་པོའི་ཚུལ་དུ་མཆོད། །…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ལྟ་མོད། །ཐམས་ཅད་མཁྱེན་ན་ལྟ་བའི་མཆོག །ངོ་བོ་ཉིད་ནི་དམིགས་སུ་མེད། །ཅེས་གསུངས་སོ། །གླང་པོ་རབ་འབོག་གི་རྒྱུད་ལས། ཐེག་པ་ཐམས་ཅད་ཀྱི་ལྟ་སྤྱོད་ཡ་མ་བྲལ་བར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་རྡོ་རྗེ་འཆང་གིས་དབང་པོ་ཐ་མའི་རྣལ་འབྱོར་པས་ལྷའི་སྐུས་རྟོགས་པར་བྱ་བ་འདི་གསུངས་སོ། །སྟོང་པ་ཉིད་དུ་གསལ་བསྒོམས་པས། །…