Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 431 of 500
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      སྐུ་ཐུབ་དྲུག་སྐུ་མཆོག་རིན་པོ་ཆེ། །བཅུད་ཀྱི་སེམས་ཅན་ཁམས་གསུམ་དབང་དུ་སྡུད། །སྣོད་ཀྱི་འཇིག་རྟེན་དོན་དམ་དབྱིངས་སུ་སྦྱོར། །བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང་། །བདག་ཅག་ཉམས་ཆག་སེམས་ལ་འགྱོད་པ་སྐྱེས། །སྤྲུལ་སྐུ་ཐུབ་པ་དྲུག་ལ་བཟོད་པར་གསོལ། །སྒོ་བ་སྒོ་མ་ཐུགས་མཆོག་རིན་པོ་ཆེ། །ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤི…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      མེད་བྱང་ཆུབ་སེམས་ཀྱི་འོད་སྤྲོ་བ། །ཀྲོ་དྷཱི་ཤྭ་རཱིའི་སྐུ་ལ་བཟོད་པར་གསོལ། །ཐུགས་ལས་སྐྱེས་པའི་ཡེ་ཤེས་ཁྲོ་མོ་རྣམས། །རྣམ་ཤེས་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ། །གཽ་རཱི་ལ་སོགས་ཐུགས་དང་ཅི་འགལ་བ། །གནས་ཀྱི་མ་བརྒྱད་སྐུ་ལ་བཟོད་པར་གསོལ། །ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོག་རྟོག་མཚན་མར་འཛིན་པ་ཞི་བའི་ཕྱིར། །མཆེ་ག…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      བུཀྐ་ལ་སོགས་ཕྱི་ཡི་རྣལ་འབྱོར་མ། །སིངྷ་ལ་སོགས་ཟ་བྱེད་གདོང་ཅན་ཚོགས། །ཀྲི་ཏ་ལ་སོགས་མཚམས་ཀྱི་གཤོག་པ་ཅན། །འབར་བའི་བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །སྒོ་བཞི་འགུགས་འཆིང་སྡོམ་དགྱེས་སྒོ་མ་བཞི། །ཁྲག་འཐུང་ལྷ་ཚོགས་སྐུ་ཡང་མ་གསལ་ཞིང་། །སྙིང་པོ་གྲངས་ཉུངས་ཕྱག་རྒྱ་གནས་མ་སོན། །ཚོགས་དང་འབྱོར་པས་གནས་སུ་མ་བསྐངས་པ། །ཁྲོ་བོའ…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      རྡོ་རྗེ་རྒྱལ་པོའི་སྐུ་ལ་བཟོད་པར་གསོལ། །ཏིང་འཛིན་མ་སྙེམས་ཞི་ཁྲོ་མ་ཕྱེད་དེ། །རྡོ་རྗེ་རྒྱལ་ཐེབས་ཐུགས་དང་ཅི་འགལ་བ། །སྟོན་པ་སྒྲོན་མེའི་སྐུ་ལ་བཟོད་པར་གསོལ། །ལེ་ལོ་བྱས་པས་ཕྱག་རྒྱ་རྒྱུན་ཆད་དེ། །ཀརྨ་ལས་མཁན་ཐུགས་དང་ཅི་འགལ་བ། །ལས་ཀྱི་སློབ་དཔོན་སྐུ་ལ་བཟོད་པར་གསོལ། །སྦྱོར་བའི་ཚེ་ན་ཚད་ལ་མ་ཕེབས་ཏེ། །ཤེས་རབ་སྙེམས་མ…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་སྤྱོད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རང་གནོངས་འགྱོད། །དར་ཞིང་དྲགས་པའི་ལས་དབང་དེ་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པ་འཐིབས་པས་ཤེས་རབ་ལྡོངས། །འད…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      དབང་དྲག་པོ་རབ་ཏུ་མི་བཟད་པས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང་། །ཉམ་ཐག་ཕོངས་པའི་ང་རོས་འབོད་ལགས་ན། །བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན། །ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ། །དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      རྣམ་སྨིན་མ་བཟོད་ན། །ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ། །ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན། །ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ། །ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེར་འབར་ན། །ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །སྡུག་བ…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      