Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 435 of 500
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      པ་ནི། །ཞི་བའི་ཚུལ་དང་ཁྲོ་བོའི་ཚུལ། །དེ་བཞིན་ཞི་མ་ཁྲོ་ཡི་ཚུལ། །ཁྲོ་བོ་ལ་ཡང་རྣམ་པ་དགུ། །ཁྲོ་དང་རྔམ་དང་རབ་ཏུ་ཁྲོ། །འཇིགས་གཟུགས་བསྟན་ཁྲོ་ངང་གིས་ཁྲོ། །དམ་ཚིག་དབང་གིས་ཁྲོ་བ་དང་། །སྤྲུལ་པ་ལྟ་བུར་ཁྲོ་བ་དང་། །རྣམ་འགྱུར་ཤུགས་ཀྱིས་ཁྲོ་བ་སྟེ། །ཁྲོ་ཚུལ་ཡན་ལག་བཅས་པའོ། །རང་བཞིན་བབས་ཀྱིས་ཁྲོ་བ་དེ། །འཁོར་བ་བསྙིལ་ཕྱི…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      སྒྲོལ་བར་དམ་བཅས་པ། །སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ། །རཱུ་ཏྲ་བསྒྲལ་བར་ཁས་བླངས་ནས། །ཇི་བཞིན་དུ་ཡང་ཁྲོ་བ་ལ། །གནས་སྐབས་དུས་སྐབས་བསྟུན་ནས་སུ། །དེ་ལ་ཆ་ལུགས་ངེས་པ་མེད། །སྤྲུལ་པ་ལྟ་བུར་ཁྲོ་བ་ནི། །ཞི་བའི་ངང་ལས་ཁྲོ་སྐུར་སྣང་། །གང་ལ་ཅི་འདུལ་རྣམ་འགྱུར་ཅན། །རྣམ་པ་སྣ་ཚོགས་སྤྱོད་པའོ། །རྣམ་འགྱུར་ཤུགས་ཀྱིས་ཁྲོ་བ་ནི། །སྟ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      དོན་དུ་ཞི་བ་ནི། །སྤྲུལ་པའི་འོད་ཟེར་ཕྱོགས་བཅུར་འགྱེད། །ཡེ་ཤེས་སྣང་བ་ལམ་མེར་སྟོན། །གང་ལ་གང་འདུལ་མཛད་པ་མཛད། །རྣམ་འགྱུར་སྟབས་ཀྱིས་ཞི་བ་ནི། །ཐམས་ཅད་ཡོངས་ལ་ཁྱབ་པར་བརྩེ། །ལོག་སྤྱོད་བྱམས་པའི་ཤུགས་ཀྱིས་འདུལ། །ཉེར་ཞི་ཀུན་དང་མཐུན་པ་སྟོན། །མངོན་པར་འཕགས་པའི་ཞི་བ་ནི། །ཚད་མེད་བཞི་ཡི་དཔྱང་ཐག་ཅན། །གདལ་བ་ཆེན་པོ་ཀུན་ལ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་རྒྱན་དང་ཆ་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཡང་འདུས་སེམས་དཔའི་འཁོར་ཚོགས་ཉོན། །གསལ་སྣང་ཡེ་ཤེས་ལྷ་རྣམས་ཀྱི། །རྣམ་འགྱུར་མཛད་པའི་ཕྲིན་ལས་ནི། །ཕྱི་ནང་གསང་བ་བསམ་མི་ཁྱབ། །དབྱིངས་དང་ཡེ་ཤེས་རྣམ་རོལ་པ། །ཀུན་རྫོབ་ཙམ་དུ་སྣ་ཚོགས་སྣང་། །དོན་དམ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      དམིགས་པ་བྲལ། །ཕྱག་རྒྱ་དུ་མར་ཡང་ཡང་སྤྲོས། །ཀུན་ལ་ཆ་ཡིས་སྙོམས་པར་འགྱུར། །མདོར་ན་གང་ཡང་སྐུ་དང་བཅས། །དཀྱིལ་འཁོར་རིམ་པ་ལས་ཀྱི་ནི། །འཇུག་དང་འཕོ་བའི་རྣམ་འགྱུར་ལས། །སྣ་ཚོགས་ལས་ཀྱི་ཆོ་ག་འབྱུང་། །བཀྲེས་པ་ལ་སོགས་གདུང་བ་སེལ། །དུཿཁའི་གནས་ལས་དེ་བཟློག་ཅིང་། །མཐར་ཕྱིན་གྲོང་མཆོག་བགྲོད་པའོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      