Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 65 of 500
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
ལས་ཀྱི་རྩུབ་རླུང་གིས། །རྣམ་པར་མ་གྱུར་རང་བཅས་ཉིད་མ་རིག །གནས་ལུགས་རང་ངོ་མ་ཤེས་པས། །མ་རིག་ཞེས་བྱའི་འཁྲུལ་འཁོར་བྱུང་། །ང་ཡིས་གནས་ལུགས་རིག་སྙམ་པའི། །ཤེས་པ་དེ་ཉིད་འཁྲུལ་པར་སོང་། །མིང་མེད་མིང་དུ་སོང་བ་འདྲ། །རིག་པས་ཡུལ་བཅད་གཉིས་འཛིན་ཞུགས། །རང་གཅིག་བྱུང་ན་གཞན་ཡོད་འདྲ། །གཞི་ལས་མ་གྲུབ་གློ་བུར་འཁྲུལ། །ནམ་མཁའ་སྤ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
འདོགས་ལོག་པའི་ལམ་ལ་སྤྱོད། །ཆད་པར་བལྟ་བའི་མུ་སྟེགས་པ། །རང་བཞིན་ཁ་དོག་དབྱིབས་མེད་ལ། །རྒྱུ་འབྲས་རྟེན་མེད་སྟོང་པར་མཐོང་། །སྐུར་འདེབས་འཁྲུལ་པའི་ལས་ལ་སྤྱོད། །ནང་པ་ཐེག་པ་ཆུང་ངུ་ཡི། །ཉན་ཐོས་སྣང་བ་ཕྲ་རགས་ཡུལ། །གང་ཟག་བདག་མེད་པར་རྟོགས་ཀྱང་། །ཆོས་ཀྱི་བདག་མེད་མ་རྟོགས་འཁྲུལ། །དམན་པའི་དཀའ་ཐུབ་མཚན་མར་སྤྱོད། །རང་རྒྱ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། ཐེག་པའི་གྲུབ་མཐའ་བཟུང་བས་གོལ་བར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཀུན་རིག་ཁྱེའུ་ཆུང་གིས། །གསང་བདག་སྟོན་པ་ལ་ཞུས་པ། །བློས་བཏགས་ཐེག་པ་ཀུན་གོལ་ན། །བཅུ་རྩེའི་འཁྲུལ་པ་ཇི་ལྟར་བཅད། །ཅེས་ཞུས་པ་དང་། གསང་བདག་སྟོན་པས་བཀའ་སྩལ་པ། །ང་ཡི་སེམས་ཉ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
མཁའ་ལ་ཉི་མ་ཤར་བ་འདྲ། །མཚན་མའི་དངོས་པོ་སྣ་ཚོགས་འདི། །ཆོས་ཉིད་སྐྱེ་མེད་རང་སྣང་བས། །མཐོང་ཡུལ་དམིགས་པའི་ངོས་གཟུང་མེད། །བར་སྣང་དག་པའི་སེར་བུ་འདྲ། །གཉིས་སྣང་མེད་པའི་ཆོས་ཉིད་འདི། །བཙལ་མེད་ངང་བཞག་རང་སོ་བས། །བྱ་བཙལ་སྤྲོས་པའི་སྣང་བ་མེད། །འབྱེད་མེད་མུན་པའི་སྨག་དང་འདྲ། །སེམས་ཉིད་རྣམ་དག་ཡེ་ཤེས་འདི། །མ་བཅོས་སོར་བ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
དགེ་སྡིག་ལས་ཀྱི་མཐའ་ལས་གྲོལ། །མཁའ་ལ་མདུད་པ་བོར་བ་འདྲ། །བཙལ་མེད་ཤུགས་འབྱུང་ཐུགས་རྗེ་འདི། །འགག་པ་མེད་པར་རང་འཆར་བས། །རྩོལ་བའི་ཕྲིན་ལས་སྤྱད་དུ་མེད། །ནམ་མཁའི་ངང་ནས་ཆོ་འཕྲུལ་འདྲ། །ཡང་དག་ངེས་དོན་གནས་ལུགས་ལ། །འདྲ་བཞི་ཕྱོགས་མཐུན་དང་པོ་ཡི། །རང་ངོར་དཔེ་ཡིས་མཚོན་ཚུལ་འདས། །ང་ཡི་དགུ་རྩེ་སྤྱི་ཏི་འདིར། །སྤྲོས་པ་རང་…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