དེ་ནས་ལུང་ལྟར་བཤགས་པ་འདི་གསུངས་སོ། །རྩ་སྲོག་ཙིཏྟ་ལུས་ངག་ཡིད་གསུམ་པོ། །གུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད། །རྡོ་རྗེ་ཀློང་དགུ་དཔལ་ཆེན་ཧེ་རུ་ཀ །ཁམས་གསུམ་ས་དགུ་གཉིས་སུ་མེད་པར་བཤགས། །ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ། །སྙིང་པོ་བརྗོད་པས་སྐུ་མཆོག་རྫོགས་པའི་ཚུལ། །དབྱེར་མེད་མཉམ་ཉིད་ངོ་བོ་ཉིད་ཀྱི་སྐུ། །ཐབས་ལ…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      བདེ་ཆེན་ཀློང་དུ་བཤགས་པར་བགྱི། །ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ། །བཟང་ངན་གཉིས་སུ་བལྟ་བ་ཐང་རེ་ཆད། །གཙང་དང་སྨེ་བར་འཛིན་པ་ཉོན་རེ་མོངས། །བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི། །མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ། །སངས་རྒྱས་སེམས་ཅན་བལྟ་བ་ཡོངས་རེ་གོལ། །ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས། །མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      དང་སེམས་སུ་བལྟ་བ་ཐང་རེ་ཆད། །སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས། །གཉིས་སུ་མེད་པའི་ཡེ་ཤེས་སྐུ་རུ་བཤགས། །རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས། །མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ། །གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན། །ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས། །སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན། །གང་ཟག་འཁྲུལ་པའི་བ…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      དེ་ནས་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་ཆེན་པོའི་དམ་ཚིག་ལ་གནས་པ་རྣམས་ལ། ཐབས་ལམ་དབང་གིས་ཡོངས་སུ་རྫོགས་པའི་བཤགས་པ་འདི་གསུངས་སོ། །ཨོཾ་བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང་། །སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །དུག་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་སྐུ། །བསྐྱེད་རིམ་དབྱིངས་ཀྱི་ལམ་དུ་མ་ཤེས་བཤགས། །ལུས་སེམས་ཡེ་ནས་ཟུང་འཇུག་གན…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ། །འགྲོ་བ་རིགས་དྲུག་སོ་སོའི་རང་སྐད་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །སེམས་ཀྱི་འོད་གསལ་ཡེ་ནས་འདུ་འབྲལ་མེད། །མ་བསྒོམས་རང་ཆས་ཡིན་པར་མ་ཤེས་པས། །འཆི་དུས་རང་གསལ་འབྱུང་བར་མ་འཚལ་བ། །འདའ་ཁའི་གདམས་ངག་འོད་གསལ་ངང་དུ་བཤགས། །ལུས་གནས་ཡི་…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      སྦྱངས་པ། །འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས། །དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་ཟིལ། །འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ། །བདེ་བ་མཆོག་བདེ་རྣམ་རྟོག་བྲལ་བདེ་བ། །ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས། །ཞེས་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བཤགས་པ་དེ་ལྟར་གསུངས་སོ། །དེ་ནས་བདེ་བ་ཆེན་པོའི་དབང་གི་བཤགས་པ་འདི་གསུངས་སོ། །ཐ…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      