པོ་རིན་ཆེན་ཕྲེང་། །མེ་ལོང་ཡིད་བཞིན་རེ་འདོད་བསྐང་། །ཉི་ཟླ་རི་རབ་མེ་དཔུང་འབར། །ཆོས་འབྱུང་རླུང་དང་མེ་ཐབས་ཀྱིས། །སྲིད་གསུམ་གདར་ཤ་གཅོད་པར་བྱེད། །སྡིགས་པ་མི་རོ་ཁྲག་གི་ཕུར་པ་ཕོར། །ལྕགས་སྤྱང་རུས་སྦལ་ཐོག་སེར་ཙིཏྟ་དང་། །ལྕགས་ཀྱི་པར་བུ་ནེའུ་ལེའི་རྐྱལ་པ་སྟེ། །དྲེགས་པ་ལས་འཁོལ་མ་རུངས་འཇོམས་པའི་རྟགས། །མེ་ཏོག་བདུག་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      ལ་སོགས་འཁོར་རྣམས་འཇིག །ཕུང་པོ་གང་ཡང་གཏོར་བའི་རླུང་། །འདི་ཀུན་རབ་མཆོག་ཡེ་ཤེས་ཡིན། །རྩལ་ཆེན་དཔའ་བོ་ཧེ་རུ་ཀ །ཡབ་ཀྱི་ཚུལ་དུ་རྣམ་པར་སྣང་། །བཟང་པོའི་སྤྲུལ་པ་རང་བྱུང་བ། །གསལ་ཙམ་མ་ཡིན་ཆེ་བར་གྲགས། །དཔལ་ཆེན་བརྟུལ་ཞུགས་ནས་སྟོབས་འཛིན། །གཡུལ་ལས་རྣམ་པར་རྒྱལ་བ་སྟེ། །ཀུན་ཀྱང་འཇོམས་པའི་དཔལ་དུ་ཤར། །དཔལ་ཆེན་བདེ་བའི་ཡེ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      རྣམ་པར་འཕྲོས་པའི་རྒྱན་དང་བཅས། །འདས་དང་མ་འོངས་ད་ལྟར་ཡང་། །བྷ་ག་ཡངས་པའི་ཀློང་ལས་ནི། །བྱུང་དང་འབྱུང་གྱུར་གནས་པ་ཉིད། །དེ་ལས་གཞན་ཡང་དཔའ་བོ་ཡི། །རྒྱུད་བསྐུལ་ཐུགས་དམ་བསྐང་བ་སྟེ། །བདེ་སྟོང་རོལ་པའི་རྣམ་འགྱུར་ལས། །སྤྲུལ་དང་ཡང་སྤྲུལ་དེར་སྤྲུལ་ཞིང་། །ཕྱོགས་བཅུར་དཔག་ཏུ་མེད་འགྱེད་པའི། །རྒྱན་གྱི་རྣམ་རོལ་མང་པོ་ཡང་།…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      བཀའ་ཉན་གུས་སྡོད་ཡིན་པ་སྟེ། །ཉིད་ཀྱི་ཆོ་འཕྲུལ་ལས་བྱུང་ཚེ། །འཁོར་དང་འདས་པ་གཉིས་ཀའོ། །གནས་སྐབས་ཡུལ་དོན་འཁོར་རྣམས་ནི། །འབར་བ་ཞབས་ཀྱི་གདན་ཁྲི་ལ། །ཉེ་བར་རེག་པའི་འཁོར་ཡིན་ཅིང་། །གཙོ་བོ་ཉིད་ལས་སྤྲུལ་པས་སོ། །གུད་ན་མ་ཡིན་ཀློང་རྡོལ་བས། །ལས་ཀྱི་གཉེར་ལེན་བྲན་གྱི་ཚུལ། །ཡང་དུ་ཡང་དུ་འདུ་འཕྲོ་སྟོན། །བྱེད་པ་དེ་བཞིན་ལ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      ལས་བརྒྱ་སྟོང་ཁྲི་འབུམ་སོགས། །མཚན་དང་བཅས་པ་དཔག་མེད་པ། །རྒྱན་དང་རོལ་པའི་རྣམ་འགྱུར་བཅས། །རྣམ་པ་གཅིག་ལ་ཀུན་ཏུ་སྣང་། །གདུལ་བྱ་རེ་རེའི་སྣང་ཚུལ་དུ། །ཚོམ་བུ་ཚོམ་བུ་ཚུལ་དུ་སྣང་། །བརྫུས་ཏེ་སྤྲུལ་ནི་དངོས་མ་ཡིན། །རིགས་ལ་རིག་བྱེད་མང་པོ་དག །དབུས་ལ་སོགས་པར་སྣང་བཞིན་དུ། །ཡོད་པ་མ་ཡིན་མེད་མ་ཡིན། །ཡོད་མེད་ལས་འདས་སྒྱུ་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་པདྨ་རྒྱ་གྲམ་དང་། །རལ་གྲི་ཁ་ཊྭཱཾ་གྲི་གུག་དང་། །ཕུར་པ་དག་ཏུ་སྤྲུལ་པ་དང་། །ས་བོན་ཧཱུཾ་དང་ཧྲཱྀཿལ་སོགས། །ཡི་གེའི་རྣམ་པར་སྤྲུལ་པ་དང་། །དེ་བཞིན་ཕྱག་མཚན་ཡིག་འབྲུ་ལས། །ཐུགས་རྗེ་ཞལ་ཕྱག་འཛིན་པ་ཡི། །སྐུ་རུ་ངེས་པར་སྟོན་པ་དང་། །དེ་བཞིན་མེ་ཆུ་ལ་སོགས་པའི། །འབྱུང་བའི་རྣམ་པར་སྤྲུལ་པ་དང་།…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      པ་འདི་དག་སྲིན་བྱ་ཡི། །ཁ་ཆུ་རང་ལོག་ཟད་མཐའ་མེད། །དཔེར་ན་བུད་མེད་སྦྲུམ་མ་ལ། །བུ་དང་བུ་མོ་དེ་ལ་ཡང་། །རིམ་བཞིན་འཕེལ་བའི་འཁྲུལ་འཁོར་ལྟར། །སྣང་སྲིད་འདི་དག་ཡང་སྤྲུལ་ཏེ། །སྤྲུལ་པའི་སྤྲུལ་པ་ཡིན་པར་བྱ། །ཡང་སྤྲུལ་དེ་སྤྲུལ་འཁོར་ལོ་བསྐོར། །དེས་ན་སྣང་སྲིད་རྒྱལ་བ་ཡི། །དཀྱིལ་འཁོར་ཉིད་དུ་ཤེས་པར་བྱ། །བླ་མ་ཡི་དམ་མཁའ་འག…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      པ། །ཀུན་ཏུ་ཚངས་པའི་དབྱངས་ཀྱིས་ཁྱབ། །སྒྲ་ལས་ཆོས་ཀྱི་ཚིག་གིས་ཀྱང་། །སྨིན་པར་བྱེད་དང་དེ་གྲོལ་བའི། །སྐྲག་པ་མེད་ཅིང་ཞུམ་པ་མེད། །འབྲུ་ལས་དོན་ཉིད་རྣམ་པར་སྟོན། །བརྗོད་མཐའ་ཡས་ཀྱང་དོན་མཐུན་སྤྱོད། །ཡང་མཐའ་ཟད་པའི་སྐལ་དམན་པའི། །ཆོས་ཉིད་སྐད་ལས་རྣམ་ཀུན་འབྱུང་། །གདུལ་བྱ་འདུ་བ་རབ་སྣང་གྲགས། །རྣམ་རོལ་འདུ་བ་ངེས་པར་སེལ།…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      ཏུ་རྒོད་པའི་གད་རྒྱངས་ཀྱིས། །གཡོ་བར་བྱེད་པའི་རྫུ་འཕྲུལ་ཅན། །འབྲུག་སྟོང་ལྡིར་འདྲའི་ངར་བྱུང་ནས། །ཧེ་རུ་ཀ་དཔལ་དབྱངས་ཆེན་སྒྲོགས། །ངན་བྱེད་ཕྲ་མོ་རྣམ་པར་ཉམས། །ས་འོག་ས་སྟེང་ས་བླ་ཡི། །རྒྱུ་བྱེད་ཡི་དྭགས་མང་སྐྲག་བྱེད། །ངན་སོང་གནས་གསུམ་དྲུངས་ནས་འབྱིན། །རྣམ་རོལ་དཔའ་ཤུགས་རྩལ་འཆང་བའི། །ཁ་ནས་འོད་འབར་རྒྱ་མཚོ་སྐེམ། །…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      དད་ཅིང་གདུང་བའི་ངང་ཤུགས་ཀྱིས། །རང་དབང་མེད་པར་བསྒྲུབ་པ་དང་། །གཡེལ་བ་མེད་པའི་བརྩོན་འགྲུས་ཀྱིས། །ཐང་ལྷོད་མེད་པར་བསྒྲུབ་པ་དང་། །མཆོད་དང་བསྟོད་པའི་ལས་རིམ་གྱིས། །དགྱེས་པ་བསྐངས་ནས་བསྒྲུབ་པ་སྟེ། །དེ་ལྟར་བསྒྲུབ་ཚུལ་རྣམ་དྲུག་དང་། །དེ་ལས་གཞན་པའི་གྲངས་སྙེད་ཀྱིས། །བསྒྲུབ་ཚུལ་རིམ་པ་མང་བསྟན་པའི། །ཡེ་ཤེས་ལྷ་དང་ལྷན་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      