རིག་མ་ཤེས་ན། །སྲིད་པའི་མཚོ་ལས་སྒྲོལ་མི་ནུས། །དོན་མེད་བསྒོམ་མེད་གཞིར་འཇོག་པ། །རང་རྒྱུད་ཐ་མལ་ལས་མི་འཕགས། །ཏིང་འཛིན་བསམ་གཏན་ལམ་འཛིན་པ། །གྲོལ་འདོད་ཆོས་ཀྱིས་རང་ཉིད་འཆིངས། །ཐོག་མཐའི་རྩིས་གདབ་མ་གྲོལ་ན། །ཆོས་ཉིད་འགྱུར་བའི་སྐྱོན་དུ་གོལ། །འཁོར་འདས་ཀ་ནས་མ་དག་ན། །སྣང་བ་ངེས་པ་མེད་པར་འགྱུར། །གདེང་དུ་མ་གྱུར་ཐེ་ཚོམ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
པོའི་ཁྱེར་ལུགས་མི་ཤེས་པས། །བྲ་བྱི་ཚང་སྒོ་སྟོང་པ་འདྲ། །ཐ་མ་ཐིམ་ས་མ་ཤེས་ན། །དོན་ལ་ངེས་ཤེས་མི་ཐོབ་སྟེ། །ཁ་དྲག་ལམ་དུ་ཕྱིན་པ་འདྲ། །དེས་ན་དང་པོ་བྱུང་ས་ནི། །ཆོས་དབྱིངས་བརྡལ་བ་ཆེན་པོ་ཡི། །རིན་ཆེན་འོད་འབར་གཞལ་ཡས་ཁང་། །སྐྱེ་མེད་ཀ་དག་ཉིད་དུ་བྱུང་། །བར་དུ་གནས་ས་བསྟན་པ་ནི། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །རྩ་བརྒྱད་དྭང…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
ཅད་སྤྲོས་བཅད་ལ། །རང་དག་རང་གྲོལ་དབྱེ་བསལ་མེད། །གང་སྣང་ཆགས་འཛིན་དགག་བསྒྲུབ་བྲལ། །གཉིས་མེད་སྤྲུལ་པའི་སྐུ་དང་ཕྲད། །རེ་མེད་རང་གནས་དོན་མཐོང་ནས། །བྱ་རྩོལ་རེ་དོགས་མཐའ་ལས་གྲོལ། །ཐ་མ་ཐིམ་ས་བསྟན་པ་ནི། །ཆོས་འདས་དངོས་མེད་ཟང་ཀའི་ངང་། །ཡུལ་མེད་མཁའ་གསལ་ཆེན་པོའི་ཀློང་། །གཞི་འདས་སྐྱེ་མེད་ཀུན་མཁྱེན་ཐུགས། །མཚོན་འདས་བསམ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
པ་ཕྱོགས་མེད་མཐའ་གྲོལ་ལ། །ཡངས་དོག་རྒྱ་ཆད་མེད་པར་བཞག །ཀུན་གཞི་མཁའ་ལྟར་དག་པ་ལ། །ཡིད་གཉིས་འགྱུ་སྟོང་རྗེས་མེད་བཞག །སྣང་ཡུལ་མེ་ལོང་ལྟར་གསལ་ལ། །རྐྱེན་སྣང་སྐྱེ་མེད་རང་གྲོལ་བཞག །གནས་ལུགས་འདུ་འབྲལ་གནས་མེད་པས། །གང་ནས་བཙལ་མེད་ངང་དུ་བཞག །སྒྲིབ་གཉིས་ཡེ་ནས་རང་དག་པས། །བླང་དོར་དབྱེ་བསལ་མེད་པར་བཞག །རང་བྱུང་ཡེ་ཤེས་རང་…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
ལ། །གོམས་འདྲིས་ཀ་དག་རྣམ་པར་བཞག །རྒྱུ་རྐྱེན་འཕེལ་འགྲིབ་མིང་མེད་ལ། །དགེ་སྡིག་བློ་ལས་གྲོལ་བར་བཞག །གཞག་བྱ་འཇོག་བྱ་མཚོན་པ་ཉིད། །མིང་འདོགས་མཐའ་ལས་འདས་པ་སྟེ། །མཐའ་ལྔའི་རྒྱ་ལས་གྲོལ་བའོ། །ཞེས་གསུངས་སོ། །རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། བཞག་ཏུ་མེད་པའི་བཞག་ཐབས་མཚོན་པའ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
