Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 60 of 500
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཚད་ཉིད་ནི། །ཚོགས་བརྒྱད་ཡུལ་དུ་མ་གྱུར་བསམ་མི་ཁྱབ། །སྣང་བའི་ཡུལ་དུ་མ་གྱུར་དམིགས་དང་བྲལ། །དངོས་པོ་མཚན་མ་དག་གི་སྤྱོད་ཡུལ་མིན། །བྱིས་པ་མ་རབས་རྟོག་གེའི་བློ་ཡིས་འདི་མི་མཐོང་། །མཚན་ཉིད་མཐའ་ཡས་རྣམ་ཀུན་བྲལ། །ཅིར་ཡང་གཟུང་དུ་མེད་པ་ཡི། །མཆོད་རྟེན་དེ་ཡི་སྐུ་མདོག་ནི། །རིན་ཆེན་སྣ་ཚོགས་འོད་འཕྲོ་ཡང་། །ངོས་གཟུང་མ་བཏུབ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བྲལ་ལོ། །མཆོད་ནི་རྟོག་ཚོགས་མཚན་མ་སྤངས། །རྟེན་ནི་མི་རྟོག་ཡེ་ཤེས་རྒྱས། །མཆོད་ནི་སྐྱེ་མེད་དོན་གྱི་ཆོས། །རྟེན་ནི་འགྱུར་བ་མེད་པའི་སྐུ། །མཆོད་ནི་གཉིས་སྣང་ཀུན་བྲལ་ཡིན། །རྟེན་ནི་གཉིས་མེད་ཆེན་པོར་ཆུབ། །དེ་ཕྱིར་མཆོད་རྟེན་བྱང་ཆུབ་ཡིན། །མི་འགྱུར་དབྱིངས་ཀྱི་མཆོད་རྟེན་འདི། །ཐེག་པ་གཞན་ལས་འབྱུང་མི་འགྱུར། །མཆོད་རྟེན…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མཆོད་པ་མི་དགོས་ཏེ། །སེམས་ཀྱི་སྲེག་རྫས་མཆོད་བསྟོད་བགྱིས། །ཞི་བ་གཉིས་མེད་ཆེན་པོར་ཞི། །དེ་ནི་ཞི་བའི་སྦྱིན་སྲེག་གོ། །གཉིས་པ་དྲག་པོའི་སྦྱིན་སྲེག་ནི། །ཨེ་ཡི་ཆོས་དབྱིངས་གྲུ་གསུམ་ཐབ་ཁུང་དུ། །ཐམས་ཅད་དྲག་པོས་ཚར་གཅོད་ཕྱིར། །བདེན་པ་གཉིས་ལ་ཞེན་པའི་སེམས་ཅན་ཀུན། །ཡེ་ཤེས་ཆེན་པོའི་མེ་སྦར་ཏེ། །གཉིས་སུ་འཛིན་པ་བསྲེག་པ་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      དཔས་འདི་སྐད་ཞུས། །སྦྱིན་སྲེག་བྱ་ལུགས་དེ་ལྟར་ན། །སྦྱིན་སྲེག་ངེས་ཚིག་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྦྱིན་སྲེག་བྱ་བའི་ངེས་ཚིག་ནི། །སྦྱིན་ནི་སྙིང་པོའི་རང་བཞིན་ཡིན། །སྐྱེ་མེད་འགག་མེད་ངང་དུ་སྲེག །སྦྱིན་ནི་ཐུགས་རྗེ་སྤྲུལ་སྐུ་ཡིན། །དྲན་མེད་ཡིད་ལ་བྱར་མེད་ངང་དུ་སྲེག །སྦྱིན་ནི་སྣང་ཚུལ་མ་འགགས་པ། །སྲེག་ནི་རྒྱ་ཆད་མ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སྙིང་པོ་ཆོས་ཉིད་ངང་ལ་འགྱུར་མེད་ཀྱང་། །ཆོས་ཅན་རྩལ་གྱི་རིག་པས་མནན་པ་བྱེད། །རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་། །རྫོགས་པ་ཆེན་པོའི་གཉན་ས་རུ། །འཁྲུལ་པ་རྩད་ཆོད་སྐྱེས་བུ་ཡིས། །ཐབས་དང་ཤེས་རབ་ལག་པ་རུ། །ཤེས་རབ་རིག་པའི་འཇོར་རྣོན་གྱིས། །ཆོས་