གནས་ལས་སྒྲོལ། །དུཿཁ་རྣམས་ལས་རྣམ་པར་ཐར། །མཆོག་དོན་འབྲས་བུ་བརྙེས་བྱས་ནས། །སྐུ་གསུམ་ཉིད་དུ་ཡང་དག་ངེས། །ཐུན་མོང་དངོས་གྲུབ་སྣ་ཚོགས་ལའང་། །ཞི་བས་ཞི་བར་བྱེད་པ་དང་། །དེ་བཞིན་རྒྱས་པས་རྒྱས་པར་བྱེད། །དབང་གི་དབང་ཡུལ་དབང་དུ་སྟེ། །དྲག་པོས་དགྲ་བགེགས་རྣམས་གསོད་འགྱུར། །དེ་ལས་གཞན་ཡང་ལས་རྣམས་ཀུན། །འབྲས་བུ་མི་ཟད་ཤུགས་ལ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྒྲུབ་པའི་དགོས་པ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡང་འདུས་སེམས་པའི་འཁོར་རྣམས་ཉོན། །ལྷ་བསྒྲུབ་ཡོན་ཏན་འབྲས་བུ་ནི། །གང་གིས་བརྩོན་པའི་སྐྱེས་བུ་དེ། །ལུས་ཉིད་ལྷ་རུ་གྱུར་ནས་ཀྱང་། །ཐ་མལ་ལ་སོགས་མངོན་ཞེན་བྲལ། །གཟུགས་སྐུ་རྣམ་པ་གཉིས་གྱུར་པའི། །གཞན…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      དང་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་འདུས་སྤྲུལ་པའི་འཁོར་རྣམས་ཉོན། །ལྷ་མ་བསྒྲུབས་པའི་ཉེས་པ་ནི། །མཆོག་དོན་ཡེ་ཤེས་ལྟ་ཅི་སྨོས། །གནས་སྐབས་ལམ་གྱི་འཆར་ཚུལ་ཡང་། །འདི་ཉིད་བྲལ་བར་འགྲུབ་མི་སྲིད། །ཐབས་དང་བྲལ་བའི་འདྲེ་བསྒོམ་ནི། །འདབ་གཤོག་ཆག་པའི་མཁའ་ལྡིང་བཞིན། །དམིགས་པའི་གནས་སུ་སྐྱོལ་མི་ནུས། །ཕྱི་ནང་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་ཕྱི་ལྟར་བསྒྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཡོངས་འཛིན་སྤྲུལ་པའི་འཁོར་རྣམས་ཉོན། །ནང་ལྟར་ཡེ་ཤེས་ལྷ་བསྒྲུབ་ནི། །བདག་ལུས་ལྷ་ཡི་དཀྱིལ་འཁོར་གསལ། །གཡེང་བ་མེད་པའི་ཏིང་འཛིན་གསལ། །སྐྱེ་མེད་ཤུབ་བུའི་བཟླས་པ་འབད། །རང་སྣང་རྟོག…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ།
      འཁོར་འདས་གཉིས་མེད་རོ་གཅིག་འགྱུར། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་དེ་ཁོ་ན་ཉིད་ལྟར་བསྒྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དབང་པོ་སེམས་དཔའི་འཁོར་རྣམས་ཉོན། །ལྷ་མཆོད་ཐུགས་དམ་བསྐང་བ་ནི། །ཕྱི་ལྟར་ཐུན་མོང་རྫས་ཀྱིས་མཆོད། །ནང་ལྟར་དབང་པོ་རྣམ་ལྔས་མཆོད། །གསང་བ…