རྩ་རང་འཛིན་རྩད་ནས་བཅད། །སྡོང་པོ་རྩད་ནས་བཅད་པ་འདྲ། །སེམས་ནི་རྣམ་ཤེས་ཚོགས་བརྒྱད་དེ། །འགག་མེད་ནམ་མཁའི་ཆོ་འཕྲུལ་འདྲ། །སེམས་ཉིད་སྨྲ་བསམ་ཡུལ་འདས་ཏེ། །སྐྱོན་བྲལ་ནམ་མཁའ་དག་པ་འདྲ། །མ་རིག་འཛིན་བྱེད་ཤེས་པ་སྟེ། །མཐོང་མེད་འཛིན་ཡོད་ལོང་བ་འདྲ། །ཡེ་ཤེས་གསལ་དག་ཟང་ཀ་སྟེ། །མཁའ་ལ་ཉི་མ་ཤར་བ་འདྲ། །སེམས་ནི་འཁོར་འདས་གཉིས་ཀ…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
ཅད་རྫོགས། །ཡོད་མེད་གཉིས་མིན་གཅིག་མེད་མིན། །མཐའ་བཞིའི་རྒྱ་ལས་རྣམ་པར་གྲོལ། །ཞེས་གསུངས་སོ། །རིན་པོ་ཆེ་བདུད་རྩི་བཅུད་ཐིགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྤྱིའི་གེགས་བསལ་ཞིང་ཤན་དབྱེ་ལ་བཟླ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཀུན་རིག་ཁྱེའུ་ཆུང་གིས། །གསང་བདག་སྟོན་པ་ལ་ཞུས་པ། །སེམས་ཉིད་བླ་མེད་…
DNG002
· རྩོམ་མཁན།
རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ཅེས་བྱ་བ།
བདག་འཛིན་རྩད་ནས་གཅོད་པར་འདུས། །གཅོད་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། །བསྡུས་ན་ཐེག་པ་རིམ་དགུར་འདུས། །རིམ་དགུའི་འདོད་པ་རྣམ་མང་ཡང་། །ཡང་རྩེ་རྫོགས་པ་ཆེན་པོར་འདུས། །ཆོས་སྐུའི་བསྟན་པ་རྫོགས་ཆེན་རྣམས། །སྡེ་གསུམ་ནང་དུ་འདུས་པར་བསྟན། །སེམས་སྡེ་ཀློང་སྡེ་མན་ངག་སྡེ། །དེ་ཡང་རྫོགས་ཆེན་སེམས་སྡེ་ནི། །གཞི་ཉིད་མདུང་སྒྱུར་ཆེན་…
DNG002
· རྩོམ་མཁན།
རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།
རྒྱ་གར་སྐད་དུ། རཏྣ་དཱི་པ་ཀརྟ་རཱི་ཛྭ་ལ་སརྦ་བྷྲ་མ་མཱུ་ལ་ཙྪེ་ད་ཨཱ་ཀཱ་ཤ་ས་མ་ཏནྟྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་
DNG002
· རྩོམ་མཁན།
རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།
རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ། མཚོན་མེད་བརྗོད་འདས་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། འོག་མིན་གྱི་གནས་ཆོས་ཉིད་ཀྱི་ཀློང་། ཀུན་གཞིའི་མཁའ་དབྱིངས་ཡངས་པ་སེམས་ཀྱི་གཞལ་ཡས་ཁང་དབྱིངས་རྣམ་པར་དག་པའི་གནས། རིན་པོ་ཆེ་སྣ་ཚོགས་གཅིག་ཏུ་འདུས་པའི་འོད་ཁང་ཞེས་བྱ་བ་ན།…
DNG002
· རྩོམ་མཁན།
རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།