དབྱིངས་རྣམ་དག་ཧོམ་ཁུང་བྲུས། །དུག་གསུམ་དུག་ལྔ་ཉོན་མོངས་རྣམས། །རྣམ་དག་རང་གྲོལ་རེ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སྐུ་གསུམ་འདུ་འབྲལ་མེད་པའི་རྒྱ་ཡིས་ཐོབ། །རེ་མེད་རང་གནས་རྒྱ་ཡིས་ཐོབ། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། དུས་གསུམ་དུག་ལྔར་བདག་མནན་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མནན་པའི་ངེས་ཚིག་ཇི་ལྟར་ལགས། །ཞེས་ཞུ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      པའི་ངེས་ཚིག་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སེམས་ཀྱི་སེར་བ་ཇི་ལྟར་དབབ། །ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེ། །སྙིང་པོ་ཆོས་ཉིད་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་ཞིང་ཆོས་ཉིད་ཀློང་དུ་སྡུད་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །དེ་ལས་བཞེངས་ནས་སྟོན་པས་འཁོར་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      དུ་མ་མེད། །དགག་སྒྲུབ་གཉིས་མེད་སྐྱོ་མར་བསྣུར། །བསྐལ་པ་སྟོང་དུ་བསགས་པའི་མ་རིག་ང་བདག་ཉིད། །ཁམས་གསུམ་སེམས་ཅན་རིགས་དྲུག་ལོ་ཐོག་རྒྱས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་འབྲས་བུར་སྨིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལོ་ཐོག་ལ། །ཐེག་པ་བརྒྱད་ཁྲི་བཞི་སྟོང་སེར་ཆེན་ཕབ། །སྡུག་བསྔལ་བསམ་གྱིས་མི་ཁྱབ་སྤར་བ་ལ། །བདེ་ཆེན་བསམ་གྱིས…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མེད་སྤྱི་ཏི་ཡིན། །ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རྫོགས་ཆེན་སེམས་ཀྱི་སེར་བ་དབབ་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །དགྲ་ལ་སོད་དུས་མ་བྱུང་བས། །མཐུ་ཆེན་གཏོད་ཐབས་བསྟན་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་སེམ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      རང་གྲོལ་དབྱིངས་སུ་བསྒྲལ། །མི་འགྱུར་དབྱིངས་ཀྱི་ཕུར་པ་ཡིས། །ངོ་བོ་དུག་གསུམ་སྲོག་རྩ་བཅད། །སྐུ་གསུམ་རྒྱལ་བའི་ཀློང་དུ་བསྒྲལ། །རང་བྱུང་ཆེན་པོའི་ཐུན་བརྒྱབ་པས། །ཉོན་མོངས་དུག་ལྔ་གཏན་ནས་བརླག །དུག་ལྔ་སྐུ་ལྔའི་ཀློང་དུ་བསྒྲལ། །རང་སངས་ཆེན་པོའི་ཐུན་བརྒྱབ་པས། །ཉོན་མོངས་ཐམས་ཅད་དུས་གཅིག་བརླགས། །ཆགས་འཛིན་ཆགས་ཞེན་ཐམས་ཅ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སྲིད་པ་སེམས་ཀྱི་དྲན་རིག་གོ། །ཁ་སྦྱོར་དབྱེ་བསལ་མེད་པ་ཡིན། །སྣང་བ་སྒོ་ལྔའི་རྣམ་ཤེས་ཡིན། །སྲིད་པ་འགྱུ་ལུགས་རྣམ་ལྔ་ཡིན། །ཁ་སྦྱོར་མི་འགྱུ་མི་འཇུག་བརྟགས་ཆགས་མེད། །སྣང་བ་ཕྱི་སྣོད་གླིང་བཞི་ཆགས་ཚུལ་ཡུལ། །སྲིད་པ་སེམས་ཅན་སྐྱེ་འགྲོ་ཡིད་གཟུགས་ཡིན། །ཁ་སྦྱོར་བཟང་ངན་དགག་བསྒྲུབ་མེད། །བདུད་ནི་སེམས་ཀྱི་རྟོག་ཚོགས་ཡིན། …
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མཉམ་ཉིད་ཆེན་པོ་ཡིན། །ཐ་མ་ཕྱོགས་རིས་སྣ་ཚོགས་བྱུང་། །ཐོག་མ་དགག་བསྒྲུབ་སྤང་ལེན་མེད། །ཐ་མ་དགག་བསྒྲུབ་སྤང་ལེན་བྱུང་། །ཐོག་མ་འཁྲུལ་དང་མ་འཁྲུལ་མེད། །ཐ་མ་འཁྲུལ་སྣང་སྣ་ཚོགས་བྱུང་། །ཐོག་མ་དབྱེ་བསལ་རྩིས་གདབ་མེད། །ཐ་མ་དབྱེ་བསལ་རྩིས་གདབ་བྱུང་། །ཐོག་མ་བསྟན་བྱ་སྟོན་བྱེད་མེད། །ཐ་མ་བསྟན་བྱ་སྟོན་བྱེད་བྱུང་། །ཐོག་མ་མཚ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      འོད་ཆེན་ངང་དུ་ཟེར་རིག་ཐིམ། །འདུ་འབྲལ་མེད་པར་སྤྲོས་པ་ཆོད། །འགྱུ་བ་ངན་པ་རིག་སེམས་རྣམས། །རང་དྭངས་འགྱུར་མེད་དྲན་རིག་སེམས་མེད་པས། །རང་སངས་ཡེ་ཤེས་ཆེན་པོ་ཡིས། །མ་རིག་པ་ཡི་མུན་ཁང་བཅོམ། །ཆོས་སྐུ་གསལ་གདངས་ཀློང་ནས་ཤར། །ཁམས་གསུམ་སྲིད་གསུམ་སངས་རྒྱས་པས། །འགྲོ་དྲུག་སེམས་ཅན་ཁམས་གསུམ་འཁྲུལ་པ་རྩད་ནས་གཅོད། །འཆར་སྒོ་ཡེ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བཅོས་སྤྲོས་པ་ཆོད། །བསྐྱེད་པ་མེད་པར་སྤྲོས་པ་ཆོད། །མ་ཕྱེ་མ་བཀྲོལ་སྤྲོས་པ་ཆོད། །མ་བཟུང་འཛིན་མེད་སྤྲོས་པ་ཆོད། །འཕེལ་བ་མེད་པར་སྤྲོས་པ་ཆོད། །འགྲིབ་པ་མེད་པར་སྤྲོས་པ་ཆོད། །རྒྱུ་རྐྱེན་མེད་པར་སྤྲོས་པ་ཆོད། །མི་བལྟ་བལྟར་མེད་སྤྲོས་པ་ཆོད། །མི་བསྒོམ་བསྒོམ་མེད་སྤྲོས་པ་ཆོད། །མི་སྤྱོད་བྱར་མེད་སྤྲོས་པ་ཆོད། །མི་བསྲུང་བ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཞེས་གསུངས་སོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རིན་པོ་ཆེ་སྤྲོས་པ་གཅོད་པ་རྩ་བའི་རྒྱུད་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པ་སེམས་ཉིད་ཀུན་བཟང་ལ། །འབྲས་བུ་ཐོབ་ལུགས་ཇི་ལྟར་ལགས། །ཞེས་གསོལ་པ་དང་། དེ་ནས་སེམས་ཉིད་ཀུན་བཟང་དེས། རིན་པོ་ཆེའི་འོད་རང་ལ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      