རྣམས་ཀྱིས། འབྲས་བུ་རང་བཞིན་ཡོངས་སུ་དག་པའི་བཤགས་པ་འདི་གསུངས་སོ། །ཨོཾ་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་ཀྱི་སྐུ། །ས་ཐོབ་ཡན་ཆད་ཐེག་ཆེན་ཕལ་རྣམས་ལ། །མཚན་དང་དཔེ་བྱད་སྣང་བ་ལོངས་སྐུ་དང་། །སྦྱོར་ལམ་མན་ཆད་ཀུན་ལ་སྣང་བ་ཡི། །མཛད་པ་ཐ་དད་སྟོན་པ་སྤྲུལ་པའི་སྐུ། །ཆོས་དང་གཟུགས་སྐུ་དབྱེར་མེད་རྡོ་རྗེའི་སྐུ། །ཡོན་ཏན་མ་བཙལ་…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      ཞིང་དབུལ་དང་ཕོངས་པའི་གང་ཟག་རྣམས། །ཤེས་བྱ་ལོངས་སྤྱོད་མཐའ་ཡས་རྒྱས་པར་མཛད། །མི་ཕན་མི་དུལ་གྱོང་བའི་གང་ཟག་རྣམས། །དབང་གི་ལས་ཀྱིས་བསྡུ་ཞིང་འདུལ་བར་མཛད། །ཐུགས་རྗེ་ཐབས་ཀྱིས་མི་འདུལ་གདུག་པ་རྣམས། །མངོན་སྤྱོད་དྲག་པོས་ཚར་ནི་གཅོད་པར་མཛད། །དེ་ལྟར་མ་རྟོགས་རིགས་རྣམས་བདག་པོའི་ངང་། །ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་པར…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      བྱས་བཀའ་སྲུང་རྣམས་ལ་བཤགས། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་མཉེས་ནས་སྐུ་གསུང་ཐུགས་ལ་བཤགས་པ་འདི་གསུངས་སོ། །དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར…
      DNG014 · རྩོམ་མཁན།
      དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང་། བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ།
      ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤོང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་ས…
      DNG014 · རྩོམ་མཁན།
      རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
      རྒྱ་གར་སྐད་དུ། བཛྲ་ཏེ་ཛ་སྟྲི་ན་ཛྭ་ལ་ཏནྟྲ། བོད་སྐད་དུ། རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཡུམ་གྱི་བྷ་ག་ལ། འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགྱེས་པ་ཆེན་པོ་ལ་དབྱེར་མེད་…
      DNG014 · རྩོམ་མཁན།
      རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
      གྱི་མཚམས་ནས་སེམས་ཅན་ཐམས་ཅད་ཀྱི་བདུད་གཅོད་པ་དང་། ཚེ་དང་བསོད་ནམས་དང་སྲོག་ལ་བརྐུ་བ་དང་། རྣལ་འབྱོར་པ་ཆོས་གཞུང་བཞིན་དུ་སྤྱོད་པ་ལ་གནས་འཕྲོག་པ་དང་། དམ་སྲི་དང་། བར་ཆོད་དང་། བསམ་སྦྱོར་ངན་པ་བྱེད་པ་དང་། དེ་དག་ཀྱང་ཤིན་ཏུ་འདུལ་དཀའ་བ་མི་ཐུལ་ཏེ་གདུལ་དཀའ་བར་གནས་སོ། །དེ་བཞིན་དུ་ལྷ་གདོན་དང་དྲི་ཟའི་གདོན་གྱི་རིགས་བསམ་ག…
      DNG014 · རྩོམ་མཁན།
      རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
      བཞིན་ནོ། །བྱང་ནས་གནོད་སྦྱིན་དང་མིའམ་ཅིའི་གདོན་ལ་སོགས་པ་གནོད་སྦྱིན་ཀུ་བེ་ར་དང་། ཆུང་མ་གནོད་སྦྱིན་སྒྲེ་མོ་ལ་སྐྱབས་བཙལ་ནས་བྱང་ནས་གནོད་པ་བྱེད་པ་གོང་མ་བཞིན་ནོ། །འོག་ནས་ས་བདག་དང་གཉན་དང་སྲིན་པོ་ཕོ་མོ་མང་པོ་ས་བདག་ཕག་ཆེན་པོ་དང་། ཆུང་མ་སའི་ལྷ་མོ་བརྟན་མ་ལ་སྐྱབས་བཙལ་ནས་འོག་ནས་གནོད་པ་བྱེད་པ་གོང་མ་བཞིན་ནོ། །སྟེང་…