དང་། །མ་རྟོགས་སེམས་ཅན་ཇི་ལྟར་འཁྲུལ་ཚུལ་དང་། །འཁྲུལ་སྣང་རྩད་ནས་བཅད་པའི་བཅད་ལུགས་དང་། །ཆོད་ནས་འབྲས་བུ་ཐོབ་པའི་ཐོབ་ལུགས་དང་། །ཐོབ་ནས་མི་འགྱུར་གདེང་གིས་ཟིན་ལུགས་དང་། །འཁྲུལ་པ་བསལ་ཞིང་ལྡོག་པའི་གདམས་ངག་དང་། །སངས་རྒྱས་རྣམས་ལ་ཡོན་ཏན་ཇི་ལྟ་བུ། །སེམས་ཅན་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས། །ཡེ་ཐོག་སངས་རྒྱས་རྣམས་ཀྱིས་…
DNG002
· རྩོམ་མཁན།
རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།
མ་ཡེངས་གུས་པར་ལྡན་པས་ཉོན། །ཨ་པ་དྷ་ཨི་ཨ་པི་ཐིཾ་ཨ། དངོས་པོ་གཤིས་ཀྱི་གནས་ལུགས་དེ། །མཚོན་བྱེད་ཡུལ་དུ་མི་འགྱུར་ཀྱང་། །རྟོག་པའི་ཤེས་རབ་གསལ་བ་ཡིས། །ཡེ་ཤེས་རིན་ཆེན་སྒྲོན་མེ་འདི། །གསུང་གིས་འགགས་མེད་གསལ་བ་ཡིས། །ཉི་ཟླ་བཞིན་དུ་གསལ་ཁྱབ་བཤད། །དཔེར་ན་མི་གཅིག་དོན་ཡོད་པས། །མ་བསྒྲུབ་དོན་དང་འཕྲད་མི་འགྱུར། །དེ་བཞིན་ཆོས…
DNG002
· རྩོམ་མཁན།
རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།
ནག་མེད་ཁ་དོག་མེད། །དེ་དག་ལ་སོགས་ཐམས་ཅད་ལ། །རིག་མེད་ཡིད་མེད་སེམས་པ་མེད། །དམིགས་མེད་གཏད་མེད་ཆགས་ཞེན་མེད། །སྨྲ་བསམ་བརྗོད་འདས་ངོ་བོ་དེ། །ཡིད་ལ་བྱར་མེད་རྩིས་གདབ་མེད། །བློ་ཡིས་བཅོས་མེད་སེམས་ལ་གཞག་ཏུ་མེད། །དེ་དག་ཀུན་གྱི་རང་བཞིན་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་ཡིན། །སངས་རྒྱས་སེམས་ཅན་བཏགས་པ་མེད། །བསྟན་བྱ་སྟོན…
DNG002
· རྩོམ་མཁན།
རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།
ཐེབས། །སྙིང་པོ་ཀློང་ནས་ཤར་བ་ཡིན། །ཀུན་ཏུ་བཟང་པོ་ཡེ་སངས་རྒྱས། །རྒྱུ་རྐྱེན་རྩོལ་བསྒྲུབ་མ་བྱས་པར། །ཤུགས་འབྱུང་ཐོག་མ་ཡེ་སངས་རྒྱས། །དཔེར་ན་རིན་ཆེན་གསེར་བཞིན་དུ། །ཀུན་ཏུ་འགྱུར་བ་མེད་པར་གནས། །དེ་ལྟར་འབྱུང་བ་བཞི་ཡིས་ནི། །འབྱུང་བ་མ་ལ་ཞ་བ་དང་། །ཡེ་ཤེས་མཁའ་ལ་ཐིམ་པ་དང་། །ཆོས་ཉིད་མ་དང་འཕྲད་པ་དང་། །སྐྱེ་མེད་རང་ས་…
DNG002
· རྩོམ་མཁན།
རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ།
གནས་གཞི་རུ་རང་བཞིན་གནས། །དེ་ཉིད་ཐོག་མའི་གཞི་རུ་གྱུར། །དེ་ཉིད་ཅང་མེད་གཞི་རུ་གྱུར། །ཅང་མེད་པ་ཡི་གཞི་དེ་ལས། །དེ་ཉིད་མིང་མེད་གཞི་རུ་གྱུར། །མིང་མེད་རང་བཞིན་མ་ཤེས་པས། །འབྱེད་པ་མེད་པའི་གཞི་རུ་གྱུར། །དེ་ཉིད་གཡོ་བའི་གཞི་རུ་འཁྲུལ། །གཡོ་བའི་རང་བཞིན་ཀུན་ལ་གནས། །དེ་ཉིད་ཁྱབ་པའི་གཞི་རུ་འཁྲུལ། །དེ་ལས་གཞི་ཡི་འདེགས་བ…