རུ་ཐིམ། །བརྟག་སྣང་བློ་ཡུལ་ཐམས་ཅད་གཞི་ལ་ཐིམ། །གཟུང་འཛིན་དགག་བསྒྲུབ་ཐམས་ཅད་དབྱིངས་སུ་ཐིམ། །སེམས་ཀྱི་དྲན་རིག་ཐམས་ཅད་ཀློང་དུ་ཐིམ། །ཡིད་དཔྱོད་རྟོགས་སྣང་སྣ་ཚོགས་ཐམས་ཅད་དབྱིངས་སུ་ཐིམ། །ཡན་ལག་བུ་ཡི་མཚན་ཉིད་མ་ལ་ཐིམ། །ཟེར་གྱི་སྣང་ཚུལ་སྙིང་པོའི་ཀློང་དུ་ཐིམ། །ཡིད་ཀྱི་དྲན་སེམས་རིལ་པོ་དབྱིངས་སུ་ཐིམ། །མིང་ཚིག་བརྟག…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      གཅིག་པས་རང་གདངས་ཆེན་པོའོ། །སྐུ་ལྔ་བདེ་བ་ཆེ་བས་མཁའ་གསལ་དང་ཉིད་སྐུ། །སྐུ་ལྔ་འགྱུར་མེད་དབྱིངས་ཐིམ་པས། །དབྱེར་མེད་གཏིང་གསལ་ངོ་བོ་ཉིད་ཀྱི་སྐུ། །རང་སེམས་ཆོས་སྐུའི་འབྲས་བུ་ཡིན། །ཐོག་མ་མེད་པའི་དུས་མཐའ་ནས། །རང་ལ་རང་ཆས་ཡོད་རྟོགས་པས། །སྐུ་ལྔ་རྒྱལ་བའི་ཞིང་ཁམས་སོ། །འབྲས་བུའི་མཆོག་ཏུ་རྒྱལ་བས་གསུངས། །ཞེས་གསུངས་སོ།…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      དེ་གསལ་དྭངས་ཆེན་པོ་ཡིན། །ཡུལ་སེམས་དབྱེ་བསལ་མེད་དེ་གསལ་དྭངས་ཆེན་པོ་ཡིན། །ཡིད་ལ་མ་བསམས་གསལ་དྭངས་ཆེན་པོ་ཡིན། །སེམས་ཀྱིས་མ་ཕྱེ་གསལ་དྭངས་ཆེན་པོ་ཡིན། །བློ་ཡིས་མ་བཅོས་གསལ་དྭངས་ཆེན་པོ་ཡིན། །རྟོག་པས་མ་བསླད་གསལ་དྭངས་ཆེན་པོ་ཡིན། །མ་ཕྱེ་མ་བཀོལ་གསལ་དྭངས་ཆེན་པོ་ཡིན། །མི་ལེན་མི་འདོར་གསལ་དྭངས་ཆེན་པོ་ཡིན། །མི་སྤང་མི…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མ་རིག་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན། །ཡེ་ཤེས་འགྱུར་བ་མེད་པས་རང་སངས་ཆེན་པོ་ཡིན། །དུག་གསུམ་ཐུབ་པ་མེད་པས་རང་སངས་ཆེན་པོ་ཡིན། །སྐུ་གསུམ་འཕོ་འགྱུར་མེད་པས་རང་སངས་ཆེན་པོ་ཡིན། །དུག་ལྔ་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན། །ཡེ་ཤེས་ལྔ་ལ་འདུ་འབྲལ་མེད་པས་རང་སངས་ཆེན་པོ་ཡིན། །འཁོར་བ་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན། །…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཀྱིས་མ་བརྟགས་སོ། །ཡེ་ཇི་བཞིན་པའི་ངང་ཉིད་དོ། །མ་བསླད་པ་ཡི་ཆོས་ཉིད་ཡིན། །མ་བཅོས་པ་ཡི་སེམས་ཉིད་ཡིན། །གདལ་བ་ཆེན་པོའི་གནས་ཉིད་ན། །འགྱུར་བ་མེད་པའི་ཆོས་སྐུ་བཞུགས། །མ་ཡེངས་བྱ་བཏང་ས་མཱ་ཏི། །ཁོ་ན་ཉིད་ལ་འགྱུར་བ་མེད། །དབྱིངས་ཀྱི་སྟོང་ར་ཆེན་མོ་རུ། །འཕོ་འགྱུར་ཐམས་ཅད་བྲལ་བའི་སྐུ། །སྨྲ་བརྗོད་ཐམས་ཅད་བྲལ་བའི་དག །ཡིད་…